[001A]༄༅། །ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་མྱོང་ཁྲིད་དུ་སྩལ་སྐབས་ཀྱི་ཟིན་བྲིས་གྲུབ་གཉིས་འདོད་པ་འཇོ་བའི་དཔག་བསམ་ཡོངས་འདུའི་སྙེ་མ་ཞེས་བྱ་བ་བཞུགས་སོ།། [001B] །རྗེ་བཙུན་བླ་མ་བཀའ་དྲིན་མཚུངས་པ་མེད་པའི་ཞལ་ནས་འདི་སྐད་དུ། རྒྱལ་སྲས་ཆེན་པོ་པོ་ཏོ་བའི་གསུང་ལས། རྣལ་གྲོལ་བསྒྲུབ་པ་ལ་བླ་མ་ལས་གལ་ཆེ་བ་མེད་དེ། ཚེ་འདིའི་བྱ་བ་བལྟས་ནས་བྱས་ པས་ཆོག་བ་ལའང་སློབ་མཁན་མེད་པར་མི་འོང་ན་ངན་སོང་ནས་འོངས་མ་ཐག་པ་འགྲོ་མ་མྱོང་བའི་སར་འགྲོ་བ་ལ་བླ་མ་མེད་པར་ག་ན་འོང། གསུངས་པ་ལྟར་རང་ཅག་ཆོས་བྱེད་པ་ལ་བླ་མ་མ་བསྟེན་པར་འོང་ཐབས་མེད་དེ། ཉི་མ་གཅིག་གི་ལམ་དུ་ འོང་བ་དང་ཚེ་འདིའི་བྱ་བ་ཆུང་དུ་རེ་ལའང་སྟོན་མཁན་དང་སློབ་མཁན་མེད་པར་མི་ཤེས་ན། ཐོག་མ་མེད་པ་ནས་འཁོར་བར་གཏན་འཁྱམས་བྱས་པས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་བགྲོད་ཚུལ་གནས་ཤེས་ཏེ་མི་ཤེས་པས་ བླ་མ་ཞིག་ངེས་པར་བསྟེན་དགོས། བསྟེན་བྱའི་བླ་མ་དེའང་གང་བྱུང་གིས་མི་ཆོག་པར་ལམ་རིམ་ཆེ་ཆུང་སོགས་ལས་གསུངས་པའི་མཚན་ཉིད་དང་ལྡན་པ། སློབ་མ་ལམ་ཡོངས་རྫོགས་ལ་ཁྲིད་ཐུབ་པ་ཞིག་བྱུང་ན་སཱཙྪ་བརྐོས་ཕོར་ནས་ [002A] །བཏོན་པ་ལྟར་སློབ་མ་དེ་ཡང་ལམ་ཡོངས་རྫོགས་རྒྱུད་ལ་སྐྱེ་བའི་སྐལ་ལྡན་ཞིག་འོང་བ་ཡིན་དེས་ན་ལམ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་མཚན་ལྡན་ཞིག་ཚུལ་བཞིན་བསྟེན་པ་གལ་ཆེ་བས་དེ་བསྟེན་པའི་ཚུལ་ལ་ བཞི༑ བཤེས་གཉེན་བསྟེན་པའི་ཕན་ཡོན། མ་བསྟེན་པ་དང་བསྟེན་ཚུལ་ལོག་པའི་ཉེས་དམིགས། བསམ་པས་བསྟེན་ཚུལ། སྦྱོར་བས་བསྟེན་ཚུལ་ལོ། །དང་པོ་བཤེས་གཉེན་བསྟེན་པའི་ཕན་ཡོན་ལ་བརྒྱད། སངས་རྒྱས་ཀྱི་གོ་ འཕང་ལ་ཉེ་བ། རྒྱལ་བ་རྣམས་དགྱེས་པར་འགྱུར་བ། བདུད་དང་སྡིག་གྲོགས་ཀྱིས་མི་ཚུགས་པ། ཉོན་མོངས་དང་ཉེས་སྤྱོད་ཐམས་ཅད་རང་ཤུགས་ཀྱིས་འགག་པ། ས་ལམ་ཉམས་རྟོགས་ཐམས་ཅད་གོང་འཕེལ་དུ་འགྱུར་བ། ཚེ་ རབས་ཐམས་ཅད་དུ་དགེ་བའི་བཤེས་གཉེན་གྱིས་མི་ཕོངས་པ། ངན་སོང་དུ་མི་ལྟུང་བ། གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འབད་མེད་དུ་འགྲུབ་པའོ། །དང་པོ་ལ་གཉིས། བླ་མས་གདམས་པ་བསྟན་པ་རང་གིས་ཉམས་ [002B] བླ་མ་མཆོད་ཅིང་བསྙེན་བཀུར་བས་ཀྱང་སངས་རྒྱས་ཀྱི་གོ་འཕང་ལ་ཉེ་བའོ། །དང་པོ་ནི། ཆོས་བྱེད་པ་ལ་ཐོག་མར་ཆོས་སྟོན་མཁན་གྱི་བླ་མ་བསྟེན་བ་ཤིན་ཏུ་གལ་ཆེ་སྟེ། བདུད་རྩིའི་སྙིང་པོ་ ལས༑ གྲངས་མེད་བསྐལ་པ་རྒྱ་མཚོར་བརྩོན་པ་བརྒྱས། །བསྒྲུབས་ཀྱང་ཤིན་ཏུ་རྙེད་དཀའ་ཟུང་འཇུག་ཆེ། །བླ་མའི་མཐུ་ལ་བརྟེན་ན་སྙིགས་དུས་ཀྱི། །ཚེ་ཐུང་གཅིག་ལ་བདེ་བླག་འགྲུབ་པར་གསུངས། །ཞེས་གསུངས་པ་ལྟར་ལམ་གཞན་ཕར་ཕྱིན་ ཐེག་པའི་སྐབས་སུ་བསྐལ་པ་གྲངས་མེད་མང་པོར་བསྒྲུབ་དགོས་པའི་སངས་རྒྱས་ཀྱི་གོ་འཕང་དེ་སྔགས་བླ་མེད་ལ་བརྟེན་ནས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཐོབ་པའང་བླ་མ་བསྟེན་ཚུལ་ཚུལ་བཞིན་དུ་བྱས་པའི་བཀའ་དྲིན་ནམ་འབྲས་བུ་མིན། སྔགས་ བླ་མེད་ལ་བརྟེན་ཀྱང་བཤེས་གཉེན་བསྟེན་ཚུལ་འདི་ཚུལ་བཞིན་མ་བྱས་ན་རྡོ་རྗེའི་དམྱལ་བར་འགྲོ་བ་ལས་རྡོ་རྗེ་འཆང་གི་གོ་འཕང་འཐོབ་རྒྱུའི་རེ་བ་མེད། སྔར་དྲངས་པའི་བདུད་རྩིའི་སྙིང་པོའི་ཡུང་གི་ཁུངས་ཀྱང་རྒྱུད་ལས། གང་གི་དྲིན་གྱིས་བདེ་ཆེན་ གནས། །སྐད་ཅིག་གིས་ནི་ཐོབ་འགྱུར་བ། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང། བླ་མཆོད་ལས། གང་གི་ཐུགས་རྗེས་བདེ་བ་ཆེན་པོའི་དབྱིངས། །སྐུ་གསུམ་གོ་འཕང་མཆོག་ཀྱང་སྐད་ཅིག་ལ། །སྩོལ་མཛད་བླ་མ་རིན་ ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པདྨོར་ཕྱག་འཚལ་ལོ། །ཞེས་བླ་མ་གང་གི་ཐུགས་རྗེའམ་བཀའ་དྲིན་ལ་བརྟེན་ན་བསྐལ་པ་གྲངས་མེད་གསུམ་དུ་བསྒྲུབ་དགོས་པའི་བདེ་བ་ཆེན་པོའི་དབྱིངས་སམ་གནས་མཐར་ཐུག་པ་སྐུ་གསུམ་གྱི་གོ་འཕང་ [003A]༄༅། །མཆོག་ཀྱང་དུས་སྐད་ཅིག་མ་སྟེ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་བདེ་བླག་ཏུ་སྩོལ་བར་མཛད་པ་ཡིན། འདིའི་སྐད་ཅིག་ནི་ཡར་ལྷ་དང། མར་དམྱལ་བ་པ་སོགས་འགྲོ་བ་གཞན་གྱི་ཚེ་ཚད་ལ་ལྟོས་ན་མིའི་ཚེ་ཐུང་འདི་སྐད་ ཅིག་མ་གཅིག་གི་ཚོད་ཙམ་སྟེ། དཔེར་ན་འཕགས་པ་ཐོགས་མེད་ལྷ་ཡུལ་དུ་དྲོ་སྐད་གཅིག་གི་ཡུན་ལས་མ་བཞུགས་ཀྱང་འཇིག་རྟེན་ནས་མིའི་ལོ་ལྔ་བཅུ་ཙམ་སོང་ཟིན་པ་ལྟར་དང། ཡང་གཅིག་ཏུ་ན་འཁོར་བའི་སྔ་མཐའ་དང་ཕྱི་མཐའ་ལ་ལྟོས་ནས་ཀྱང་ ཚེ་ཐུང་འདི་སྐད་ཅིག་ཙམ་ཡིན། རྗེ་མིད་ལ་སོགས་ཚེ་ཐུང་གཅིག་ལ་སངས་རྒྱས་པ་དེ་ཡང་སྤྱིར་སྔགས་བླ་མེད་ལ་བརྟེན་ནས་བྱུང་བ་ཡིན་མོད་ཀྱང། གཙོ་བོ་ནི་བླ་མ་མར་པ་སོགས་ལ་བཤེས་གཉེན་བསྟེན་ཚུལ་ཚུལ་བཞིན་དུ་མཛད་པ་ཁོ་ནས་བྱུང་བ་རེད་ ཁོང་གིས་མར་པའི་སྲས་མཁར་དགུ་བརྩེགས་བཞེངས་པ་སོགས་དཀའ་སྤྱད་ཚད་མེད་པས་བླ་མ་མར་པའི་བཀའ་བཞིན་བསྒྲུབ་ཅིང་བསྟེན་ཚུལ་གཞན་ལས་ལྷག་པ་མཛད་པས། མར་པའི་སློབ་མ་རྡོག་སྟོན་ཆོས་རྡོར་སོགས་ཉི་ཟླ་དང་རྒྱུ་སྐར་ལྟ་བུ་གྲངས་ མེད་པ་ཞིག་བྱུང་ཡང། མིད་ལ་ནི་དེ་ཐམས་ཅད་ལས་ཁྱད་དུ་འཕགས་པ་བྱུང་བ་ཡིན། དེས་ན་བླ་མ་ནི་རིན་པོ་ཆེ་དབང་གི་རྒྱལ་པོ་ལས་ཀྱང་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པ་དང། མན་ངག་སྣ་རེ་སྣ་གཉིས་སམ། སྐྱེས་བུ་གསུམ་གྱི་ལམ་རིམ་ ཇི་ཙམ་བསྟན་ནུས་པའི་བླ་མ་ཞིག་དང་ཕྲད་ཀྱང་སློབ་མ་དེ་དེའི་ཚོད་ཀྱིས་སངས་རྒྱས་ཀྱི་གོ་འཕང་ལ་ཉེ་ཞིང། ལམ་ཡོངས་རྫོགས་བསྟན་ནུས་པ་ཞིག་དང་ཕྲད་ན་ནི་འཚང་རྒྱ་པ་ལ་ཤིན་ཏུ་མྱུར་བ་ཡིན། དེར་མ་ཟད་བླ་མ་ཚུལ་བཞིན་དུ་བསྟེན་ན་ནི་སྔགས་ལ་ [003B] ཕར་ཕྱིན་ཐེག་ ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་ པ་ནི་ཐེག་ཆེན་ཚོགས་ལ་མཆེན་པོ་དང། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ས་བརྒྱད་པ་བ་ཡིན། དེ་ཡང་ཐེག་ཆེན་ཚོགས་ལམ་ནས་ས་དང་པོའི་བར་བསྐལ་ཆེན་གཅིག་དང། དེ་ནས་ས་བདུན་པའི་བར་བསྐལ་ཆེན་གཅིག་དེ་ནས་ས་བཅུ་པའི་བར་བསྐལ་ཆེན་གཅིག་སྟེ་བསྐལ་ པ་གྲངས་མེད་གསུམ་དུ་བསྒྲུབ་དགོས། བྱང་སེམས་རྟག་ཏུ་དུས་སངས་རྒྱས་མང་པོའི་ཞལ་གཟིགས་པས་ཀྱང་མ་ཚིམ་པར་རང་གི་བླ་མ་ཚོལ་བར་བྱོན་པ་ནི་གནད་ཆེན་པོ་ཡིན་ཏེ། རང་དང་ཡས་འབྲེལ་ཡོད་པའི་བླ་མ་དེད་མ་ཕྲད་ནས་སངས་རྒྱས་དངོས་མཇལ་ཡང་ཕན་ཐོགས་ཆེར་མི་ འབྱུང་པ་ཡིན། བླ་མ་དང་གཏན་ནས་མ་མཇལ་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དུས་མི་འབྱུང་ཞིང། བླ་མ་དང་མཇལ་ཏེ་དེས་ཆོས་གསུངས་པ་ཉམས་སུ་བླངས་ན་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འཐོབ་སྟེ། ཀླུ་སྒྲུབ་ཀྱིས་རིམ་ལྔའི་རིམ་པ་དང་པོ་ལས། རི་དབང་རྩེ་ ནས་འགའ་ཞིག་ལྷུང་གྱུར་ན། །ལྟུང་བར་མི་བྱ་སྙམ་ཡང་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་དང། ཕ་དམ་པས། བླ་མས་བསྐྱལ་ན་གང་འདོད་གནས་སུ་སླེབས། །རྐང་གླར་མོས་གུས་ཕུལ་ཞིག་དིང་རི་བ།། [004A]༄༅། །ཞེས་དང། རྒྱལ་དབང་ལྔ་པ་ཆེན་པོས་ཀྱང། བླ་མ་མཚན་ཉིད་དང་ལྡན་པ་ཞིག་དང་སློབ་མ་སྣོད་དང་ལྡན་པ་ཞིག་འཕྲད་ན་སངས་རྒྱས་ལག་པས་བཟོས་པ་ལྟ་བུ་འོང་བར་གསུངས་པ་དང། སྡོང་པོ་བཀོད་པའི་མདོ་ལས་ཀྱང། དགེ་བའི་བཤེས་ གཉེན་གྱི་ཚིག་དང་མི་འགལ་བར་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཐམས་ཅད་མཁྱེན་པ་ཉེ་བར་འགྱུར་རོ། །ཞེས་གསུངས། ༈ གདམས་པ་སྟོན་པ་ཙམ་དུ་མ་ཟད། བླ་མ་ནི་ མཆོད་ཅིང་བསྙེན་བཀུར་བས་ཀྱང་སངས་རྒྱས་ཀྱི་གོ་འཕང་ལ་ཉེ་བ་ཡིན་ཏེ། རང་ཉིད་འཚང་རྒྱ་བ་ལ་ཚོགས་རྒྱ་ཆེན་པོ་གསོག་དགོས། ཚོགས་གསོག་པའི་ཞིང་འགྲན་ཟླ་མེད་པ་ནི་བླ་མ་ཡིན་པས་ལམ་གཞན་དུ་བསྐལ་པ་མང་པོར་བསག་དགོས་པའི་ཚོགས་རླབས་པོ་ཆེ་ཡང་ བླ་མ་ལ་མཆོད་པས་སྐད་ཅིག་སྐད་ཅིག་ལ་རྫོགས་པ་ཡིན། དེ་ལ་ཚུལ་བཞིན་བརྟེན་ཅིང་མཆོད་ན་སངས་རྒྱས་སྟོང་ལ་མཆོད་པ་ཕུལ་བའི་དགེ་རྩ་སྔ་དྲོ་གཅིག་གིས་ཟིལ་གྱིས་གནོན་པ་སོགས་ཕན་ཡོན་མཐའ་ཡས་པ་འབྱུང་སྟེ། སཾ་བཧུ་ཊའི་རྒྱུད་ལས། གང་ཕྱིར་ཕྱོགས་ བཅུའི་སངས་རྒྱས་དང། །བྱང་ཆུབ་སེམས་དཔའི་བསོད་ནམས་པས། །སློབ་དཔོན་བ་སྤུའི་ཁུང་གཅིག་མཆོག་དེ་ཕྱིར་སློབ་དཔོན་མཆོད་བྱེད་པ། །སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། །ཞེས་དང། རིམ་ལྔ་ལས། མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མ་ ལ་མཆོད་ཡང་དག་རྩོམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་འཐོབ་པར་འགྱུར། །ཞེས་དང། རྒྱུད་ལས། དུས་གསུམ་སངས་རྒྱས་ཀུན་མཆོད་པས། །བླ་མའི་བ་སྤུ་གཅིག་མཆོད་ལྷག་ཅེས་དང། །བླ་མཆོད་ལས། དུས་གསུམ་ཕྱོགས་བཅུའི་རྒྱལ་བ་ [004B] །གང་གི་བ་སྤུའི་བུ་ག་གཅིག་ཙམ་ཡང། །བདག་ཅག་བསོད་ནམས་ཞིང་དུ་ལེགས་བསྔགས་པའི། །སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཞེས་དང། ཞིང་མཆོག་དམ་པ་རྗེ་བཙུན་བླ་མ་ལ། །ཞེས་གསུངས། དེ་ཡང་མཆོད་ཡུལ་ཕལ་ པ་ལས་ཕ་མ་དང། དེ་ལས་ཉན་རང་སོགས་དགེ་སློང། དེ་ལས་བྱང་སེམས། དེ་ལས་སངས་རྒྱས་དང། སངས་རྒྱས་ཐམས་ཅད་ལ་མཆོད་པ་བས་བླ་མའི་བ་སྤུའི་ཕུང་བུ་གཅིག་མཆོད་པ་ཕན་ཡོན་ཆེ། བ་སྤུའི་ཁུང་བུ་ནི་བླ་མའི་སྤུན་དང། ཉེ་གནས། བཞོན་པ་ གཟིམ་ཁྱི་སོགས་ཡིན་ཏེ། རྗེ་འགྲོ་བའི་མགོན་པོའི་ཞལ་ནས། བླ་མའི་པ་སྤུའི་བུ་ག་བྱ་བ་བླ་མའི་ཡུལ་པའམ། འཁོར་རམ། ཆིབས་སམ། ཐ་ན་བླ་མའི་ཁྱི་ལྟ་བུ་ལ་ཡང༑ བླ་མ་དྲན་ནས་ཕན་འདོགས་པ་ལ་ཟེར་གསུངས། དོན་འདི་ལ་དགོངས་ནས་དགེ་ བཤེས་སྟོད་ལུང་པས་ཕོར་པའི་ནང་གི་མར་ཕུ་ཚུན་ཆད་བསགས་ནས་ཁོང་རང་གི་རྩ་བའི་བླ་མ་སྤྱན་སྔ་བ་ལོར་བཞུགས་པའི་ལོ་པའི་ཁྱི་ལ་བསྐྱེལ་བར་བཏང་ནས། ངས་སྟོད་ལུང་པའི་བན་དེ་ལ་ཆོས་སྟོན་དྲངས་པ་ལས། ཡོ་པའི་ཁྱི་ལ་ཟན་བྱིན་པ་བསོད་ནམས་ ཆེ་གསུངས་པ་དང། མདོར་ན་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་ཕུལ་བ་ལས་རང་གི་དཔེ་ཆའི་དགེ་རྒན་ལྟ་བུ་ལམ་མཐའ་ཆུ་ཆུ་བེན་གང་ཙམ་ཕུལ་བ་བསོད་ནམས་ཆེ་བ་འཐོབ་པ་ཡིན། བླ་མ་མ་མཆོད་ན་སངས་རྒྱས་ལ་མཆོད་པ་ཕུལ་ཡང་མཆོད་པ་ བཞེས་པའི་ངེས་པ་མེད། བླ་མ་ལ་མཆོད་པས་ནི་སངས་རྒྱས་ཐམས་ཅད་ལའང་འབུལ་བཞེས་གཉིས་ཀའི་ཕན་ཡོན་འབྱུང་ཞིང་ཚོགས་རྫོགས་ཚབས་ཆེ་སྟེ། རྗེས་པཎ་གྱིས། བསྐལ་པ་སྟོང་དུ་ཕ་རོལ་ཕྱིན་པའི་ཚུལ། །མགོ་དང་རྐང་ལག་བདོག་པ་གཏོང་བའི་ [005A]༄༅། །ཆོགས། །བླ་མའི་ཡམ་འདིས་སྐད་ཅིག་གཅིག་ལ་སྡུད། །རིམ་གྲོ་བྱོས་ལ་དགའ་བ་སྒོམས་ཤིག་ཨང། །ཞེས་གསུངས། ༈ རང་གི་བླ་མའམ་དགེ་རྒན་ལྟ་བུའི་དགེ་ བའི་བཤེས་གཉེན་དེ་ཚུལ་བཞིན་མ་བསྟེན་པར་སངས་རྒྱས་ལ་སྟེང་མཆོད་ཁྲི་མཆོད་ཕུལ་ཡང་མི་དགྱེས། བླ་མ་དེ་ཚུལ་བཞིན་བསྟེན་ནས་མཆོད་པ་ཕུལ་ན་རྒྱལ་བ་ཀུན་དགྱེས་པར་འགྱུར་བ་ཡིན་ཏེ། བླ་མ་ནི་སངས་རྒྱས་ཐམས་ཅད་ཀྱིས་རང་འདུལ་བའི་ཕྱིར་ དུ་སྤྲུལ་པའི་འཕྲིན་ལས་ཀྱི་རང་གཟུགས་ཡིན་པས་དེ་ཚུལ་བཞིན་དུ་བསྟེན་ན་སངས་རྒྱས་ཐམས་ཅད་ཀྱང་ཐུགས་དགྱེས་པ་ནི། སྡོང་བཀོད་ལས། དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བསྟན་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ བཅོམ་ལྡན་འདས་རྣམས་ཐུགས་མཉེས་པར་འགྱུར་རོ། །ཞེས་དང། བདུད་རྩིའི་སྙིང་པོ་ལས། བཤེས་གཉེན་དམ་པ་ཚུལ་བཞིན་བསྟེན་བྱས་ཚེ། །འདི་ནི་མྱུར་དུ་སྲིད་ལས་གྲོལ་འགྱུར་ཞེས། །བུ་ལ་ཕན་པ་སྒྲུབ་པ་མས་མཐོང་བཞིན། །རྒྱལ་བ་མ་ལུས་ ཐུགས་ཡིད་གཏིང་ནས་དགྱེས། །ཞེས་གསུངས། འདི་རྒྱལ་བ་དགྱེས་པའི་རྒྱུ་གཅིག་ཡིན། དེ་ཡང་དཔེར་ན་བླ་མ་ནི་གདན་སའི་འཐུས་མི་ལྟ་བུ་ཡིན་པས་འཐུས་མི་ཡུལ་ཐག་རིང་གཞན་དུ་སོང་བ་ན་དེའི་ཡུལ་མིས་གདན་སའི་འཐུས་མི་ལ་ལེགས་པ་བྱས་ན་གདན་ ས་བ་རྣམས་རང་ཤུགས་ཀྱིས་མཉེས་པ་བཞིན་དང། རང་གི་བུ་ལ་གཞན་གྱིས་བྱམས་པར་བྱས་ན་ཕམ་དེ་མཆོག་ཏུ་དགའ་བར་འགྱུར་བ་བཞིན་དུ། བླ་མ་ཚུལ་བཞིན་དུ་བསྟེན་ན་སངས་རྒྱས་ཐམས་ཅད་ཐུགས་རང་ཤུགས་ཀྱིས་དགྱེས་པ་ཡིན། རྗེ་ངག་ [005B] རང་རྒྱུད་ནི་སྣམ་བུ་གཡང་ལ་ལྷུང་བ་ལྟ་བུ་དང། བླ་མ་ནི་དེ་ཡར་འདྲེན་བྱེད་ཀྱི་ལྕགས་ཀྱུ་དང་འདྲ་བར་གསུངས་པས་བླ་མ་མེད་ན་སངས་རྒྱས་ཀྱིས་རང་ཅག་འདྲེན་པའི་ཐབས་མེད། གཞན་ཡང་བཤེས་གཉེན་ ཚུལ་བཞིན་དུ་མ་བསྟེན་ན་རྒྱལ་བ་རྣམས་སྤྱན་དྲངས་ནས་བརྒྱ་མཆོད་སྟོང་མཆོད་ཕུལ་ནའང་ཕུལ་བའི་ཕན་ཡོན་ཙམ་ལས་དགྱེས་བཞིན་བཞེས་པའི་ཕན་ཡོན་མི་འབྱུང། རང་གི་བླ་མ་དེ་བསྟེན་ཚུལ་ཚུལ་བཞིན་དུ་བྱས་ནས་དེ་ལ་མཆོད་པ་ཕུལ་ན་ སངས་རྒྱས་ཐམས་ཅད་སྤྱན་འདྲེན་མི་དགོས་པར་ཡང་བྱོན་ཏེ་བླ་མའི་སྐུ་ལུས་ལ་དགྱེས་བཞིན་བཞུགས་ནས་མཆོད་པ་རྣམས་ལེགས་པར་བཞེས་པ་ཡིན། དེ་ལྟར་ཡང་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་འཇམ་དཔལ་ཞལ་ལུང་ལས་ འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་ཡིས་དེ་མཉེས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་དང། དེའི་དོན་བསྡུས་པ་བདུད་རྩིའི་སྙིང་པོ་ལས་ཀྱང། སློབ་མས་ བླ་མ་ཚུལ་བཞིན་བསྟེན་པའི་ཆེ། །རྒྱལ་རྣམས་སྤྱན་མ་དྲངས་ཀྱང་བླ་མའི་སྐུར། །དགྱེས་བཞིན་བཞུགས་ནས་མཆོད་ཚོགས་ཀུན་བཞེས་ཤིང། །དེ་ཡི་རྒྱུད་ཀྱང་བྱིན་གྱིས་བརླབས་པར་གསུངས། །ཞེས་གསུངས་པ་ལྟར་ཕན་ཡོན་ཆེ་སྟེ་དེ་ནི་འབུལ་ བཞེས་གཉིས་ཀའི་དབང་གིས་ཡིན་གསུངས། ལུང་འདིའི་དོན་ཡང་རྒྱལ་བ་དགྱེས་པའི་རྒྱུ་གཅིག་ཡིན། དེ་ཡང་ཆོས་ཁྲིའི་སྟེང་གི་བླ་མ་དང། རང་ཤག་ཀོམ་གདན་སྟེང་གི་དགེ་རྒན་གཉིས་ལ་ཁྱད་པར་མེད་དེ། བླ་མ་ཡིན་པ་དང་ཆོས་གསུངས་པ་གཉིས་ [006A]༄༅། །ཀ་འདྲ། བླ་མ་དེ་ཡང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་རང་འདྲེན་པའི་ཕྱིར་སྤྲུལ་པར་མཛད་པ་ཡིན་པས་དེ་ལ་ཇ་བཞེས་སྤྱད་གང་ཙམ་ཕུལ་ནའང་སངས་རྒྱས་ཐམས་ཅད་ལ་མང་ཇ་ཕུལ་བ་ལྟ་བུའི་ཕན་ཡོན་ཐོབ་པ་རེད། དེས་ན་རང་གི་ བླ་མ་ད་བསྟེན་ཚུལ་ཚུལ་བཞིན་བྱུང་ན་རྒྱལ་བ་རྣམས་ཀྱང་ཐུགས་རང་ཤུགས་ཀྱིས་དགྱེས་པ་ཡིན། དེ་ཚུལ་བཞིན་མ་བྱུང་ན་ཟུར་དུ་ཕྱག་མཆོད་ཇི་ཙམ་ཕུལ་ཡང་རང་རྒྱུད་ལ་ཉམས་རྟོགས་བཟང་པོ་གང་ཡང་མི་སྐྱེ་བས་རང་ལ་ཀ་ཁ་སློབ་པའི་དགེ་རྒན་ཚུན་ཆད་ལ་ བསྟེན་ཚུལ་ཚུལ་བཞིན་བྱེད་པ་གལ་ཆེ། ༈ ཕྱིའི་བདུད་རིགས་ཀྱིས་མི་ཚུགས་པ་དང། སྡིག་གྲོགས་དང་ནང་གི་ལས་ཉོན་གྱིས་མི་ཚུགས་པའོ། །དང་པོ་ནི། རང་གིས་བླ་མ་ཚུལ་བཞིན་བསྟེན་ ནས་མཆོད་པ་ཕུལ་ན་བསོད་ནམས་རྒྱ་ཆེན་བོ་སོགས་པའི་དབང་གིས་ཕྱིའི་བདུད་དགའ་རབ་དབང་ཕྱུག་སོགས་བདུད་ཀྱི་རིགས་ཀྱིས་མི་ཚུགས་པ་ཡིན་ཏེ། མདོ་རྒྱ་ཆེར་རོལ་པ་ལས། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་ མི་ཡིས་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །མྱ་ངན་འདས་བདེ་ཞི་བ་བསིལ་བའི་དངོས་པོའང་འཐོབ། །ཅེས་དང། མདོ་ལས། བསོད་ནམས་ལྡན་པའི་མི་དག་ལ། །ལྷའམ་བདུད་ཀྱི་རིགས་དག་གིས། །བར་ཆད་བྱ་བར་ མི་ནུས་སོ། །ཞེས་གསུངས་སོ། །གཉིས་པ་སྡིག་གྲོགས་དང་ནང་གི་བདུད་ལས་དང་ཉོན་མོངས་པས་ཀྱང་མི་ཚུགས་པ་ནི། བླ་མ་ཚུལ་བཞིན་དུ་བསྟེན་པ་དེ་ནི་སྡིག་པའི་གྲོགས་པོ་སོགས་ཀྱིས་ཀྱང་གཞན་ཕྱིན་ཅི་ལོག་ཏུ་འཁྲིད་པར་མི་ནུས་ཏེ། སྡོང་པོ་བཀོད་པའི་མདོ་ [006B] དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ལས་དང་ཉོན་མོངས་པས་ཐུབ་པར་དཀའ་བ་ཡིན་ནོ། །ཞེས་དང། བདུད་རྩིའི་སྙིང་པོ་ལས་ཀྱང། དེ་ཚེ་སངས་རྒྱས་ཀུན་གྱི་བྱིན་རླབས་དེ། །དད་པའི་སེམས་ཀྱི་ ཐུ་གར་ཞུགས་པའི་མཐུས། །བདུད་དང་ཉོན་མོངས་ཚོགས་ཀྱིས་མི་ཚུགས་ཤིང། །ཞེས་གསུངས། ༈ རང་གི་བླ་མ་དེ་ཚུལ་བཞིན་དུ་བསྟེན་ན་བསྟེན་པའི་ཕན་ཡོན་ དང། སྡོམ་པ། སྡོམ་མིན་སོགས་ཉོན་མོངས་དང་ཉེས་སྤྱོད་རྣམས་མཐོང་ནས་ངོ་ཤེས་ཏེ་ཉོན་མོངས་ཉེས་སྤྱོད་རྣམས་ལ་དགྲར་བལྟ་ཞིང། གཉེན་པོ་ཡང་ཤེས་ཤིང་བསྟེན་ནས་སྤྱོད་ངན་རྣམས་སྤོང་ཐུབ་པ་དཔེར་ན། དགེ་རྒན་བཟང་པོ་ཞིག་ གི་མདུན་དུ་སྡོང་རིང་ཆགས་སོགས་དང་ཆང་དང་ཤོ་སྦག་ལ་སོགས་པ་བག་མེད་པའི་སྤྱོད་ལམ་ངན་པ་དང། གླུ་གཞས་ཀྱི་ལད་མོ་ཚུན་གྱི་ཉེས་སྤྱོད་རང་ཤུགས་ཀྱིས་འགག་པ་ལྟ་བུ་ཡིན་ཏེ། བདུད་རྩིའི་སྙིང་པོ་ལས། དེ་ལ་རྟག་ཏུ་གུས་པས་ བརྟེན་བྱས་ན། །ཉོན་མོངས་ཉེས་སྤྱོད་ཐམས་ཅད་རང་ཤུགས་ཀྱིས། །འགག་ཅིང། ཞེས་དང། གོང་གི་སྡོང་བཀོད་ལུང་འདིར་ཡང་འབྲེལ་གསུངས། ༈ བཤེས་གཉེན་ ཚུལ་བཞིན་བསྟེན་ན་བསྒོམ་ཆེར་མ་བརྒྱབ་ཀྱང་རྟོགས་པ་རང་ཤུགས་ཀྱིས་ཐོལ་གྱིས་སྐྱེ་བ་འོང་སྟེ། ཇོ་བོའི་སློབ་མ་འབྲོམ་གྱིས་ལོ་ཙཱ་སོགས་ཕྱག་གཡོག་མཛད། ཨ་མེས་ཀྱིས་གསོལ་ཇའི་མ་ཆེན་མཛད། དགོན་ཕ་བས་ཟུར་དུ་བསྒོམ་མཛད་ [007A]༄༅། །ཅེང༑ ཇོ་བོ་ཡང་ཆོས་གནང་བར་ཕར་བེབས་པ་ཡིན། འབྲོམ་གྱིས་ཇོ་བོ་ཕྱིས་སྐུ་ན་བགྲེས་ཤིང་སྙུན་བཞེས་ཏེ་གཟིམ་ཆུང་དུ་མི་གཙང་བ་ཤོར་ཚུལ་གནང་བ་ཡང་གཙང་བཙོག་མེད་པར་ཕྱག་རང་གིས་བཞེས་ཏེ་ཕྱིར་འཕོ་ བར་བྱོན་སྐབས་ཏིང་ངེ་འཛིན་དུ་ཧྲིལ་གྱིས་སོང་ཞིང། དེ་ལས་ལྡང་མ་ཐག་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ཚུན་གྱི་སྲོག་ཆགས་གྲོག་སྤུར་ཡན་ཆད་ཀྱི་སེམས་ཀྱི་རྒྱུ་བའི་གཞན་སེམས་ཤེས་པའི་མངོན་ཤེས་ཝལ་གྱིས་འཁྲུངས་པ་དང། རྣལ་འབྱོར་ དབང་ཕྱུག་དཔལ་ལྡན་དགོན་པ་བས་ཨ་མེས་ནི་ཇོ་བོའི་ཕྱག་གཡོག་བྱས་ནས་བསྒོམ་ལོང་མ་བྱུང། འབྲོམ་གྱིས་ལོ་ཙཱ་དང་གསོལ་དཔོན་ལྟ་བུ་བྱས་ནས་བསྒོམ་ལོང་མ་བྱུང། བསྒོམ་རང་ཏ་ཨ་ཕོ་ང་རང་གིས་བརྒྱབ་ཡོད་པས་རྟོགས་པ་ང་རང་མཐོ་བ་ ཡོད་སྙམ་དུ་དགོངས་པ་ན། ཇེ་བོས་དེ་མཁྱེན་ནས་ཁོང་གསུམ་རྟོགས་པ་བསྡུར་གསུངས་ཏེ་རྟོགས་པ་བསྡུར་དུ་བཅུག་པས། རྣལ་འབྱོར་པས་འབྲོམ་ལ་ལྟ་ཅི། ཨ་མེས་ལའང་དོ་ཟླ་མ་བྱུང་བ་དང། སྤྱན་སྔ་བའི་སློབ་མ་བྱ་ཡུལ་བ་གཞོན་ནུ་འོད་ཁོང་ དང་པོར་སྟོད་ལུང་པའི་སློབ་མ་ཡིན། དེས་སྤྱན་སྔ་པ་ལ་ཕུལ། བྱ་ཡུལ་བ་ཁོང་ལས་ཀ་བཟང་པོ་ཡོད་པས་སྤྱན་སྔ་བ་ཐུགས་ཤིན་ཏུ་མཉེས། བཤེས་གཉེན་ཚུལ་བཞིན་བསྟེན་ཏེ་བླ་མའི་གསུང་ལྷང་བ་རེ་བྱོན་པ་ནའང། ཡི་གེ་ན་ཚུན་ཀྱང་འདྲི་འཕྲོ་དང་ མཎྜལ་གྱི་ལྕགས་རི་བསྒོར་འཕྲོ་ཚུན་ཆད་ཀྱང་བཞག་ནས་ཕེབས་ཏེ་ཞབས་ཏོག་ཚུལ་བཞིན་དུ་བསྒྲུབ་པ་ན་ཉིན་གཅིག་གད་སྙིགས་ཐུ་བར་བླུགས་ཏེ་ཕྱིར་གཤོ་སར་བྱོན་སྐབས་སྐས་ཀྱི་གདང་བུ་གསུམ་པར་ཞབས་བཞག་པ་དང་ཆོས་རྒྱུན་གྱི་ཏིང་ངེ་ [007B] ཡོན་ཏན་ཐམས་ཅད་ཐུགས་རྒྱུད་ལ་སྤུངས་པ་བཞིན་བྱུང་བ་དང། ས་པཎ་གྱིས་གྲགས་པ་རྒྱལ་མཚན་སྐུ་བསྙུང་བའི་དུས་ཉིན་མཚན་རྒྱུན་མ་ཆད་པར་གཉིད་དང་ཁ་ཟས་ཀྱི་འདུ་ཤེས་སྤངས་ ཏེ་སྙུན་གཡོག་ཞབས་ཏོག་ཚུལ་བཞིན་མཛད། རྗེས་སུ་གྲགས་པ་རྒྱལ་མཚན་གྱིས་ས་པཎ་ལ་བླ་མའི་རྣལ་འབྱོར་གནང་སྟེ་བསྒྲུབས་པས་བླ་མ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འཇམ་དཔལ་དབྱངས་དངོས་སུ་མཐོང། དེ་ནས་སྒྲ་ཚད་བཟོ་གསོ་འདུལ་མངོན་སོགས་ ལ་མཁས་པར་གྱུར། སྡེ་སྣོད་གསུམ་པོ་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཐོབ། ལྷ་འདྲེ་མི་གསུམ་གྱིས་བྱམས་ཤིང། རྒྱ་ནག་རྒྱལ་པོ་ལ་སོགས་པའི་དྲེགས་པ་ཅན་ཐམས་ཅད་ཀྱིས་ཆོས་ཞུ་བ་དང་གཙིགས་ཆེན་པོ་བྱེད་པ་བྱུང་བ་ཡིན། དེར་མ་ཟད་ སའི་སྙིང་པོའི་མདོ་ལས། དེས་སངས་རྒྱས་བྱེ་བ་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ་སྦྱིན་པའམ་མཆོད་པའམ་བསླབ་པ་བཟུང་བ་ལས་བྱུང་བ་རྣམས་སྔ་དྲོ་གཅིག་གིས་ཟིལ་གྱིས་གནོན་ཏོ། །ཞེས་གསུངས་པ་ལྟར་བླ་མ་ནི་སྔ་དྲོ་ཙམ་མཆོད་པས་ ཀྱང་སངས་རྒྱས་དཔག་ཏུ་མེད་པ་ལ་ཡོན་ཕུལ་བ། སྦྱིན་པ་གཏོང་བ། བསླབ་པ་བསྲུང་བ་སོགས་ལས་བྱུང་བའི་དགེ་རྩ་ཟིལ་གྱིས་ནོན་པ་དང། གཞན་ཡང་བླ་མ་དང་མཉམ་དུ་བསྡད་ནས་ཕྱག་གཡོག་ཚུལ་བཞིན་དུ་བསྒྲུབ་པས་ནི་བླ་མའི་རྣལ་འབྱོར་ གྱི་དམིགས་པ་གཞན་ནས་ཚོལ་མི་དགོས་ཏེ། བླ་མའི་སྐུ་བསྒོམ་མི་དགོས་པར་དགེ་རྒན་ལྟ་བུ་དངོས་སུ་བཞུགས་བཞུགས་པ་དེ་ཡིན། དེ་ལ་ཕྱག་མཆོད་སོགས་དང། མ་མཐའ་ཕྱག་ཁྲུས་ཤིག་ཕུལ་བའང་ཁྲུས་གསོལ་བ་ཡིན་པས་དེ་ག་བླ་མའི་རྣམ་ [008A]༄༅། །འབྱོར་ཡིན། དེའི་ངང་ནས་ས་ལམ་གྱི་རྟོགས་པ་ཡང་རང་ཤུགས་ཀྱིས་སྐད་ཅིག་སྐད་ཅིག་ལ་སྐྱེ་འོང་སྟེ། བདུད་རྩིའི་སྙིང་པོ་ལས། ས་ལམ་ཉམས་རྟོགས་མོད་ལ་སྐྱེ་ཞིང་འཕེལ། །ཞེས་དང། སྡོང་བཀོད་ཀྱི་མདོའི་དོན་ལམ་ རིམ་ཆེན་མོ་ལས་ཀྱང། བྱང་སེམས་ཀྱི་སྤྱོད་པ་དང་མི་འགལ་ཞིང་དེ་ལ་དྲན་པ་དང་ལྡན་པས་ཡོན་ཏན་གྱི་ཚོགས་ཀྱིས་ཇེ་མཐོ་ཇེ་མཐོར་འགྱུར་ཞིང། ཞེས་གསུངས། ༈ ཚེ་འདིར་དགེ་རྒན་ཡོན་ཏན་ཆུང་ཞིང་ཐུགས་གཏུམ་པའི་ཚུལ་ལྟ་བུ་ངན་ཧྲུལ་ཞིག་ལའང་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ན་དེའི་རྒྱུ་མཐུན་གྱི་འབྲས་བུས་ཚེ་རབས་ཐམས་ཅད་དུ་བྱམས་འཇམ་དབྱངས་ལྟ་བུའི་དགེ་བའི་བཤེས་གཉེན་དང་མཇལ་ བར་འགྱུར་ཞིང། པོ་ཏོ་བའི་བིའུ་བུམ་སྔོན་པོ་ལས་ཀྱང། དེ་བས་ཆོས་འབྲེལ་མ་བརྟགས་མང་མིན། །བརྟགས་ནས་བཟུངས་ལ་བླ་མར་གུས་བྱ། །མ་འོངས་བླ་མས་མི་ཕོངས་ཆོས་ཉིད། །ལས་རྣམས་ཆུད་མི་ཟ་བ་ཡིན་ཕྱིར། །ཞེས་དང། བདུད་རྩིའི་ སྙིང་པོ་ལས་ཀྱང། ཚེ་འདིར་བླ་མ་ཚུལ་བཞིན་མཉེས་བྱས་པའི། །རྒྱུ་མཐུན་འབྲས་བུས་ཚེ་རབས་ཐམས་ཅད་དུ། །དགེ་བའི་བཤེས་གཉེན་མཆོག་དང་མཇལ་འགྱུར་ཞིང། །ཚང་ལམ་ནོར་དམ་ཆོས་ཐོས་པར་འགྱུར། །ཞེས་གསུངས། དེས་ན་མ་འོངས་པ་ན་དགེ་ བའི་བཤེས་གཉེན་བཟང་པོ་ཞིག་དང་འཕྲད་པར་འདོད་ན་ད་རེས་ཀྱི་བླ་མ་ལ་བསྟེན་ཚུལ་མནོར་བ་དགོས་པ་ཡིན། ༈ བཤེས་གཉེན་ཚུལ་བཞིན་དུ་བསྟེན་པས་ནི་ངན་འགྲོར་འགྲོ་བའི་ལས་ངན་དང་སྡིག་སྒྲིབ་ཚབས་ [008B] ཁྲི་ཆེན་བསྟན་པ་རབ་རྒྱས་ཀྱིས་ཀྱང་ཡོངས་འཛིན་ངག་དབང་ཆོས་འབྱོར་ལ་སྙུན་གཡོག་ཚུལ་བཞིན་མཛད་པས་ལས་སྒྲིབ་ཚབས་ཆེན་དག་སྟེ་དབུ་མའི་ལྟ་བ་རྟོགས་པར་གསུངས་ ལྟར་བླ་མ་བསྟེན་ཚུལ་ལེགས་པོ་བྱུང་ན་ངན་སོང་མྱོང་རྒྱུའི་ལས་རྣམས་ཀྱང་ཚེ་འདིར་ལུས་སེམས་ལ་ནད་གདོན་ཕྲ་མོ་རེ་ཙམ་བྱུང་བ་དང། བཀའ་བཀྱོན་དྲག་ཙམ་རེ་བྱུང་བས་ཀྱང་བྱང་བར་འགྱུར་ཏེ། རྗེ་ཙོང་ཁ་པ་ཆེན་པོས། བཤེས་གཉེན་བསྙེན་བཀུར་ བས་ནི། ངན་འགྲོ་མྱོང་བའི་ལས་རྣམས་ཚེ་འདི་ལ་ལུས་སེམས་ལ་གནོད་པ་ཕྲ་མོ་ཙམ་མམ་རྨི་ལམ་དུ་མྱོང་བས་ཀྱང་ལས་དེ་འདྲོངས་ནས་ཟད་པར་འགྱུར་བ་དང། ཞེས་དང། དེའི་ཁུངས་སའི་སྙིང་པོའི་མདོ་ལས་ཀྱང། དེས་ཟིན་པ་ནི་བསྐལ་པ་བྱེ་བ་དཔག་ཏུ་མེད་ པར་ངན་འགྲོར་འཁྱམ་པར་འགྱུར་བའི་ལས་རྣམས་ཚེ་འདིར་རིམས་ལ་སོགས་པའམ་མུ་གེ་ལ་སོགས་པ་ལུས་དང་སེམས་ལ་གནོད་པ་བྱུང་བས་བྱང་བར་འགྱུར་ཏེ་ཐ་ན་བརྒྱད་བཀག་གམ་རྨི་ལམ་ཙམ་གྱིས་ཀྱང་བྱང་བར་འགྱུར་རོ། །ཞེས་གསུངས་ཤིང། བརྒྱད་བཀག་ནི་ དཀའ་བཀྱོན་གྱི་བརྡ་རྙིང་ཡིན་པས་བཀའ་བཀྱོན་ལྟ་བུ་ལ་བྱ། སྡོང་པོ་བཀོད་པའི་མདོ་ལས་ཀྱང། རིགས་ཀྱི་བུ། དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོར་མི་ལྟུང་ངོ། །ཞེས་གསུངས་པས་ངན་འགྲོར་མི་ སྙིང་བ་ཡིན། རྗེ་མར་པས་སྐུ་མཁར་དེ་ཙམ་མིད་ལ་གཅིག་པུར་བཞེངས་བཅུག་པ་དང། དབང་གྲལ་ནས་མང་དུ་དབྱུང་བ་སོགས་དང། བཀའ་བཀྱོན་དྲག་པོ་ཕེབས་པ་དང། ཡི་ཆད་ཆེན་པོ་བདུན་བཏང་བ་སོགས་དཀའ་བ་དེ་ཙམ་མཛད་དུ་བཅུག་པའང་མིད་ལའི་ [009A]༄༅། །ལས་སྒྲིབ་སྦྱོང་བ་ཁོ་ནའི་ཆེད་དུ་མཛད་པ་རེད། དགེ་བཤེས་ལྷ་བཟོ་བ་ལ་སྟོད་ལུང་པས་མཇལ་རེས་ཀྱིས་བཀའ་བཀྱོན་པ་ལ། ལྷ་བཟོའི་སློབ་མ་ཉ་ག་མོ་པས། སློབ་དཔོན་འདིའོ་སྐོལ་དཔོན་སློབ་ལ་ཤིན་ཏུ་སྡང་བ་ཞིག་འདུག་ཞུས་ པར༑ ལྷ་བཟོ་བས་ཁྱོད་ཀྱིས་འདི་བཀའ་བཀྱོན་དུ་གོའམ། ཁོ་བོ་ལ་འདིས་འདི་ལྟ་བུ་རེ་མཛད་རེས་ཀྱིས་ཧེ་རུ་ཀས་བྱིན་གྱིས་བརླབས་པ་འདྲ་བ་རེ་འོང། ཞེས་དང། ནཱ་རོའི་རྣམ་འཕྲུལ་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས། བརྡུང་གཏག་བྱུང་ན་དབང་བསྐུར་ ཡིན༑ ༑བྱིན་རླབས་འཇུག་ན་དེ་ལ་འཇུག་བཀའ་བཀྱོན་དྲག་པོ་དྲག་སྔགས་ཡིན། །བར་ཆད་ཐམས་ཅད་དེ་ཡིས་སེལ། །ཞེས་གསུངས། དེའི་ཕྱིར་བླ་མའི་བྱ་བ་ལ་དཀའ་སྤྱད་དང་སྡུག་ལས་ཇི་འདྲ་ཞིག་དགོས་ཀྱང་ཁུར་དུ་མ་སོང་བར་རྒྱན་དུ་འགྲོ་བར་བྱས་ན་ ཟུར་དུ་ཕྱག་མཆོད་འབུམ་ཕྲག་མང་པོ་བྱས་པས་ཀྱང་དོ་ཟླ་མེད་པའི་བསགས་སྦྱང་རླབས་པོ་ཆེར་འགྱུར། དེ་ལྟ་མིན་པར་ཕར་ཁོང་ཁྲོས་ན་བསྟེན་ཚུལ་ལོག་པའི་ཉེས་པ་སོགས་འབྱུང། དེས་ན་དགེ་ཕྲུག་དང་སློབ་མ་ཚོ་ལ་ཆོས་ཀྱི་གནད་ཟབ་ཤོས་བླ་མ་ བསྟེན་ཚུལ་འདིའི་རྩ་ན་ཡོད་པས་བསྟེན་ཚུལ་མ་ལོག་པ་ཤིན་ཏུ་གལ་ཆེའོ། ། ༈ མདོར་ན་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་བཤེས་གཉེན་ཚུལ་བཞིན་བསྟེན་པ་ ལ་རག་ལས་ཏེ། རྗེ་ཙོང་ཁ་པ་ཆེན་པོས། དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི། །རྟེན་འབྲེལ་ལེགས་པར་འགྲིག་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡིས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་རུ། །མཐོང་ནས་སྲོག་གི་ [009B] །བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱེད། །ཅེས་དང། འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི། །ཡོན་ཏན་ཀུན་གྱི་རྩ་བ་དྲིན་ཅན་རྗེ། །ཡིད་ལ་དྲན་པ་ཙམ་གྱིས་དུས་ཀུན་ཏུ། །མོས་གུས་རྩོལ་མེད་སྐྱེ་བར་བྱིན་གྱིས་ རློབས། །ཞེས་དང། ཡོན་ཏན་ཀུན་གྱི་གཞི་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །ཞེས་སོགས་དང། བདུད་རྩིའི་སྙིང་པོ་ལས། མདོར་ན་བཤེས་ གཉེན་བསྟེན་པས་གནས་སྐབས་སུ། །མི་ཁོམ་ལས་ཐར་ལྷ་མིའི་རྟེན་བཟང་རྙེད། །མཐར་ཐུག་འཁོར་བའི་སྡུག་བསྔལ་ཀུན་ཟད་དེ། །ངེས་ལེགས་གོ་འཕང་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་འདི་ཕྱི་ཀུན་ཏུ་བྱ་བ་ལམ་དུ་འགྲོ་མི་འགྲོ་དང། འདི་ ཕྱིའི་ལེགས་ཚོགས་འགྲུབ་མི་འགྲུབ་ནི་བླ་མ་བསྟེན་ཚུལ་འདི་ཁོ་ན་ལ་རག་ལས་པས་འདི་ནས་རྟེན་འབྲེལ་མ་འཕྱུགས་པ་ཞིག་བྱ་དགོས། སྐྱེས་ཆེན་དམ་པ་རྣམས་ཀྱང་སྐུ་ཚེ་དང་མཛད་འཕྲིན་མཐར་ཕྱིན་མི་ཕྱིན་བཤེས་གཉེན་བསྟེན་ཚུལ་ལེགས་ཉེས་འདི་ཁོ་ནའི་ རྗེས་སུ་འགྲོ། ཆོས་ཁྲིའི་སྟེང་ནས་བཀའ་ཆོས་གནང་བའི་བླ་མ་ལྟ་ཅི། རང་དང་ཁ་མཉམ་ལག་མཉམ་ལྟ་བུའི་ཀ་ཁ་སློབ་པའི་དགེ་རྒན་དེ་ལའང་བཤེས་གཉེན་བསྟེན་ཚུལ་ཚུལ་བཞིན་མ་བྱས་ན་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཕྱུག་འགྲོ་བས་འདི་ནས་ གཟབ་གཟབ་བྱེད་དགོས། ཇོ་བོ་ཆེན་པོ་རྒྱ་བོད་གཉིས་ན་མཛད་འཕྲིན་ནམ་མཁའ་དང་མཉམ་པའང་ཁོང་གིས་བླ་མ་བརྒྱ་དང་ལྔ་བཅུ་རྩ་བདུན་ལ་བསྟེན་ཚུལ་ཚུལ་བཞིན་མཛད་པ་ལས་བྱུང་བ་རེད། བླ་མ་དེ་དག་ལ་བསྟེན་ཚུལ་འགྲན་ཟླ་དང་བྲལ་བ་མཛད་ [010A]༄༅། །པས་བླ་མ་གཅིག་གིས་ཀྱང་ཐུགས་ལ་མ་བཏགས་པ་མེད་ཅེས་ཇོ་བོ་རང་ཉིད་ཀྱི་ཞལ་ནས་གསུངས། དེར་མ་ཟད་ཇོ་བོའི་སྙན་དུ་གསེར་གླིང་པའི་མཚན་དངོས་སུ་གསན་ན་དེ་མ་ཐག་ཡར་བཞེངས་པ་དང། ཇོ་བོ་རང་གིས་གསེར་གླིང་ པ་ཞེས་མཚན་ཙམ་གསུངས་པ་ཙམ་ལའང་ཕྱག་ཐལ་མོ་སྦྱོར་ཞིང་སྤྱན་ཆབ་དབང་མེད་དུ་བསྙིལ་བ་དེ་ལྟར་མཛད། འབྲོམ་སྟོན་པ་རྟེན་དགེ་བསྙེན་ཡིན་ཡང་བཀའ་གདམས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་ཅིང། འཕྲིན་ལས་དར་རྒྱས་ ཆེ་བ་ཡང་བཤེས་གཉེན་ཚུལ་བཞིན་བསྟེན་པའི་བཀའ་དྲིན་ཡིན། ཁོང་གིས་ཁམས་ནས་བླ་མ་སེ་བཙུན་པ་བསྟེན་སྐབས་ཉིན་མོ་བཞོན་མ་འཇོ་བའི་འཕོངས་སྟེགས་ཚུན་དང། མཚན་མོ་འཁོར་གསུམ་ཚེར་མ་འདྲ་བ་བཏགས་ཏེ་བླ་མའི་རྟ་ནོར་ཕྱུགས་ གསུམ་ལ་སོགས་པའི་ནོར་རྫས་རྣམས་དགྲ་ཇག་ཆོམ་རྐུན་ལས་བསྲུང་བ་སོགས་བསྟེན་ཚུལ་ཚུལ་བཞིན་མཛད། ཕྱིས་འབྲོམ་གྱིས་ཇོ་བོ་ལ་ངས་སྔར་གྱི་ལས་ཀ་བྱས་པ་རྣམས་ལམ་དུ་སོང་ངམ་མ་སོང་ཞུས་པར། ཇོ་བོའི་ཞལ་ནས། སྔར་ཁྱོད་ཀྱིས་བླ་མ་ སེ་བཙུན་གྱི་གཡོག་བྱས་པ་དེ་ལམ་དུ་སོང། གཞན་ལམ་དུ་མ་སོང་གསུངས། རྗེས་སུ་ཇོ་བོ་དང་མཇལ་སྐབས་ཀྱང་དེ་ཉིན་ཇོ་བོས་འབྲོམ་གྱི་སྐལ་བར་སྦྱིན་བདག་ནས་བཞེས་པའི་མར་རྡོག་གནང་བའི་དེ་ནུབ་ནས་ཇོ་བོའི་སྤྱན་སྔར་བཞུགས་རིང་ཇོ་བོའི་ དབུ་སྔས་སུ་མར་མེ་མཚན་ཐུབ་རེ་ཆག་མེད་ཕུལ་བ་ལས། ཇོ་བོ་མུན་ནག་ཏུ་ནུབ་གཅིག་ཀྱང་འཇོག་མ་ཕོད་པ་དང། ཇོ་བོ་སྟོད་ནས་མར་ཕེབས་ལམ་ཞིག་ཏུ་བཞུགས་སའི་འདམ་རྫབ་རྣམས་ཕྱིར་དབྱུང། གནས་བླངས་མ་ཤེས་པའི་ས་དཀར་སྐམ་པོ་མང་ [010B] ཇོ་བོ་བཞུགས་སའི་མདུན་དུ་གསོལ་ལྕོག་ལྟ་བུ་ས་སྟེགས་གྲུ་བཞི་ཞིག་ཀྱང་བཤམས་གྲུབ་པ་ལ་ཇོ་བོ་མཉེས་ནས། ཨ་རེང་ལ་སློབ་མ་ཁྱོད་ལྟ་བུ་ཞིག་རྒྱ་གར་ན་ཡང་ཡོད་གསུངས། འདི་ཐུགས་ཤིན་ཏུ་དགྱེས་དྲགས་པའི་གསུང་ བྱོན་པ་ལས་ངོ་ཐོག་རྒྱ་གར་ན་མེད་པ་ཡིན་གསུངས། ཇོ་བོ་མྱ་ངན་ལས་འདའ་ཁར་བླ་ཆེན་མི་ཆེན་མང་པོའི་དབུས་ནས་བཀའ་གདམས་ཀྱི་བསྟན་པ་ཡང་འབྲོམ་རྒྱལ་བའི་འབྱུང་གནས་ལ་གཏད་དེ་རྒྱལ་ཚབ་ཏུ་དབང་བསྐུར། མྱ་ངན་ལས་འདས་ཟིན་པའི་ འོག་ཏུ་ཡང་འབྲོམ་གྱིས་དད་པས་བཙལ་བ་ན་མཇལ་ཏེ་སྙན་བརྒྱུད་ཀྱི་གདམས་ངག་ཐོབ། ཡང་ཇོ་བོའི་སྐུ་དུས་ཨ་མེས་ཀྱིས་ང་ཕྱག་གཡོག་ཞུས་པས་བསྒོམ་ལོང་དང། ཀློག་འདོན་བྱ་ལོང་མེད་སྙམ་པའི་རྟོག་པ་ངན་པ་སྐྱེས་པ་ན། ཇོ་བོས་མཁྱེན་ ནས་འབྲོམ་ལ་བཀས་མངགས་ཏེ། འབྲོམ་སྟོན་པས་ཐབས་ཀྱིས་ཨ་མེས་ལ། ངས་ཇོ་བོའི་ཕྱག་གཡོག་ཞུས་པས་བསྒོམ་ལོང་དང། ཀློག་ལོང་སོགས་མ་བྱུང་གསུངས་པ་ན། ཨ་མེས་ཀྱིས་ང་ཡང་དེ་ལྟར་ལོང་མེད་ལུགས་སོགས་ཕན་ཆུན་གསུང་ མོལ་གླེང་བའི་མཇུག་ཏུ་འབྲོམ་གྱིས། ངས་བླ་མ་འདི་ནམ་བཞུགས་རིང་ཅི་མཉེས་ཤིག་བྱུང་ན། གཞན་ང་ལ་བྱ་རྒྱུ་གང་ཡང་མེད་གསུངས་པས་ཨ་མེས་དེ་མ་ཐག་བློ་འགྱུར་ཏེ་ཕྱག་གཡོག་ཚུལ་བཞིན་བསྒྲུབས་པས་རྟོགས་པ་མཐོན་པར་ཕེབས་ པ་དང། འགའ་ཞིག་གིས་རྟེན་འབྲེལ་ལེགས་པར་བསྒྲིགས་ཀྱང་ཉེས་ཤོར་བ་དང། འགའ་ཞིག་རང་ཤུགས་ཀྱིས་འགྲིགས་པའང་འབྱུང་སྲིད་དེ། ཁྲི་ཆེན་ནམ་མཁའ་བཟང་པོ་འཇམ་དབྱངས་བཞད་པ་མཇལ་དུ་ཕེབས། མཇལ་ཟིན་ནས་ཕྱིར་ [011A]༄༅། །ལག་ཕེབས་སྐབས་འཇམ་བཞད་རིན་པོ་ཆེས་ཕྱི་མིག་མ་བལྟ་བར་སོང་ཞེས་གསུངས་ཀྱང་ཁོང་གིས་བརྗེད་དེ་བླ་མའི་བཞུགས་ཁང་མཇལ་ཙམ་ནས་ཕྱག་དང་མཎྜལ་གསོལ་འདེབས་སོགས་གཟབ་གཟབ་མཛད་ཀྱང། དེས་རྟེན་འབྲེལ་ འཕྱུགས་ཏེ་རྗེས་སུ་སྐུ་ཚེ་དེར་མཇལ་བའི་སྐལ་བ་རྫོགས། ཡང་རྗེའི་སྐུ་དུས་བུ་སློབ་རྣམས་ཀྱིས་དགའ་ལྡན་ལྡེབས་རིས་སྐབས་བླ་མའི་སྐུ་བརྙན་དབུས་སུ་འདྲི་བཞེངས་མཛད་རྒྱུ་མ་བྱུང་བས་དེའི་རྟེན་འབྲེལ་གྱིས་དགའ་ལྡན་མ་དགོན་ཡིན་ཡང་ད་ལྟ་གདན་ས་ གཞན་ལྟར་དར་རྒྱས་ཆེ་བ་རང་མེད་པ་དང། རྒྱལ་ཚབ་རྗེ་དང་པོ་ས་སྐྱ་བ་ཡིན། ཁོང་གིས་འགྲན་སེམས་ཀྱིས་རྗེ་རིན་པོ་ཆེ་མཇལ་བར་ཕེབས། རྗེས་བཀའ་ཆོས་ཤིག་གནང་བ་དང་སྟབས་ཐུག་པ་ན་མ་དང་མ་གུས་པར་འདྲ་འདྲ་མཉམ་མཉམ་བགྱིས་ཏེ་ཁྲི་ཐོག་བཞུགས་ ཀྱང་དེས་རྟེན་འབྲེལ་བཟང་པོ་འགྲིགས་ཏེ་རྗེས་སུ་འཇམ་མགོན་བླ་མའི་གསེར་ཁྲིའི་རྒྱལ་ཚབ་དང་བོར་ཕེབས་རྒྱུ་བྱུང་བ་རེད། སྔར་རྒྱ་གར་དུ་ན་རོ་པས་མར་པ་ལ་ཡི་དམ་དགྱེས་རྡོར་གྱི་རྟེན་བརྟེན་པའི་དཀྱིལ་འཁོར་བསྟན་ཏེ་ཁྱོད་ཀྱིས་བླ་མ་ལ་ཕྱག་འཚལ་ལམ་ཡི་དམ་ལ་ ཕྱག་འཚལ་གསུངས་པ་ན། མར་པས་བླ་མ་ལ་ཕྱག་མ་འཚལ་བར་ཡི་དམ་ལ་ཕྱག་བཙལ་བས་དེས་སེམས་ཅན་གྱི་སྐལ་བས་རྟེན་འབྲེལ་འཕྱུགས་ཏེ་མར་པ་ལ་ཡུམ་དགུ་དང། སྲས་བཅུ་གཅིག་ཡོད་ཀྱང་དེ་མཚམས་ནས་གདུང་རྒྱུད་ཆེད་པ་དང། མིད་ལ་མར་ པའི་དྲུང་དུ་ཕེབས་སྐབས་ཐོག་མར་མར་པ་ཞིང་རྨོས་ར་ཕེབས་པ་དང་མཇལ་ཏེ་ཞིང་རྨོ་འཕྲོ་རྨོར་བཅུག་ཆང་བཞེས་འཕྲོ་གནང། མིད་ལས་ཀྱང་ང་ཉི་མ་ལ་སྟོད་ནས་འོངས་པའི་མི་སྡིག་ཅན་ཞིག་ཡིན་པས་ད་ལུས་ངག་ཡིད་གསུམ་བླ་མ་ལ་ཕུལ། ལྟོ་གོས་ཆོས་ [011B] མར་པས་དེ་གཉིས་གཅིག་ལས་མི་འོང། ཁྱོད་ཀྱིས་སྡིག་བསགས་བའི་ཡུས་ང་ལ་མི་འགྲོ་ཞེས་བཀའ་བཀྱོན། འོན་ཀྱང་ལུས་ངག་ཡིད་གསུམ་ཕུལ་བ་དེ་ལེགས་གསུངས། ཡང་མིད་ལས་རྗེས་སུ་ཟངས་ཀྱི་སྣོད་རུ་བཞི་མ་འབྲུ་ ཁོལ་བཅུ་བཞི་རི་བ་དྲི་མ་མེད་པ་ཞིག་སྟོང་པ་པུལ། མར་པས་ཟངས་ལ་དབྱུ་གུས་སྐད་བཏོན། མར་ཁུས་བཀང་སྟེ་མཆོད་མེར་འབུལ་བར་མཛད་པ་སོགས་རྟེན་འབྲེལ་ལེགས་ཉེས་སྣ་ཚོགས་བྱུང་བས་རྗེས་སུ་མིད་ལ་འཚོ་ཆས་དཀོན་པ་དང། གདམས་ངག་ ཡོངས་རྫོགས་ཐོབ་ནས་རྟོགས་པ་མཐོན་པོར་ཕེབས་པ་སོགས་བྱུང་བ་རེད། དགོན་པ་སྤྱི་ལྟ་བུས་ཀྱང་མཁན་པོ་སོགས་ལ་བླ་མ་བསྟེན་ཚུལ་ཉེས་ན་འདོད་རྒུ་ལོངས་སྤྱོད་ཉམས་པ་ཚུན་ཆད་འབྱུང་བ་མཐོང་ཆོས་སུ་འོང་བ་ཡིན། ༈ པ་དང་བསྟེན་ཚུལ་ལོག་པའི་ཉེས་དམིགས་ལ་བརྒྱད་ཚན་གཉིས་ལས། དང་པོ་མ་བསྟེན་པའི་ཉེས་དམིགས་བརྒྱད་ནི། བླ་མ་མ་བསྟེན་ན་སངས་རྒྱས་ཀྱི་གོ་འཕང་ལས་རྗེ་རིང་ཇེ་རིང་དུ་འགྲོ་བ་སོགས་བསྟེན་བའི་ཕན་ཡོན་བརྒྱད་ལས་གོ་ལྡོག་པ་རྣམས་འབྱུང་ བས་ཕན་ཡོན་རྣམས་ཕར་གོ་ལྡོག་ན་ཤེས་སླ། གཉིས་པ་བསྟེན་ཚུལ་ལོག་པའི་ཉེས་དམིགས་ལ་བརྒྱད་ལས། དང་པོ་བླ་མ་ལ་བརྙས་སྨོད་ཤོར་ན་རྒྱལ་བ་ཀུན་ལ་བརྙས་པ་ནི། བླ་མ་ལ་དང་པོར་བརྟེན་ནས་རྗེས་སུ་བསྟེན་ཚུལ་ལོག་ན་གྱོང་ཤིན་ཏུ་ཆེ་སྟེ་ སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་རྣམས་རང་འདུལ་བའི་ཕྱིར་དུ་བླ་མའི་རྣམ་པར་ཤར་བས་ན་བླ་མ་ནི་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་རང་གཟུགས་ཡིན་པས། རང་གི་གློག་སློབ་པའི་དགེ་རྒན་ཚུལ་ལ་ཡང་ལྐོག་ནས་ཁུ་ཚུར་བསྟན་ཏེ་བརྡུང་ [012A]༄༅། །ཉམས་བྱེད་པ་དང། ངན་སྨྲས་བྱེད་པ་ཡན་ཆད་ཀྱིས་དེ་ལ་བརྙས་སྨོད་ཤོར་ན་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་བརྙས་སྨོད་བྱས་པར་འགྲོ་སྟེ། བདུད་རྩིའི་སྙིང་པོ་ལས། དགེ་བའི་བཤེས་རྣམས་རྒྱལ་ཀུན་འཕྲིན་ལས་དེ། །རང་ གི་བླ་མར་ཤར་བ་ཉིད་ཡིན་ཕྱིར། །དེ་ལ་མ་གུས་རྒྱལ་ཀུན་མ་གུས་པར། །གསུངས་ཕྱིར་དེ་ལས་རྣམ་སྨིན་ལྕི་བ་གང། །ཞེས་དང། བླ་མ་ལྔ་བཅུ་པ་ལས། དེ་འདྲའི་མགོན་ལ་བསམས་བྱས་ནས། །སློབ་མར་གྱུར་ནས་བརྙས་ན་ནི། །སངས་རྒྱས་ཐམས་ཅད་བརྙས་ པས་ན། །དེས་ནི་རྟག་ཏུ་སྡུག་བསྔལ་འཐོག་ཅེས་གསུངས། དེས་ན་རང་ལ་ཆོས་ཁྲིའི་སྟེང་ནས་ཆོས་སྟོན་པའི་བླ་མའམ་དཔེ་ཆའི་དགེ་རྒན་ལ་མདུན་དུ་ལྟ་ཅི། ལྐོག་ཏུའང་ཚིག་ངན་སྨྲས་བ་སོགས་མ་གུས་པ་བྱས་ན་དོན་ལ་སངས་རྒྱས་ཐམས་ཅད་ལ་ངན་ སྨྲས་དང་མ་གུས་པ་བྱས་པར་འགྲོ། དེ་སོང་ན། དགྲ་ནག་གི་དཀའ་འགྲེལ་དུ་དྲངས་པ་ལས། ཚིགས་བཅད་གཅིག་ཙམ་མཉན་པ་ལ། །གང་གིས་བླ་མར་མི་འཛིན་པ། །ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཅེས་གསུངས་པ་ ལྟར་འབྱུང། རང་ཅག་ཕལ་ཆེར་ལ་དགེ་རྒན་རྩ་ནས་བླ་མ་བསྟེན་ཚུལ་གྱི་ཁེ་གྱོང་གཉིས་ཀ་འབྱུང་ཉེ་བས་འདི་ལ་ནན་ཏན་བྱེད། གལ་ཏེ་དཔེ་ཆའི་དགེ་རྒྱན་ལྟ་བུ་བླ་མ་ལ་བརྙས་སྨོད་ཤོར་བ་སོགས་བྱུང་ཚེ་དེ་ཞལ་བཞུགས་ཡོད་ན་དངོས་སུ་འགྱོད་བཤགས་ ནན་ཏན་ཕུལ་ན་ངེས་པར་འདག་ཐུབ་ཅིང། མ་བཞུགས་ཚེ་དེའི་ན་བཟའ་སོགས་རྟེན་དུ་གཞུགས་ཏེ་བཤགས་པ་ཤུགས་དྲག་བྱ་དགོས་གསུངས། ༈ [012B] རང་གི་དགེ་རྒན་ནས་བླ་མ་ལ་བྱ་རྫོགས་ཀྱི་སྐད་ཅིག་མ་ཐུང་མཐའ་གཅིག་གི་ཡུན་ལ་ཁོང་ཁྲོ་སྐྱེས་ན་བསྐལ་པ་གཅིག་གི་རིང་ལ་བསགས་པའི་དགེ་རྩ་བཅོམ་ནས་བསྐལ་པ་གཅིག་གི་རིང་དུ་དམྱལ་བར་གནས་དགོས་པ་ དང༑ དེ་བཞིན་དུ་བྱ་རྫོགས་ཀྱི་སྐད་ཅིག་མ་གཉིས་དང་གསུམ་ལ་ཁོང་ཁྲོ་སྐྱེས་ནའང་བསྐལ་པ་གཉིས་དང་གསུམ་ལ་བསགས་པའི་དགེ་རྩ་བཅོམ་ནས་བསྐལ་པ་གཉིས་དང་གསུམ་གྱི་རིང་དམྱལ་བར་གནས་དགོས་པ་ནས་བསྐལ་བ་བརྒྱའི་བར་རིགས་འགྲེ་ འདི་ཡང་བྱེ་རྨྲའི་ལུགས་ལས། ཐེག་ཆེན་ལ་སྐད་ཅིག་མ་དང་བསྐལ་པ་བརྩི་ལུགས་འདི་ལས་གྲང་ཆེས་མང་བ་ཡིན། འདིར་བྱེ་སྨྲའི་ལུགས་ལྟར་བགྱིས་ཀྱང་སེ་གོལ་གཅིག་གི་ཡུན་ལ་བྱ་རྫོགས་ཀྱི་ཐུང་མཐའི་སྐད་ཅིག་མ་དྲུག་ཅུ་རེ་ལྔ་ཡོད་པས་དེའི་རིང་ ལ་བླ་མ་ལ་ཁོང་ཁྲོ་སྐྱེས་ན་བསྐལ་པ་དྲུག་ཅུ་རེ་ལྔ་ལ་བསགས་པའི་དགེ་རྩ་བཅོམ་ནས་བསྐལ་པ་དྲུག་ཅུ་རེ་ལྔར་དམྱལ་བར་གནས་དགོས་པ་ཡིན་ཏེ། བདུད་རྩིའི་སྙིང་པོ་ལས། བླ་མར་ཁྲོ་སེམས་སྐད་ཅིག་གང་སྐྱེས་པ། །དེ་སྙེད་བསྐལ་པར་བསགས་པའི་ དགེ་བཅོམས་ཏེ། །སྐད་ཅིག་དེ་ཡི་གྲངས་མཉམ་བསྐལ་པ་རུ། །དམྱལ་བར་སྐྱེ་ཞེས་དུས་འཁོར་རྒྱུད་ལས་གསུངས། །ཞེས་དང། དུས་འཁོར་རྩ་རྒྱུད་ལས་ཀྱང། བླ་མ་ལ་ཁྲོས་སྐད་ཅིག་གྲངས། །བསྐལ་བར་བསགས་པའི་དགེ་བཅོམ་ནས། །དེ་སྙིང་བསྐལ་པར་ དམྱལ་སོགས་ཀྱི། །སྡུག་བསྔལ་ཚོར་བ་དྲག་པོ་མྱོང། །ཞེས་གསུངས། ༈ གང་ཞིག་མཚམས་མེད་ལྔ་བྱས་པ་དང། སོ་ཐར་གྱི་ཕམ་པ་བཞི་ས་གོས་པ་ལ་སོགས་པའི་སྡིག་ཅན་ཞིག་ [013A]༄༅། །མིན་ཡང་སྔགས་བླ་མེད་ལ་བརྟེན་ནས་མཆོག་གི་དངོས་གྲུབ་འགྲུབ་པ་སྲིད་ཀྱི། སྙིང་ཐག་པ་ནས་རང་གི་སློབ་དཔོན་ལ་བརྙས་སྨོད་ཤོར་བ་སོགས་བསྟེན་ཚུལ་ལོག་པའི་གང་ཟག་དེས་ནི་སྔགས་བླ་མེད་ལ་བརྟེན་ནས་བསྒོམ་ཇི་ ཙམ་བརྒྱབ་སྟེ་མཆོག་གི་དངོས་གྲུབ་བསྒྲུབས་ཀྱང་འགྲུབ་པར་མི་སྲིད་དེ། འདུས་པའི་རྩ་རྒྱུད་ལས། སེམས་ཅན་མཚམས་མེད་ལ་སོགས་པའི། །སྡིག་པ་ཆེན་པོ་བྱེད་པ་ཡང། །རྡོ་རྗེ་ཐེག་པ་རྒྱ་མཚོ་ཆེ། །ཐེག་པ་མཆོག་ནི་འདི་ལ་འགྲུབ། །སྙིང་ནས་ སློབ་དཔོན་སྨོད་པ་དག་བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདིའི་སྡིག་པ་ཆེན་པོ་ནི་མི་དགེ་བ་བཅུ་ལ་བྱེད་གསུངས། ༈ ནི༑ རང་གི་སློབ་དཔོན་ལ་སྨོད་པའི་གང་ཟག་དེས་ནི་ཉིན་མཚན་ཀུན་ཏུ་གཉིད་དང། འདུ་འཛི། བཟའ་བཏུང་ཚུན་ཆད་སྤངས་ཏེ་གནས་དབེན་པར་བསྐལ་པ་མང་པོར་བརྩོན་པ་ཆེན་པོས་མཆོག་གི་དངོས་གྲུབ་བསྒྲུབས་ཀྱང་དམྱལ་བ་སོགས་ བསྒྲུབ་པ་དང་འདྲ་སྟེ། འཇམ་མགོན་ཙོང་ཁ་པས། བླ་མ་ལ་བརྙས་སྨོད་སོགས་ལ་ཅི་ཡང་མི་འཛེམ་པར་ཐོས་བསམ་སྒོམ་གསུམ་ལ་འབད་པ་སྐད་བྱེད་པ་དག་ནི་ངན་འགྲོའི་སྒོ་འབྱེད་པ་རང་ཡིན་ཏེ། ཞེས་དང། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ ལས་ཀྱང། གང་གིས་སློབ་དཔོན་ཡང་དག་སྨད། །དེས་ནི་རྒྱུད་ཀུན་སྒྲུབ་པའི་མཆོག་གཉིད་དང་འདུ་འཇི་རྣམ་སྤངས་ཏེ། །བསྐལ་པ་སྟོང་དུ་ལེགས་བསྒྲུབས་ཀྱང། །དམྱལ་སོགས་སྒྲུབ་པར་བྱེད་པའོ། །ཞེས་གསུངས། ༈ [013B] བླ་མ་ལ་བརྙས་སྨོད་ཤོར་པ་སོགས་ཀྱིས་དམ་ཚིག་ཉམས་པ་དང། ལོག་རྟོག་ངན་པ་སྐྱེས་པ་དང། བཀའ་དང་འགལ་བ་སོགས་བསྟེན་ཚུལ་ཉེས་ན་ལུང་རྟོགས་ཀྱི་ཡོན་ཏན་སྔར་མ་ སྐྱེས་པ་རྣམས་གསར་དུ་མི་སྐྱེ་བ་སྔོན་ལི་ཡུལ་གྱི་དགེ་ཚུལ་གཉིས་ཀྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོར་ལོག་ལྟ་སྐྱེས་པས་ཚེ་དེར་མཆོག་གི་དངོས་གྲུབ་འཐོབ་རྒྱུའི་སྐལ་བ་ལས་ཉམས་པ་དང། སྔར་བླ་མ་ཛཱ་ལནྡྷ་ར་བསམ་གནང་བཞིན་དུ་གྲུབ་ཆེན་ནག་ པོ་སྤྱོད་པས་སྤྱོད་པ་ལ་ཕེབས་པ་ན་རྟེན་འབྲེལ་མང་པོ་འཕྱུགས། ཧེ་རུ་ཀ་དང་རྡོ་རྗེ་ཕག་མོས་སྤྲུལ་པ་མང་དུ་བསྟན་ཀྱང་ནག་པོ་སྤྱོད་པས་མ་མཁྱེན། ཁོང་གི་སློབ་མ་དགེ་ཚུལ་ཚེམ་བུ་བ་རྡོ་རྗེ་ཕག་མོ་མཛེ་མོའི་རྣམ་པར་བསྟན་པས་མཁའ་སྤྱོད་དུ་ དངོས་སུ་ཁྲིད་ཀྱང། ནག་པོ་སྤྱོད་པ་རང་ཉིད་མཛད་པ་མཐར་མ་ཕྱིན་པར་དེ་ཝཱི་ཀོ་ཊི་ར་སྐུ་གཤེགས་ཏེ་སྐུ་ཚེ་དེར་མཆོག་གི་དངོས་གྲུབ་བརྙེས་མ་ཐུབ་པ་དང། ནཱ་རོ་པ་པཎ་གྲུབ་ཆེན་པོར་གྱུར་པ་ན་ཏཻ་ལོ་པས་ཁྱོད་གཞན་དང་རྩོད་པ་མ་རྩོད་ཅེས་ གསུངས་ཀྱང་རྗེས་སུ་ནཱ་རོ་པས་མུ་སྟེགས་པ་ཞིག་དང་རྩོད་དགོས་བྱུང་བས་རྩོད་པ་ནཱ་རོ་པ་ཕམ་པར་ཉེ་བ་ན་ཏཻ་ལོ་པ་སྤྱི་བོར་བྱོན་ཏེ་གྲོགས་གནད་དགོས་བྱུང་བ་དང། རྗེ་མར་པས་མ་གནང་བར་ལྐོག་ཏུ་ཡུམ་བདག་མེད་མ་དང་མིད་ལ་གཉིས་ཀྱིས་ རྡོག་སྟོན་ཆོས་རྡོར་དབུ་བསྐོར་ནས་གདམས་ངག་ཟབ་མོ་ཞུས་ཏེ་བསྒོམ་ཇི་ཙམ་བརྒྱབ་ཀྱང་རྟོགས་པ་སྐྱེ་བ་ལྟ་ཅི། ཐ་ན་རྨི་ལམ་བཟང་བ་ཙམ་ཡང་མ་བྱུང་བ་དང། མིད་ལའི་སློབ་མ་དྭགས་པོ་ལྷ་རྗེ་ཉི་མ་ལྟ་བུ་དང། རས་ཆུང་བ་ཟླ་བ་ལྟ་བུ་ [014A]༄༅། །དང༑ གཞན་རྣམས་རྒྱུ་སྐར་ལྟ་བུ་ཡིན་ཞིང། རས་པ་ཞི་བ་འོད་སོགས་ཀྱིས་སྐུ་ཚེ་དེར་ཟུང་འཇུག་ཐོབ་ཀྱང། རས་ཆུང་བས་མིད་ལའི་བཀའ་ལན་གསུམ་བཅག་པས་མཐར་མིད་ལས་མ་གནང་བཞིན་དུ་ལྷ་སར་གནས་བསྐོར་དུ་ ཕེབས་པ་ན་བུད་མེད་དང་ཐུག་སྟེ་ཁྲིམས་རལ་བ་སོགས་སྐུ་ངལ་ཆེན་པོ་མྱོང་བ་རྣམ་ཐར་ལས་བྱུང་བ་ལྟར་མཛད་པ་མཐར་མ་ཕྱིན་པ་མང་དུ་བྱུང། མིད་ལས་རས་ཆུང་བ་ལ་ཁྱོད་རོ་གྱོང་བས་ངའི་བཀའ་ཐེངས་གསུམ་བཅག་པས་ད་དུང་དགེ་བཤེས་ཆེན་ པོ་ཞིག་གི་སྐྱེ་བ་ལན་གསུམ་དུ་ལེན་དགོས་གསུངས། ཁོང་གིས་མིད་ལའི་བཀའ་མ་བཅག་ན་ཚེ་དེ་ལ་མཆོག་གི་དངོས་གྲུབ་འཐོབ་རྒྱུ་ཡིན་པ་ལ་བླ་མའི་བཀའ་བཅག་པས་སྐུ་ཚེ་དེར་མ་ཐོབ་པ་ཡིན། བཤེས་གཉེན་བསྟེན་ཚུལ་ལོག་ན་རང་ལ་ཡོན་ ཏན་སྔར་སྐྱེས་ཟིན་རྣམས་ཀྱང་ཉམས་ནས་འགྲོ་བ་ནི། སྔར་བླ་མ་རིགས་ངན་པ་ཞིག་ལ་སློབ་མ་རིགས་བཟང་པོ་ཞིག་ཡོད་པ། སློབ་མ་རིགས་བཟང་དེ་ནམ་མཁའ་ལ་འཕུར་ཤེས་པས་རིགས་ཀྱི་ང་རྒྱལ་གྱིས་ཁོ་རང་གི་བླ་མ་རིགས་ངན་པ་དེས་ཆོས་ གསུངས་སར་གནམ་ལ་འཕུར་ནས་ངའི་བླ་མ་ལའང་འདི་འདྲ་འཕུར་རྒྱུ་མེད་སྙམ་དུ་ང་རྒྱལ་སྐྱེས་མ་ཐགས་ལ་ལྷུང་བ་སོགས་ཀྱི་ཡོ་རྒྱུས་ལྟར་དང། བདུད་རྩིའི་སྙིང་པོ་ལས་ཀྱང། བླ་མ་མཆོག་ལ་གུས་པ་དང་བྲལ་ན། །ཡོན་ཏན་མི་སྐྱེ་སྐྱེས་པ་ཉམས་ འགྱུར་ཞིང། །ཞེས་གསུངས་པ་ལྟར་ཡིན། ༈ རང་གི་བླ་མ་ལ་བསྟེན་ཚུལ་ལོག་ན་ཚེ་འདིར་ཡང་བཀྲ་མི་ཤིས་པ་དང། དུས་མ་ཡིན་པའི་འཆི་རྐྱེན་བཅུ་གསུམ་པོ་གང་རུང་གི་དབང་གིས་ [014B] བླ་མ་ལྔ་བཅུ་པ་ལས། སློབ་དཔོན་ལ་ནི་སྨོད་པ་དེ། །ཡམས་དང་འཚེ་བའི་ནད་རྣམས་དང། །གདོན་དང་རིམས་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེ་དང་སྦྲུལ་གདུག་དང། ཆུ་དང་ མཁའ་འགྲོ་རྐུན་པོ་དང། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །ཞེས་གསུངས་པ་དང། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་ཚོགས་པའི་དབུས་སུ་ཆོས་གསུངས་སྐབས་ཤིག་ཏུ་རང་གི་བླ་མ་གྲུབ་ཆེན་ཕག་ཚང་པ་ ཆོས་གསུངས་སའི་ཐད་ནས་ཕེབས་འགྲོ་བ་མ་མཐོང་བའི་ཚུལ་གྱིས་བཞུགས། ད་གཟོད་ཆོས་གྲོལ་ནས་བླ་མ་རྩད་བཅད་དེ་བཅར་བས་གྲུབ་ཆེན་གྱིས་ད་གིན་ཕྱག་མི་འཚལ་བར་ད་ལྟ་ཕྱག་འཚལ་བ་ཅི་ཡིན་གསུངས་པ་ན། སངས་རྒྱས་ཡེ་ཤེས་ཀྱིས་ད་ གིན་མཇལ་མ་བྱུང་ཞེས་རྫུན་ཞུས་མ་ཐག་སྤྱན་གཉིས་ཀ་ཕྱིར་དོན་ཏེ་ས་ལ་ལྷུངས་པ། བླ་མས་བྱིན་རླབས་མཛད་ཀྱང་སྤྱན་ཡ་གཅིག་ལས་སོར་མཆུད་པ་དང། སྨྱུང་གནས་བླ་བརྒྱུད་དུ་བཞུགས་པ་སློབ་དཔོན་ཡེ་ཤེས་བཟང་པོ་ལ་ཕོལ་མིག་གི་ནད་ བྱུང་སྟེ་སྙུན་ཟུག་ཆེ་བའི་སྐབས་ཆབ་རྫིང་དུ་ཞུགས་པས་ཆུ་ཡང་ཁོལ་ནུས་པ་ཙམ་གྱི་མནར་གཅོད་བྱུང་བ་གཤིན་རྗེ་གཤེད་ཀྱི་བསྙེན་པ་བཏང་བ་སོགས་ཅི་བྱས་ཀྱང་མ་ཕན་པར་པཎྜི་ཏ་ཟླ་བ་གཞོན་ནུ་ལ་ཞུས། དེ་ལ་རྗེ་བཙུན་སྒྲོལ་མས་མནལ་ལམ་དུ་ སྔོན་བཤེས་གཉེན་བསྟེན་ཚུལ་ལོག་པའི་འབྲས་བུ་ཡིན་འདུག་པས་བཤགས་པ་གྱིས་གསུངས་པ་ལྟར་བཤགས་པ་བྱས་པས་ཕན་པ་བྱུང་བ་དང། སྣེའུ་ཟུར་བའི་སློབ་མ་དགེ་ཚུལ་ཞིག་གིས་བླ་མ་བསྟེན་ཚུལ་ལོག་པས་བླ་མས་དགེ་ཚུལ་ཁོ་མ་འཆི་ [015A]༄༅། །གོང་ངལ་བཤགས་པ་ཞིག་ཕུལ་ན་ཡོང་བ་འདུག་སྟེ་ཞེས་གསུངས་ཀྱང་བཤགས་པ་ཕུལ་མ་ཉན་པས་འཆི་ཁར་སྣེའུ་ཟུར་གྱི་རི་ཐམས་ཅད་ཀྱིས་མནན་བྱུང་ཟེར། །དེ་ནས་སྣེའུ་ཟུར་གྱི་དགོན་པ་ལ་མེ་འབར་ཏེ་ངའི་སྟེང་དུ་སླེབས་བྱུང་ ཞེས་མེས་ཚིག་པའི་སྣང་བ་བྱུང་སྟེ་འཇིགས་སྐྲག་མི་བཟད་པའི་ངང་ནས་ཚེ་འཕོས་པ་དང། སྔར་དྭགས་པོར་བླ་མའི་ཉེ་གནས་ཞིག་ཀྱང་བླ་མ་ལ་མ་དད་བརྙས་སྨོད་བྱས་པས་རྗེས་སུ་རྐུན་པོས་རྡོས་བརྫོགས་ཏེ་བཀྲོངས་པ་སོགས་མང་དུ་བྱུང་བ་ལྟ་བུ་ ཡིན། ༈ རང་གི་བླ་མ་ལ་བསྟེན་ཚུལ་ལོག་སྟེ་བརྙས་སྨོད་བྱས་པའི་རྣམ་སྨིན་གསལ་པོར་གསུངས་ན་བྱང་སེམས་སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་མ་བཟོད་པར་ཞལ་ནས་ཁྲག་ སྐྱུགས་ཏེ་གྲོངས་པར་འགྱུར་བ་ལ་དགོངས་ནས་སངས་རྒྱས་ཀྱིས་ཀྱང་ཕྱོགས་ཙམ་ལས་ཞིབ་པར་གསུང་མ་ནུས་པའི་ཚུལ་མཛད་པ་ཡིན་ཏེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བཅོམ་ལྡན་འདས་གང་དག་སློབ་དཔོན་ལ་བརྙས་པར་བགྱིད་པ་དེ་དག་ གི་རྣམ་པར་སྨིན་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། ལྷ་དང་བཅས་པའི་འཇིག་རྟེན་སྐྲག་པར་འགྱུར་གྱིས་དེ་སྐད་མ་སྨྲ་ཞིག་གསང་བ་བའི་བདག་པོ་འོན་ཀྱང་ཅུང་ཞིག་བརྗོད་པར་བྱའི། དཔའ་བོ་བསྒྲིམས་ཏེ་དེ་ཉོན་ ཅིག་མཚམས་མེད་ལ་སོགས་མི་བཟད་པ། །དམྱལ་བ་གང་དག་ངས་བཤད་པ། །དེ་རྣམས་ཀྱི་ནི་གནས་སུ་བརྗོད། །དོར་ནི་བསྐལ་པ་མཐའ་ཡས་སོ། །ཞེས་མཚམས་མེད་ནི་མནར་མེད་དང། དེར་ཡང་བསྐལ་པ་མཐའ་ཡས་སུ་གནས་དགོས་པར་གསུངས། ཡང་ [015B] དེ་ལྟ་བས་ན་རྣམ་ཀུན་ཏུ། །ནམ་ཡང་སློབ་དཔོན་བརྙས་མི་བྱ། །ཞེས་དང། སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལས་ཀྱང། སློབ་དཔོན་ལ་ནི་སྨོད་པ་དག་རྨི་ལམ་དུ་ཡང་མཐོང་མི་བྱ། །ཞེས་གསུངས་པ་ལྟར་བླ་མ་ནི་མ་བསྟེན་པ་ལས་ཀྱང་བསྟེན་ཚུལ་ལོག་ པ་ཉེས་པ་ལྕི་བས་བཤེས་གཉེན་དུ་བྱས་ནས་བསྟེན་ཚུལ་ཕྱིན་ཅི་མ་ལོག་པ་གལ་ཆེ་གསུངས། ༈ ཚེ་འདིར་བླ་མ་ལ་མ་གུས་པ་བྱས་པ་སོགས་བཤེས་གཉེན་བསྟེན་ཚུལ་ལོག་ན་དེའི་རྒྱུ་ མཐུན་གྱི་འབྲས་བུས་ཕྱི་མར་མི་ལུས་ཙམ་ཡང་མི་རྙེད་ཅིང། བརྒྱ་ལ་ངན་འགྲོ་ལས་ཐར་ནས་བདེ་འགྲོའི་རྟེན་རེ་རེ་གཉིས་གཉིས་ཐོབ་ཀྱང་རྒྱུ་མཐུན་གྱི་འབྲས་བུས་མི་ཁོམ་པའི་གནས་འབའ་ཞིག་ཏུ་སྐྱེས་ནས་ཚེ་རབས་ཐམས་ཅད་དུ་དགེ་བའི་བཤེས་གཉེན་དང་མི་འཕྲད་ དེ་མ་ཕྲད་པས་མི་ལུས་བཟང་པོ་ཇི་འདྲ་ཞིག་ཐོབ་ཀྱང་དམ་པའི་ཆོས་ཀྱི་སྒྲ་ཙམ་ཡང་མི་ཐོས་པས་དེས་ན་བཤེས་གཉེན་གྱིས་ཕོངས་པ་ཡིན་ཏེ། བདུད་རྩིའི་སྙིང་པོ་ལས། གལ་ཏེ་བརྒྱལ་བདེ་འགྲོའི་རྟེན་ཐོབ་ཀྱང། །མ་གུས་པ་ཡི་རྒྱུ་མཐུན་འབྲས་བུ་དེས། །མི་ ཁོམ་གནས་སུ་སྐྱེས་ནས་དམ་ཆོས་དང། །དགེ་བའི་བཤེས་ཀྱི་སྒྲ་ཡང་ཐོས་མཾ་འགྱུར། །ཞེས་གསུངས། དེ་ལྟར་བཤེས་གཉེན་བསྟེན་ཚུལ་འདི་ཚུལ་བཞིན་དུ་བྱས་མ་བྱས་ཀྱི་ཁེ་ཉེན་གཉིས་ཀ་ཤིན་ཏུ་ཆེ་ས་ཞིག་ཡིན། དེང་སང་ཆོས་པ་བཟང་པོར་ཁས་འཆེ་བ་ ཆོས་ཀྱང་བྱང་ཆུབ་ལམ་རིམ་མ་ཐོས་ན་བཤེས་གཉེན་བསྟེན་ཚུལ་མི་ཤེས་པར་སྣང་བས། དེ་ལ་ཐོས་བསམ་བྱས་ཏེ་བཤེས་གཉེན་བསྟེན་པའི་ཕན་ཡོན་དང། མ་བསྟེན་པ་དང་བསྟེན་ཚུལ་ལོག་པའི་ཉེས་དམིགས་རྣམས་ལུང་རིགས་གང་རྣོ་རྣོས་མཐའ་བསྐོར་ [016A]༄༅། །རི་བསྐོར་གྱིས་ཡང་ཡང་བསྒོམས་ན་བླ་མ་བསྟེན་འདོད་དང། བསྟེན་པ་ལ་སྤྲོ་ཤུགས་ཆེ་བ་འབྱུང། གཞན་བླ་མ་ལས་ཆོས་ལེན་སྙམ་པ་ཙམ་ལས་འོང་ས་མེད། དེའི་ཕྱིར་ལམ་རིམ་ཆེ་ཆུང་སོཌ་ལས་གསུངས་པ་ལྟར་ཆོས་བྱེད་པ་ལ་ཐོག་ མར་བླ་སློབ་གཉིས་ཀ་མཚན་ཉིད་དང་ལྡན་མི་ལྡན་ལེགས་པར་བརྟག་མཚན་ཉིད་དང་ལྡན་པར་ཤེས་ན་དེ་བསྟེན་ཅིང་བསྟེན་ཚུལ་མ་ནོར་བ་ཚུལ་བཞིན་བྱེད་པ་གལ་ཆེ་གསུངས། ༈ རྩ་བ་དད་ པ་སྦྱང་བ་དང། བཀའ་དྲིན་རྗེས་སུ་དྲན་ནས་གུས་པ་བསྐྱེད་པའོ། །དང་པོ་རྩ་བ་དད་པ་སྦྱང་བ་ནི། བཤེས་གཉེན་བསྟེན་ཚུལ་གྱི་ནང་ནས་ཀྱང་རྩ་བ་གལ་ཆེ་ཤོས་ནི་དད་པ་སྦྱང་བ་འདི་ཡིན། འདི་ལ་ལམ་གྱི་རྩ་བ་ཞེས་པ་དཔེར་ན། ཤིང་གི་རྩ་བ་བརྟན་པོ་ཡོད་ ན་དེ་ལས་སྡོང་པོ་དང། ཡལ་ག། ལོ་མ། མེ་ཏོག་འབྲས་བུ་སོགས་འབྱུང་བ་ལྟར་ལམ་མ་ནོར་བར་སྟོན་པའི་བླ་མ་ལ་དད་པ་བརྟན་པོ་ཡོད་ན་དེ་ལས་དལ་འབྱོར་ནས་མི་སློབ་པའི་ཟུང་འཇུག་གི་བར་གྱི་ལམ་འབྲས་བུ་དང་བཅས་པ་ཐམས་ཅད་སྤུངས་པ་བཞིན་ དུ་འབྱུང་བའི་དོན་གྱིས་རྟོགས་པའི་ཡོན་ཏན་རྒྱུད་ལ་སྐྱེ་མི་སྐྱེའི་རྩ་བ་དད་པ་འདི་ལ་ཐུག་པས་ན་རྩ་བ་ཞེས་གསུངས་པ་རེད། དེ་ཡང་དཀར་ཆོས་ཐམས་ཅད་ཀྱི་རྩ་བ་དད་པ་དང། མི་ཆོས་ཐམས་ཅད་ཀྱི་རྩ་བ་ཀུན་དང་མཐུན་པ་ཡིན། དད་པ་དང་ཤེས་རབ་ གཉིས་སྐྱེས་ཐོབ་ཀྱི་ཡོན་ཏན་ཡིན་ཡང་སྦྱངས་ཤིང་བསྒྲུབ་ན་སྐྱེ་བ་མང་དུ་ཡོད། སྤྱིར་དཀར་ཆོས་ཐམས་ཅད་ཀྱི་སྔོན་དུ་དད་པ་འགྲོ་དགོས་པས་དད་པ་ནི་མ་དང་འདྲ་སྟེ་མ་ལ་བརྟེན་ནས་བུ་འབྱུང་བ་བཞིན་དུ་དད་པ་ཡོད་ན་དཀར་པོའི་ཆོས་ཐམས་ཅད་འབྱུང་སྟེ་ [016B] དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །ཅེས་དང། དད་པ་མེད་ན་དཀར་ཆོས་གང་ཡང་མི་བྱུང་སྟེ། ཆོས་བཅུ་པའི་མདོ་ལས། མ་དད་པ་ཡི་མི་དག་ལ། །དཀར་པོའི་ ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས། དད་པ་ལ་དཀོན་མཆོག་དང། ལས་འདྲས་དང། བདེན་བཞི་སོགས་ལ་དད་པ་མང་དུ་ཡོད་ཀྱང་འདིར་ནི་བླ་མ་སངས་རྒྱས་སུ་མཐོང་བའི་དད་པ་ལ་བྱ་དགོས་ ལམ་རིམ་གྱི་དམིགས་སྐོར་ཐམས་ཅད་ནས་བཤེས་གཉེན་བསྟེན་ཚུལ་གྱི་རྩ་བ་དད་པ་སྦྱང་བ་འདི་དང་མར་ཤེས་གཉིས་རྟོགས་པ་སྐྱོ་དཀའ་ཞིང། ལྷག་པར་བཤེས་གཉེན་བསྟེན་ཚུལ་གྱི་རྟོགས་པ་འདི་སྐྱེ་ཡང་དཀའ་ཆོས་དང། གལ་ཡང་ཤིན་ཏུ་ཆེ་ ཤོས་ཡིན། ཇོ་བོ་ལ་བོད་པ་ཚོས་གདམས་ངག་ཞུ་ཞེས་སྐད་ཆེན་པོས་ཞུས་པས། ཧེ་ཧེ། ཁོ་བོ་ལ་རྣ་བ་ཏ་བཟང་པོ་བཟང་པོ་བདོག་སྟེ་མན་ངག་བྱ་བ་དད་པ་ཡིན་དད་པ་དད་པ། གསུང་བ་དང། གོང་གི་དཀོན་མཆོག་ཏ་ལའི་ལུང་གི་འཕྲོར། དོགས་པ་སེལ་ཞིང་ ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དད་བྱེད༑ ༑ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག་ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་དད་པ་ ནི་ཡོན་ཏན་ཐམས་ཅད་སྐྱེ་བའི་གཞིར་མང་དུ་གསུངས་པ་ལྟར་དད་པ་འདི་ཡོད་ན་གདམས་ངག་ནོར་ཡང་ཐུན་མོང་བའི་དངོས་གྲུབ་འགྲུབ་པ། སྔོན་རྒྱ་གར་དུ་མི་ཞིག་གིས་བླ་མ་ལ་ཆོས་གནང་བར་ཞུས་པས། བླ་མ་མཛད་བྲེལ་ཡོད་སྐབས་དང་ཐུག་ [017A]༄༅། །སྟེ་ཕར་སྐྲོད་པའི་ཕྱག་སྟབས་མཛད་དེ།མ་རི་ལེ་ཛ། ཞེས་གསུངས་པ་ན་ཁོས་མ་རི་ལེ་ཛ་ཞེས་པ་ཆོས་དང། ཕྱག་གཡོབ་པར་མཛད་པ་ཕྱག་རྒྱར་གོ་ནས་དེ་བཞིན་ཉམས་སུ་བླངས་པས་དངོས་གྲུབ་ཕྲན་ཚེགས་རེ་དང། གཞན་ལའང་ ཕན་ཐོགས་ཆེན་པོ་བྱུང་བ་དང། ཡང་ཡུལ་གཞན་ཞིག་ཏུ་མུ་གེ་ཤར་བ་ན། མ་རྒན་མོ་ཞིག་གིས་ལྷ་མོ་ཙུན་དའི་སྔགས་བཏོན་ནས་རྡོ་བཙོས་ཏེ་ཟོས་པས་ལུས་སྟོབས་རྒྱས། ལྷ་མོ་ཙུན་དའི་སྔགས་ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སཱཧཱ། ཞེས་ཡོད་ཀྱང་རྒན་མོས་སྔགས་ནོར་ཏེ་ ཨོཾ་བ་ལེ་བུ་ལེ་བུནྡེ་སོགས་བཏོན་ཀྱང་དད་པ་ཡོད་པའི་མཐུས་རྡོ་ཚོས་ཤིང་ཞུ་ཐུབ་པ་དང། རྗེས་སུ་མ་དེའི་བུ་དགེ་ཚུལ་གྱིས་ཁྱོད་ཀྱི་སྔགས་ནོར་བ་རེད་ཅེས་ལྷ་མོ་ཙུན་དའི་སྔགས་དོ་ཐོག་དེ་བསླབས་ཀྱང། མོས་ཐེ་ཚོམ་དང་བཅས་སྔགས་མ་ནོར་བ་བགྲངས་ཀྱང་རྡོ་ཚོས་ མ་ཐུབ་པ་རེད། དེ་ལྟར་དད་པ་མེད་ན་ལྷ་མོ་ཙུན་དའི་སྔགས་དོ་མ་བགྲངས་ཀྱང་རྡོ་མཚོས་ཤིང་མ་ཞུ་བ་ལྟ་བུ་དང། དད་པ་ཡོད་ན་སྔར་ཀོང་པོ་གླེན་པ་ལ་ལྷ་སའི་ཇོ་བོས་གསུང་བྱོན་པ་དང། དེའི་ཡུལ་དུའང་སྤྱན་དྲངས་ཏེ་ཆུ་ཇོ་བོ་དང་རྡོ་ཇོ་བོ་ཞེས་ཀྱང་རང་བྱོན་དུ་ ཕེབས་པ་ད་ལྟ་མཇལ་དུ་ཡོད་པ་སོགས་ལྟར་ཡིན། ཁྱད་པར་དུ་ལམ་འདི་ཉམས་སུ་བླངས་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་གི་དངོས་གྲུབ་བསྒྲུབ་པ་ལ་ནི་གདམས་ངག་ཀྱང་མ་ནོར་བ་དང། བླ་མ་ཡིད་ཆེས་ཀྱི་དད་པ་མེད་དུ་མི་རུང་བ་ ཡིན་ཏེ། སྟོན་པས་ཇོ་བོ་ལ། བོད་ལ་སྒོམ་སྒྲུབ་བྱེད་པ་མང་པོ་ཡོད་པ་ལ་ཡོན་ཏན་ཁྱད་པར་ཅན་བརྙེས་པ་མི་བདོག་ཞུས་པས། ཇོ་བོའི་ཞ་ནས། ཐེག་ཆེན་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མ་ལ་བརྟེན་ནས་སྐྱེ་བ་ལ་ཁྱེད་བོད་བླ་མ་ལ་ཐ་མལ་ [017B] གན་སྐྱེ། ཞེས་གསུངས་པ་དང། རྒྱུད་རྟོག་པ་གསུམ་པ་ལས་ཀྱང། ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་པ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང། །ཞེས་དང། རྒྱལ་བ་དབེན་ས་པས་ཀྱང་ མདོར་ན་ཉམས་རྟོགས་ཆེ་ཆུང་གང་སྐྱེས་ཀྱང། །དད་པ་ཆེ་ཆུང་བསྒོམ་པའི་མཐུ་ཡིན་པས། །དངོས་གྲུབ་འབྱུང་གནས་དྲིན་ཅན་བླ་མ་ལ། །ཡོན་ཏན་བསམ་ཞིང་སྐྱོན་དུ་མི་བལྟ་བའི། །གདམས་པ་འདི་ཉིད་མཐིལ་དུ་འཛིན་པ་དང། །དམ་བཅའ་འདི་འདྲ་གེགས་ མེད་མཐར་ཕྱིན་ཤོག་ཅེས་གསུངས་ནས་དམ་བཅའ་ཚུན་ཆད་མཛད་པ་ལྟར་འདིར་ཡང་བླ་མ་སངས་རྒྱས་སུ་མཐོང་བའི་དད་པ་སྦྱང་བ་ཡིན། དེས་ན་འདི་ལ་གསུམ། བླ་མ་སངས་རྒྱས་སུ་བལྟ་དགོས་པའི་རྒྱུ་མཚན། བལྟ་ནུས་པའི་རྒྱུ་མཚན། ཚུལ་ཇི་ལྟར་བལྟ་ བའི་ཚུལ་ལོ། །དང་པོ་ནི། བླ་མ་སངས་རྒྱས་སུ་བལྟ་དགོས་ཏེ། རང་ཉིད་ཁེ་འདོད་ལ་གྱོང་མི་འདོད་པའི་ཕྱིར། དེ་ཡང། བླ་མ་དེ་སངས་རྒྱས་དངོས་ཡིན་ཀྱང་རང་གིས་སངས་རྒྱས་དངོས་སུ་མ་བལྟས་ན། པོ་ཏོ་བའི་བེའུ་བུ་མ་སྔོན་པོ་ལས། འཇམ་དཔལ་སྤྱན་རས་ གཟིགས་དངོས་བྱོན་ཀྱང། །དེ་ཡི་དོན་དུ་ཅིར་ཡང་མི་འགྱུར། །ཅེས་གསུངས་པ་ལྟར་བྱིན་རླབས་མི་འཇུག་པས་གྱོང་མ་གཏོགས་ཁེ་མི་འབྱུང་སྟེ། ལྷས་བྱིན་དང་ལེགས་སྐར་ལྟ་བུ་ཡིན་པའི་ཕྱིར། བླ་མ་དེ་སངས་རྒྱས་མིན་ཡང་རང་གིས་སངས་རྒྱས་སུ་བལྟས་ ན་ཁེ་མ་གཏོགས་གྱོང་མི་འབྱུང་སྟེ། དཔེར་ན་རྒན་མོས་ཁྱིམ་སོ་ལ་སངས་རྒྱས་ཀྱི་ཚེམས་དངོས་ཀྱི་འདུ་ཤེས་བཞག་ནས་གསོལ་བ་བཏབས་པས་རིང་བསྲེལ་འཁྲུངས་པ་ལྟ་བུ་ཡིན་པའི་ཕྱིར་རོ། །དེ་ཡང་ཁྱི་སོ་ལ་རིང་བསྲེལ་འཁྲུངས་པ་མ་ཡིན་ཀྱང། རྒན་ [018A]༄༅། །མོས་སངས་རྒྱས་ཀྱི་ཚེ་མས་དངོས་ཀྱི་འདུ་ཤེས་བཞག་ནས་དད་པ་སྐྱེས་པས་སངས་རྒྱས་ཀྱི་ཚེམས་དངོས་ཀྱི་བྱིན་རླབས་ཞུགས་ཏེ་སངས་རྒྱས་ཀྱི་རིང་བསྲེལ་འཁྲུངས་པ་ཡིན། དགེ་བཤེས་པོ་ཏོ་བས་ཀྱང་བླ་མའི་བྱིན་རླབས་ཆེ་དང་ཆུང་ བ༑ ༑དངོས་ལམ་ཡིན་རང་ལ་རག་ལས། །ཞེས་གསུངས་པ་ལྟར་བླ་མ་ལ་བྱང་སེམས་ལྟ་བུའི་འདུ་ཤེས་ཡོད་ན་བྱང་སེམས་ཀྱི་བྱིན་རླབས་དང། ཉན་རང་ལྟ་བུའི་འདུ་ཤེས་ཡོད་ན་ཉན་རང་ཙམ་གྱི་བྱིན་རླབས་དང། སངས་རྒྱས་དངོས་ཀྱི་འདུ་ཤེས་ཡོད་ན་སངས་ རྒྱས་དངོས་ཀྱི་བྱིན་རླབས་འཇུག་པ་སོགས་བྱིན་རླབས་ཀྱང་རང་གི་དད་པ་ཆེ་ཆུང་ཇི་ཙམ་ཡོད་པ་དེ་ཙམ་འབྱུང། ས་བཅད་འདི་ནི་ཤིན་ཏུ་གནད་ཆེ་སྟེ། ལམ་གོང་མའི་རྟོགས་པ་ཐམས་ཅད་བླ་མ་ལ་བརྟེན་ནས་སྐྱེ་དགོས་པས་ན་བླ་མ་སངས་རྒྱས་སུ་མཐོང་བའི་དད་ པ་འདི་མ་སྐྱེས་ན་རྟོགས་པ་གཞན་གང་ཡང་སྐྱེས་མེད། བླ་མའི་རྣལ་འབྱོར་ཟེར་བ་ཡང་བླ་མ་སངས་རྒྱས་ཡིན་པ་ལུང་རིགས་ཀྱིས་བསྒྲུབས་ནས་བླ་མ་སངས་རྒྱས་ཡིན་པར་དངོས་སུ་ཐག་ཆོད་པ་ན་ལྷ་གང་བསྒོམ་ཡང་ངོ་བོ་རང་གི་བླ་མ་དེ་ཡིན་པ་ལ་རྣམ་པ་ཡི་ དམ་དང། ལྷག་པའི་ལྷ་དེ་དང་དེ་བསྒོམ་པ་ལ་བྱེད་པ་ཡིན། དེ་ལྟར་མིན་པར་རང་གི་བླ་མ་ཐ་མལ་པར་ལུས་ཏེ་མདུན་དུ་ལྷ་གཅིག་བསྒོམས་ནས་བླ་མའི་རྣལ་འབྱོར་ཡིན་ཟེར་བ་ནི་བླ་མའི་རྣལ་འབྱོར་བསྒོམ་པའི་ཕྱོགས་སུ་ཡང་མི་འགྲོ་གསུངས་ ༈ བླ་མ་སངས་རྒྱས་སུ་བལྟ་ནུས་ཏེ། བླ་མའི་ཡོན་ཏན་མཐོང་བའི་བློ་ཤུགས་དྲག་སྐྱེས་ན་སྐྱོན་རྟོག་གི་བློ་ཟིལ་གྱིས་གནོན་ནས་ཡོན་ཏན་འབའ་ཞིག་ཏུ་མཐོང་ནུས་པའི་ཕྱིར། དེ་ཡང་འཇམ་མགོན་ [018B] སྐྱོན་མཐོང་བ་དད་པའི་གྲོགས་སུ་བསྒྱུར་ཚུལ་གཉིས་ཡོད། དང་པོ་ནི། སྐྱོན་གྱི་ངོས་ནས་བརྟགས་ན་ལྷས་བྱིན་དང་ལེགས་སྐར་གཉིས་ཀྱིས་སངས་རྒྱས་ལ་སྐྱོན་དུ་ བལྟས་པས་ཡོན་ཏན་ཅུང་ཟད་ཙམ་ཡང་མ་མཐོང་བ་དང། ཡོན་ཏན་གྱི་ངོས་ནས་བརྟགས་ན་ནི། དཔེར་ན། ཉི་མ་ཤར་བ་ན་ཟླ་འོད་སོགས་ཟིལ་གྱིས་གནོན་པ་ལྟར་རམ། རང་གིས་རང་ལ་ཡོན་ཏན་གྱི་ངོས་ནས་བལྟས་པས་རང་གི་སྐྱོན་མཐོང་བའི་བློ་ཟིལ་གྱིས་ ནོན་ཏེ་རང་ལ་ཡོན་ཏན་འབའ་ཞིག་མཐོང་བ་བཞིན་ནོ། །དེ་ལྟར་ཡང་ལམ་རིམ་ཆེན་མོ་ལས། སྐྱོན་ཐན་ཐུན་ཡོད་པར་མཐོང་ཡང་བློས་ཡོན་ཏན་གྱི་ཕྱོགས་འཛིན་པས་དད་པ་ལ་གེགས་སུ་མི་འགྲོ་སྟེ། དཔེར་ན་རང་མི་འདོད་པའི་ཕྱོགས་ལ་ཡོན་ཏན་མང་པོ་ཡོད་པར་ མཐོང་ཡང་སྐྱོན་མཐོང་བའི་བློ་ཤུགས་དྲག་པས་ཡོན་ཏན་མཐོང་བའི་བློ་ཟིལ་གྱིས་གནོན་པ་དང། ཡང་རང་ལ་སྐྱོན་མང་པོ་མཐོང་ཡང་རང་གི་ཡོན་ཏན་སྣ་རེ་མཐོང་བའི་བློ་ཤུགས་དྲག་ན་དེས་སྐྱོན་མཐོང་བའི་བློ་ཟིལ་ཀྱིས་གནོན་པ་བཞིན་ནོ། །ཞེས་གསུངས་ གཉིས་པ་སྐྱོན་མཐོང་བ་དད་པའི་གྲོགས་སུ་བསྒྱུར་བའི་སྒོ་ནས་ཀྱང་སངས་རྒྱས་སུ་བལྟ་ནུས་པ་ནི། འོག་ཏུ་རང་གི་སྣང་པ་ལ་ངེས་པ་མེད་པར་བསྒྲུབ་པའི་སྐབས་རྒྱས་པར་འཆད་ཅིང། འོག་གི་ཚུལ་ཇི་ལྟར་བལྟ་བའི་ཚུལ་གྱིས་བཅད་དང་པོ་གསུམ་གྱིས་ཡོན་ཏན་ མཐོང་བའི་བློ་ཤུགས་དྲག་པས་སྐྱོན་རྟོག་གི་བློ་ཟིལ་གྱིས་གནོན་པའི་ས་བཅད་དེ་འགྲུབ་པས་བླ་མ་སངས་རྒྱས་སུ་བལྟ་ནུས་པའི་རྒྱུ་མཚན་ནམ་སྒྲུབ་བྱེད་དང། བཞི་པ་རང་གི་སྣང་བ་ལ་ངེས་པ་མེད་པའི་ས་བཅད་ནི་གཉིས་པ་སྐྱོན་མཐོང་བ་དད་པའི་གྲོགས་སུ་ [019A]༄༅། །བསྒྱུར་བའི་སྒྲུབ་བྱེད་ཡིན། མདོར་ན་ཚེ་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཞིག་འདོད་ན་སྐྱོན་རྟོག་གི་བློ་དགག་སྟེ་བླ་མ་སངས་རྒྱས་སུ་མཐོང་བའི་དད་པ་སྦྱང་བ་འདི་ཤིན་ཏུ་གལ་ཆེ་སྟེ། ལམ་རིམ་ཆེན་མོ་ལས། བླ་མ་ཡོན་ཏན་ ཤས་ཆེ་བ་ཡིན་ཡང་དེའི་སྐྱོན་ཅུང་ཟད་ཡོད་པའི་ངོས་ནས་བརྟགས་ན་རང་ལ་དངོས་གྲུབ་ཀྱི་གེགས་སུ་འགྱུར་ལ། སྐྱོན་ཤས་ཆེ་པ་ལའང་སྐྱོན་གྱི་ངོས་ནས་མ་བརྟགས་པར་ཡོན་ཏན་གྱི་ངོས་ནས་དད་པ་སྦྱངས་ན་རང་ལ་དངོས་གྲུབ་འབྱུང་བའི་རྒྱུར་འགྱུར་ རོ༑ ༑ཞེས་དང། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། སློབ་དཔོན་གྱི་ནི་ཡོན་ཏན་བཟུང། །སྐྱོན་ནི་ནམ་ཡང་བཟུང་མི་བྱ། །ཡོན་ཏན་བཟུང་ན་དངོས་གྲུབ་འཐོབ། །སྐྱོན་རྣམས་བཟུང་ན་དངོས་མི་འགྲུབ། །ཅེས་གསུངས་པས་སོ། །དེས་ན་བླ་ མ་སངས་རྒྱས་སུ་མཐོང་པ་དེ་དང་པོར་བླ་མ་སངས་རྒྱས་ཡིན་པར་རིགས་པས་བསྒྲུབ་དགོས། སྤྱིར་རང་གི་བླ་མ་ལ་སངས་རྒྱས་སུ་འདུ་ཤེས་པ་ཤིན་ཏུ་དཀོན། ཕལ་ཆེར་གྱིས་ཐ་མལ་པའི་འདུ་ཤེས་ལས་མེད་ཀྱང། སངས་རྒྱས་ཡིན་པར་ལུང་ རིགས་ཀྱིས་བསྒྲུབ་ན་བླ་མའི་མཛད་པ་རྣམ་ཐར་གྱིས་ངེས་པར་སངས་རྒྱས་དངོས་སུ་མཐོང་བའི་དད་པ་སྐྱེ་ནུས་ཏེ། མདོ་ལས། དུ་པ་ལས་ནི་མེར་ཤེས་ཤིང། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་ མཚན་མ་དག་ལས་ཤེས། །ཞེས་གསུངས་པ་ལྟར་ཡིན། དེ་ཡང་ལུང་རིགས་ཡང་དག་གི་ལམ་ལས་དྲངས་ན་ངེས་པ་རྙེད་པ་ལ་ཁྱད་ཆེ་ཞིང་བརྟན་པ་འོང་བས་འདིར་བླ་མའི་མན་ངག་ལྟར་བཤད་ན། ༈ [019B] བླ་མ་སངས་རྒྱས་ཡིན་པར་རྡོ་རྗེ་འཆང་གིས་བཞེད་པ། བླ་མ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་བྱེད་པོ་ཡིན་པ། དིང་སང་གི་དུས་སུ་ཡང་སངས་རྒྱས་དང་བྱང་སེམས་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པ། རང་གི་སྣང་བ་ལ་ངེས་པ་ མེད་པའོ། །དང་པོ་ནི། འདི་ལ་ཁ་ཅིག་གིས་བླ་མ་སངས་རྒྱས་མ་ཡིན་པ་ལ་གསར་དུ་སངས་རྒྱས་ཡིན་པར་བསྒྲུབ་རྒྱུ་ཡིན་འདྲ་སྙམ་ན། དེ་ནི་གཏན་ནས་མ་ཡིན་ཏེ། །རང་གིས་རང་ཉིད་སངས་རྒྱས་པ་ཞིག་བྱ་མི་ཐུབ་པ་ལ་བླ་མ་སངས་རྒྱས་མ་ཡིན་ན་ རང་གིས་སངས་རྒྱས་སུ་ག་ནས་བཟོ་ཐུབ། འདིར་དེ་ལྟར་མིན་པར་བླ་མ་སངས་རྒྱས་ཡིན་ཡང་རང་གིས་ངོ་མ་འཕྲོད་པ་དེ་ལུང་རིགས་ཀྱིས་བསྒྲུབས་ནས་སངས་རྒྱས་སུ་མཐོང་ཐབས་བྱེད་པ་ཡིན། དེ་ཡང་གཞན་གྱི་བླ་མ་རྣམས་རང་གིས་སངས་ རྒྱས་ཡིན་མིན་བསྒྲུབ་མི་དགོས་ཀྱང། རང་གི་བླ་མ་རང་གིས་སངས་རྒྱས་སུ་ངོ་མ་འཕྲོད་པ་དེ་སངས་རྒྱས་སུ་བསྒྲུབ་དགོས་པས། དེ་ལ་བླ་མ་ནི་སངས་རྒྱས་ཡིན་ཏེ། དེ་ལྟར་ཡིན་པར་རྒྱལ་བ་རྡོ་རྗེ་འཆང་གིས་ཞལ་ཆེམས་ལྟ་བུར་རྒྱུད་སྡེ་རྣམས་ནས་ལན་ མང་དུ་གསུངས་པའི་ཕྱིར། དེ་ལྟར་ཡང་ཀྱེ་རྡོར་གྱི་རྒྱུད་བརྟག་གཉིས་ལས། ཕྱི་མའི་དུས་སུ་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་ཀྱི་སྐུ། །ཞེས་དང། གུར་ལས་ཀྱང། གང་ཉིད་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་གཟུགས་སུ་ འཛིན། །སེམས་ཅན་ཕན་གདགས་དམིགས་ནས་ནི། །ཐ་མལ་པ་ཡི་ཚུལ་དུ་གནས། །ཞེས་དང། གཞན་ཡང། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་སུ་འཛིན། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་དང། མ་ [020A]༄༅། །འོངས་སྙིགས་མའི་དུས་སུ་ནི། །ང་ནི་བྱིས་པའི་གཟུགས་དང་ནི། །སྣ་ཚོགས་ཐབས་ཀྱི་གཟུགས་སུ་སྟོན། །ཞེས་དང། སློབ་དཔོན་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ་ཞེས་གསུངས། དེ་བཞིན་དུ་དེ་བཞིན་གཤེགས་པས་ སྙིགས་མའི་དུས་སུ་བླ་མའི་རྣམ་པར་བྱོན་པར་སྔགས་ཕྱོགས་སུ་གསུངས་པ་ཙམ་དུ་མ་ཟད། མདོ་ཕྱོགས་ནས་ཀྱང་གསུངས་ཏེ། ལྷོ་ཕྱོགས་ཀྱི་རི་ཤིན་ཏུ་མཐོ་བ་ཞེས་བྱ་བར་སྟོན་པས་ཆོས་གསུངས་པ་ན། བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱིས་ ད་ལྟ་ངེད་ཅག་རྣམས་ལ་སྟོན་པས་ཆོས་གསུངས་ཀྱང། མ་འོངས་པ་ན་སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་ཆོས་སྟོན་མཁན་མེད་སྙམ་དུ་སེམས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཁྭ་ཡེ་མཐོང་བ་དོན་ཡོད་ཀྱེ། །ཕྱི་མའི་དུས་སུ་གྱུར་པ་ན།། ང་ནི་མཁན་པོའི་ལུས་ཀྱིས་སྟོན། །ང་ནི་སློབ་དཔོན་གཟུགས་སུ་གནས། །ཞེས་དང། ཀྭ་ཡེ་མཐོང་བ་དོན་ཡོད་ཀྱེ། །སེམས་ཅན་རྣམས་ནི་སྨིན་པའི་ཕྱིར། །ང་ནི་སྐྱེ་དང་རྒ་བ་དང། །ན་དང་འཆི་བ་རབ་ཏུ་སྟོན། །ཞེས་ལྔ་བརྒྱ་ཐ་མའི་དུས་སུ་ང་དང་མི་མཇལ་སྙམ་དུ་ སེམས་ཕམ་མི་དགོས། དེའི་དུས་སུ་ང་བླ་མའི་རྣམ་པར་བསྟན་ནས་འོང་བས་དེའི་ཚེ་ང་ཡིན་པར་ཤེས་པར་གྱིས་ལ་གུས་པ་སྐྱེད་ཅིག་གསུངས། དེ་ལྟར་མདོ་དང་རྒྱུད་སྡེ་ནས་མང་དུ་གསུངས་པ་དེ་རྣམས་ཀྱང་སྔགས་ཀྱི་མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་པ་ ལྟ་བུ་དང། དྲང་དོན་དང། ལྡེམ་དགོངས་དང། དགོངས་པ་ཅན་སོགས་མིན་ལ། སྤྱིར་རྒྱལ་བའི་བཀའ་མདོ་རྒྱུད་ཐམས་ཅད་ལ་དྲང་དོན་དང་དགོངས་པ་ཅན་སོགས་མང་དུ་ཡོད་ཀྱང། བཤེས་གཉེན་བསྟེན་ཚུལ་གྱི་ལུང་འདི་དག་ནི་སྒྲ་ཇི་བཞིན་པ་ཡིན་ [020B] ལུང་དེ་དག་གི་དོན་ཡང་མ་འོངས་ལྔ་བརྒྱ་ཐ་མ་སྟེ་སྙིགས་མའི་དུས་སུ་རྡོ་རྗེ་འཆང་བླ་མའི་རྣམ་པར་བྱོན་པར་རྒྱལ་བ་རྡོ་རྗེ་འཆང་རང་ཉིད་ཀྱིས་ཞལ་གྱིས་བཞེས་ལ། མདོ་ཏིང་འཛིན་རྒྱལ་པོ་ལས། ཟླ་བ་སྐར་མར་བཅས་པ་ གནས་ལྟུང་ཞིང། །རི་དང་གྲོང་དུ་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང། །ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུང། །ཞེས་གསུངས་པ་ལྟར་རྒྱལ་བ་རྡོ་རྗེ་འཆང་གིས་རྫུན་གསུང་བ་རྣམ་པ་ཐམས་ཅད་དུ་མི་སྲིད་པ་ཡིན། དེ་ལྟ་ བུའི་དུས་དེ་དེང་སང་གི་དུས་ཡིན་པས་ན་དེང་སང་གི་དུས་སུ་རྒྱལ་བ་རྡོ་རྗེ་འཆང་བླ་མའི་རྣམ་པར་བསྟན་ནས་གདུལ་བྱར་ཆོས་སྟོན་མཁན་ཞིག་ངེས་པར་འབྱོན་ལ། དེང་སང་གི་དུས་སུ་བླ་མའི་རྣམ་པར་བྱོན་ན་རང་གི་བླ་མའི་རྣམ་པར་ཡང་བྱོན་དགོས། སེམས་ ཅན་ཐམས་ཅད་ཀྱི་དོན་དུ་བྱོན་ན་རང་གཅིག་པུའི་དོན་དུ་ཅིའི་ཕྱིར་མི་འབྱོན་ཏེ། རང་གཅིག་པུ་ཡལ་བར་འདོར་བ་མི་སྲིད་པའི་ཕྱིར། དེས་ན་རྒྱལ་བ་རྡོ་རྗེ་འཆང་རང་གི་བླ་མའི་རྣམ་པར་བྱོན་པ་ཐག་ཆོད་པས་ན་རང་གི་བླ་མ་ནི་རྒྱལ་བ་རྡོ་རྗེ་འཆང་ཡིན། འདི་ལ་ ཁ་ཅིག་གིས། གོང་དུ་དྲངས་པའི་ལུང་གི་དོན་རང་གི་བླ་མའི་ཁྲོད་ན་རྒྱལ་བ་རྡོ་རྗེ་འཆང་གི་སྤྲུལ་པ་ཞིག་ཡོད་ཅེས་པའི་དོན་ལས། རང་གི་བླ་མ་ཐམས་ཅད་རྡོ་རྗེ་འཆང་ཡིན་ཞེས་པའི་དོན་མ་ཡིན་པས་རང་གི་བླ་མའི་ཁྲོད་དུ་རྡོ་རྗེ་འཆང་གི་སྤྲུལ་པ་ཞིག་ཡོད་པར་ ངེས་ཀྱང་ཚང་མ་རང་ཡིན་མི་དགོས་སྙམ་ན། དེ་ཡང་མ་ཡིན་ཏེ། རྡོ་རྗེ་འཆང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པས་རང་གི་དོན་ཡང་མཛད་དགོས་ལ། དེ་མཛད་པ་པོ་རང་གི་བླ་མའི་གྲལ་དུ་མེད་པ་ནི་ཁས་ལེན་མི་རིགས་སོ། །འོ་ན་རྒྱལ་བ་རྡོ་རྗེ་འཆང་གི་ [021A]༄༅། །སྤྲུལ་པ་ཡིན་པ་དེ་སུ་ཡིན། མ་ཡིན་པ་དེ་སུ་ཡིན་ཞེས་དྲིས་ན། འདི་ཡང་མ་ཡིན། འདི་ཡང་མ་ཡིན་སྙམ་པ་ལས་ངོས་བཟུང་རྒྱུ་མི་རྙེད་ལ། དེ་ལྟར་ཡོད་པར་ནི་ངེས། ངོས་བཟུང་རྒྱུ་ནི་མ་རྙེད་ན་ཚང་མ་ལ་འདི་ཡང་ཡིན་ནམ། འདི་ ཡང་ཡིན་ནམ་སྙམ་དུ་དོགས་པ་བྱེད་དགོས་པ་དཔེར་ན། མི་བདུན་གྱི་ནང་དུ་རྐུན་མ་ཞིག་ཡོད་པར་ནི་ངེས། སུ་ཡིན་མ་ཤེས་ན་མི་བདུན་པོ་ཐམས་ཅད་ལ་དོགས་པ་བྱེད་དགོས་པ་དང། ཡུལ་གྱི་རྒྱལ་པོ་དེ་ཡུལ་གཞན་ཞིག་ན་མི་མང་པོའི་དབུས་སུ་ཕལ་པར་ བརྫུས་ནས་ཡོད། དེ་ངོ་ཡང་མ་ཤེས་ན་དོགས་པ་དེ་ལྟར་བྱེད་དགོས་པ་དང་འདྲ། དེར་མ་ཟད་རྡོ་རྗེ་འཆང་རང་འདུལ་བའི་ཕྱིར་དུ་བྱོན་ཅིང། རྡོ་རྗེ་སློབ་དཔོན་ནས་ཀ་ཁ་སློབ་པའི་དགེ་རྒན་ཚུན་གྱི་རང་གི་རྩ་བའི་བླ་མ་དེ་ཐམས་ཅད་ཀྱིས་རང་འདུལ་ཐབས་མཛད་པས་ མཛད་པ་འདིས་ཀྱང་རྡོ་རྗེ་འཆང་ཡིན་པར་ངེས་པ་རྙེད་དགོས། དེས་ན་རང་གི་བློ་ཁ་ཆོས་ཕྱོགས་སུ་བསྒྱུར་བར་མཛད་པའི་རྩ་བའི་བླ་མ་དེ་རྡོ་རྗེ་འཆང་ཡིན་པར་ཐག་ཆོད། རང་གི་བླ་མ་གཞན་རྣམས་ཀྱང་རྩ་བའི་བླ་མ་དེའི་རྣམ་རོལ་དུ་བལྟ་དགོས་ཏེ། དཔེར་ན་བོད་ འདུལ་ངའི་ཕྱིར་དུ་འཕགས་པ་སྤྱན་རས་གཟིགས་ཀྱིས་སྤྲེའུ་བྱང་ཆུབ་སེམས་དཔའ་དང། རྒྱལ་བློན། པཎ་གྲུབ། སྔགས་འཆང། དམངས་ཕལ་པ་སོགས་སྣ་ཚོགས་པའི་སྤྲུལ་པར་ཕེབས་ནས་བཏུལ་པ་ལྟར་རྒྱ་བ་རྡོ་རྗེ་འཆང་གིས་ཀྱང་བླ་མ་གཅིག་ གི་རྣམ་པར་བསྟན་ན་རང་འདུལ་བར་མི་ནུས་པར་གཟིགས་ཏེ། ཁ་ཤས་ཀློག་སློབ་པའི་སློབ་དཔོན་དང། ཁ་ཤས་རབ་བྱུང་དང། བསྙེན་རྫོགས་ཀྱི་མཁན་པོ། འགའ་ཤས་གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་དུ་སྤྲུལ་བ་སོགས་རྣམ་པ་སྣ་ཚོགས་ [021B] དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད། །གར་མཁན་དག་དང་རི་མོ་བཟང་ལྟར་སྣང། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུ་ཉམས་ནི་དུ་མའི་གར་མཛད་དོ། །ཞེས་ གསུངས་པ་ལྟར་དཔེར་ན། རང་རེའི་འཆམ་དཔོན་ལྟ་བུ་གཅིག་གིས་འབག་དང་ཆས་གོས་སྣ་ཚོགས་བརྗེས་ནས་ལྷ་དེ་དང་དེ་ཞེས་མིང་སོ་སོར་བཏགས་པ་ཅེམ་ལས། དོན་དུ་འཆམ་དཔོན་མི་གཅིག་ཉིད་ཡིན་པ་ལྟར། རང་གི་བླ་མའི་ཁྲོད་དུ་རྒྱལ་ བ་རྡོ་རྗེ་འཆང་གི་སྤྲུལ་པ་ཞིག་ཡོད་པ་ཙམ་དུ་མ་ཟད། བླ་མ་དེ་ཐམས་ཅད་རྡོ་རྗེ་འཆང་གི་སྤྲུལ་པ་ཡིན་པས། བདག་གི་བླ་མ་འདི་རྣམས་ནི་མདོ་རྒྱུད་ཐམས་ཅད་ནས་ཡང་དང་ཡང་དུ་གསུངས་པ་ལྟར་སངས་རྒྱས་ཉིད་ཡིན་པར་ཐག་གཅོད་དགོས། ས་ བཅད་འདིས་ངེས་པ་གཏིང་ཚུགས་པ་བསྐྱེད་མི་ཐུབ་ཀྱང་ཧལ་ཧོལ་ཙམ་གྱི་ངེས་པ་སྟེར་བ་ཡིན་གསུངས། ༈ བླ་མ་སངས་རྒྱས་ཡིན་པར་རྒྱལ་བ་རྡོ་རྗེ་འཆང་གིས་ བཞེད་པའི་བླ་མ་དེ་སངས་རྒྱས་གཅིག་ཡིན་པ་ཙམ་དུ་མ་ཟད། སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་བྱེད་པ་པོ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་བླ་མ་ལ་བརྟེན་ནས་གདུལ་བྱར་འཇུག་དགོས་པའི་ཕྱིར། དེ་ཡང་རང་ཅག་གིས་ བཟའ་བཏུང་ཇི་ཙམ་ལོངས་སྤྱོད་ཀྱང་ཐམས་ཅད་མགྲིན་པའི་ལམ་ནས་བརྒྱུད་དགོས་པ་ལྟར། སངས་རྒྱས་བྱེ་བ་བརྒྱ་ཕྲག་མང་པོ་ཡོད་ཀྱང་བླ་མ་ལ་མ་བརྟེན་པར་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་གདུལ་བྱའི་རྒྱུད་ལ་འཇུག་ཐབས་མེད་པ་ [022A]༄༅། །རྗེས་བུཎ་གྱིས། ཉི་མའི་བོད་ཟེར་རབ་ཙ་ཡང། །མེ་ཤེལ་མེད་པར་མེ་མི་འབྱིན། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང། །བླ་མ་མེད་པར་འཇུག་མི་ནུས། །ཞེས་དང། དེ་དང་མཐུན་པར་རྒྱལ་བ་རྒོད་ཚང་པའི་སློབ་མ་ཟླ་འོད་ རིན་ཆེན་གྱིས་ཀྱང། བར་གྱི་སྒྲིབ་བྱེད་དག་པ་ན། །ཁྲི་གདུགས་ཉི་མའི་ནུས་པ་དེ། །མེ་ཤེལ་དྭངས་པའི་རྟེན་འབྲེལ་གྱིས། །བུད་ཤིང་སྟེང་དུ་ཕེབས་པ་ཡིན། །ཐ་མལ་སྐྱོན་རྟོག་དག་པ་ན། །ཕྱོགས་བཅུའི་སངས་རྒྱས་བྱིན་རླབས་དེ། །མཚན་ལྡན་བླ་ མའི་རྟེན་འབྲེལ་གྱིས། །སློབ་མའི་རྒྱུད་ལ་ཕེབས་པ་ཡིན། །ཞེས་གསུངས་པ་ལྟར། དཔེར་ན་ཉི་མའི་དཀྱིལ་འཁོར་གྱིས་སྤྲ་བ་ལ་མེ་འབྱིན་པའི་ནུས་པ་ཡོད་ཀྱང་བར་དུ་མེ་ཤེལ་མ་བཅུག་ན་ཉི་མ་ཇི་ཙམ་ཚ་ཡང་མེ་སྦར་མི་ནུས། དེ་གཉིས་ཀྱི་བང་དུ་མེ་ཤེལ་ བཅུག་སྟེ་ཉི་ཟེར་ཕོག་པ་ན་མེ་རང་དབང་མེད་པར་འབྱིན་པ་བཞིན་དུ། ཉི་མའི་འོད་ཟེར་དང་འདྲ་བའི་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཀྱང་སྤྲ་བ་དང་འདྲ་བའི་རང་རྒྱུད་དང་སངས་རྒྱས་གཉིས་ཀྱི་བར་དུ་མེ་ཤེལ་ལྟ་བུའི་བླ་མ་མེད་ན་འཇུག་ ཐབས་མེད་ཅིང། ཉི་མའི་འོད་ཟེར་གྱི་མེ་དེ་མེ་ཤེལ་ལ་བརྟེན་ནས་ཤིང་སོགས་ལ་འཇུག་དགོས་པ་ལྟར་སངས་རྒྱས་ཀྱི་འཕྲིན་ལས་དེ་ཡང་བླ་མ་ལ་བརྟེན་ནས་གདུལ་བྱའི་རྒྱུད་ལ་འབད་མེད་དུ་འཇུག་དགོས། དེའི་ཕྱིར་བླ་མ་ནི་འཕྲིན་ལས་ འཇུག་པའི་སྒོ་ཉེ་ཤོས་ཡིན་པས་འཕྲིན་ལས་ཀྱི་བྱེད་པ་པོ་ཡིན། ཡང་ཁ་ཅིག་གིས། དེ་ལྟར་བླ་མ་ནི་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་བྱེད་པ་པོ་ཡིན་ཡང་སངས་རྒྱས་རང་ཡིན་མི་དགོས་སོ་སྙམ་ན། འོ་ན་སངས་རྒྱས་ཀྱིས་དེང་ [022B] དེ་ནི་སྤྲུལ་པས་མཛད་པ་ལས། ད་ལྟ་རང་ལ་སངས་རྒྱས་དངོས་མཇལ་སྐལ་དུ་མ་གྱུར། དེ་ལྟར་རང་འདུལ་བའི་དོན་དུ་སྤྲུལ་བ་དེ་རང་གིས་མཇལ་བའི་བླ་མ་འདི་ ལས་མེད། དེ་ཐ་མལ་པ་ཡིན་ན་སངས་རྒྱས་ཀྱིས་འགྲོ་དོན་མཛད་པའི་ཚེ་འཕྲིན་ལས་འཇུག་པ་བླ་མ་ལ་བརྟེན་ནས་མཛད་པས་ན་དེ་བླ་མ་ལ་རེ་བ་མཛད་དགོས་བ་བྱུང་བ་ཡིན། བླ་མ་དེ་སངས་རྒྱས་མིན་ན་སངས་རྒྱས་ཐམས་ཅད་སྟོབས་ བཅུ་དང། མི་འཇིགས་པ་བཞི་དང། མ་འདྲེས་པ་བཅོ་བརྒྱད་སོགས་དང། མཁྱེན་བརྩེ་ནུས་གསུམ། འཕྲིན་ལས་ལྷུན་གྱིས་གྲུབ་པ་སོགས་སྤངས་རྟོགས་ཀྱི་ཡོན་ཏན་མ་ལུས་པ་མཐར་ཕྱིན་པ་ལ་འགྲོ་དོན་མཛད་རན་པ་ན་ སོ་སྐྱེ་ཐ་མལ་བ་ཞིག་ལ་རེ་ལྟོས་མཛད་དགོས་པ་བྱུང་ན་ནི་དེ་འདྲའི་སངས་རྒྱས་དེ་ཤིན་ཏུ་ཐ་ཆད་ཡིན་པས་དེ་ལྟར་རེ་བ་མི་སྲིད་དེ། དཔེར་ན་རྒྱལ་པོའི་རྩམ་པ་ཆད་པ་ན་རྒྱལ་པོའི་དཔལ་འབྱོར་གྱིས་རྩམ་པ་འབད་མེད་དུ་འབྱུང་ བ་མ་གཏོགས། རྒྱལ་པོས་སྤྲང་པོ་སོགས་ལ་རྩམ་པའི་རེ་བ་བྱེད་མི་སྲིད་པ་བཞིན་ནོ། །དེས་ན་སངས་རྒྱས་ནི་ཡོན་ཏན་དང་འཕྲིན་ལས་མཐའ་ཡས་པ་ཐོབ་པས་སོ་སྐྱེ་ལ་ག་ལ་རེ་སྟེ། ཉན་རང་དང་ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་ པ་ཚེ་ལའང་རེ་བ་མཛད་པ་མི་སྲིད་པར་འཕྲིན་ལས་འཇུག་པའི་སྒོ་གྲུ་དང་ཟམ་པ་ཚུན་ཆད་ཇི་འདྲ་ཞིག་དགོས་ཀྱང་རྒྱལ་བ་རང་ཉིད་ཀྱིས་འབད་མེད་ལྷུན་གྲུབ་ཏུ་སྤྲུལ་བར་མཛད། སྤྱིར་བླ་མ་ལ་རང་ལ་ཀ་ཁ་སློབ་པ་ཡན་ཆད་ [023A]༄༅། །ཡོན་ཏན་སྣ་རེ་མི་བསྐྱེད་པ་དང། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྣ་རེ་མི་སྟོན་པ་མེད་ལ། ཡོན་ཏན་སྣ་རེ་བསྐྱེད་པ་དང། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྣ་རེ་སྟོན་པ་ཐམས་ཅད་ལ་སངས་རྒྱས་ ཀྱི་འཕྲིན་ལས་སྣ་རེ་འཇུག་པ་ཡིན་པས་བླ་མ་སངས་རྒྱས་ཡིན་པ་དེའི་རྟགས་ཀྱིས་ཀྱང་ཤེས་ནུས། དེས་ན་བླ་མ་ནི་སངས་རྒྱས་ཀྱི་འཕྲིན་ལས་འཇུག་པའི་སྒོ་ཡིན་པ་དང། དེ་ཡང་སངས་རྒྱས་རང་གིས་སྤྲུལ་པའི་རྒྱུ་མཚན་ ཀྱི་ཕྱིར་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་ཐག་གཅད་དགོས། སངས་རྒྱས་ཀྱི་སྤྲུལ་པ་ཡིན་ཕྱིན་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་ཡིན་པར་ཐག་གཅད་དགོས། དེས་ན་བླ་མ་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་རང་གཟུགས་ཡིན་ དེའི་ཕྱིར་བླ་མ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་གཟུགས་ཡིན། དེའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་ནོ། །དེས་ན། སངས་རྒྱས་ཐམས་ཅད་འདུས་པའི་སྐུ་སོགས་དང། སངས་རྒྱས་ཐམས་ཅད་འདུས་ པའི་ངོ་བོ། ཞེས་པ་དང། བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ཞེས་སོགས་ཀྱང་དོན་འདི་ལ་དགོངས་པ་རེད། དེར་མ་ཟད་སངས་རྒྱས་ཀྱི་འཕྲིན་ལས་ལ་བྱ་བ་ཡུལ་ལ་ཡོད་པ་དང། བྱེད་པ་པོ་ལ་ཡོད་པ་གཉིས་ལས་ བྱེད་པ་པོ་ལ་ཡོད་པ་ནི་སངས་རྒྱས་ཁོ་ནའི་འཕྲིན་ལས་དང། བྱ་བ་ཡུལ་ལ་ཡོད་པ་ནི་རང་ལ་རྣམ་དཀར་གྱི་དགེ་བ་གང་ཡོད་པ་དེ་ལ་བྱེད། དེ་ཡིན་ཏེ། གདུལ་བྱའི་རྒྱུད་ཀྱི་རྣམ་དཀར་གྱི་ཡོན་ཏན་ཡིན་ན་སངས་རྒྱས་ཀྱི་འཕྲིན་ལས་ [023B] དེས་ན་རང་རྒྱུད་ལ་རྣམ་དཀར་གྱི་ཡོན་ཏན་སྐྱེད་ན་སངས་རྒྱས་ཀྱི་འཕྲིན་ལས་ཡིན་པས་ཁྱབ། དེ་ཡིན་ན་སངས་རྒྱས་ཀྱི་འཕྲིན་ལས་འཇུག་པའི་སྒོ་ཡིན་པས་ཁྱབ། དེ་ཡིན་ན་སངས་རྒྱས་ཡིན་པས་ཁྱབ་ དེའི་ཕྱིར་རང་རྒྱུད་ལ་འཕྲིན་ལས་འཇུག་པ་དེ་བླ་མ་ལ་བརྟེན་ནས་འཇུག་དགོས་པས་ན་བླ་མ་ནི་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་བྱེད་པ་པོ་ཡིན་པར་ཐག་ཆོད། གཞན་ཡང། སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་བདག་ རྐྱེན་ཡེ་ཤེས་ཆོས་སྐུ་ལས་འབྱུང་བར་གསུབས་པས། རང་རྒྱུད་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་དེའི་བདག་རྐྱེན་ཡེ་ཤེས་ཆོས་སྐུ་དེ་བླ་མའི་ཐུགས་རྒྱུད་ལས་གཞན་དུ་འཇོགས་མེད་པས་དེ་བླ་མའི་ཐུགས་རྒྱུད་ལ་འཇོག་དགོས། ཡེ་ཤེས་ ཆོས་སྐུ་རྒྱུད་ལྡན་ནི་སངས་རྒྱས་འཕགས་པ་ཁོ་ན་ཡིན་པས་དེས་ཀྱང་བླ་མ་སངས་རྒྱས་སུ་ཐག་གཅད་དགོས། ས་བཅད་འདིས་ས་བཅད་སྔ་མ་ལས་ལྷག་པའི་འོལ་སྤྱི་ཙམ་གྱི་ངེས་པ་སྟེར་བ་ཡིན་གསུངས། ། གསུམ་བ་དེང་སང་གི་དུས་སུ་ཡང་སངས་རྒྱས་དང་བྱང་སེམས་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ནི། བླ་མ་ནི་སངས་རྒྱས་ཡིན་པ་ཙམ་དུ་མ་ཟད། སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་རང་གཟུགས་ཡིན་ཏེ། རྗེ་སྐེད་ ཚང་པས། སྔོན་བྱོན་གྱི་སངས་རྒྱས་བྱང་སེམས་རྣམས། །ད་དུས་ཀྱི་འགྲོ་བའི་དོན་མཛད་པ། །ཁས་ལེན་ཙམ་མིན་པར་བསམས་ཤེས་ན། །མཚན་ལྡན་གྱི་བླ་མའི་ཐོག་ཏུ་འཛོམ། །ཞེས་གསུངས་པ་ལྟར་དེང་སང་གི་དུས་སུ་ཕྱོགས་ [024A]༄༅། །བཅུའི་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་ཨེ་མཛད་ཅེ་ན་ངེས་པར་མཛད་དེ། སངས་རྒྱས་ཐམས་ཅད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་ཚོགས་བསགས་ནས་འབྲས་བུ་ ཆོས་ཀྱི་སྐུ་བསྒྲུབས་པ་ཐམས་ཅད་སེམས་ཅན་ཁོ་ནའི་དོན་དུ་མཛད་པ་ཡིན་པས། མཐར་བཞེད་དོན་འབྲས་བུ་ཆོས་སྐུ་བརྙེས་པ་ན་སེམས་ཅན་གྱི་དོན་མཛད་པའི་དུས་ལ་བབས་པས་མཛད་རྒྱུ་སེམས་ཅན་གྱི་དོན་ཁོ་ན་ལས་མེད་པས་ སེམས་ཅན་གྱི་དོན་མི་མཛད་པའི་གོ་སྐབས་ཅུང་ཟད་ཀྱང་མི་སྲིད། དེས་ན་དེང་སང་གི་དུས་སུ་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཐག་ཆོད། འོ་ན་སེམས་ཅན་ཐམས་ཅད་ཀྱི་དོན་ཨེ་མཛད་སྙམ་ན་དེ་ཡང་ངེས་པར་ མཛད་པ་ནི། སེམས་ཅན་འགའ་ཞིག་ཡལ་བར་འདོར་བ་མི་སྲིད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུགས་ཀྱང་བསྐྱེད། ཉེ་རིང་ཡང་གཏན་ནས་མི་མངའ་བའི་ཕྱིར། དེ་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའང་ཐག་ ཆོད༑ འོ་ན་དེང་སང་གི་དུས་སུ་སངས་རྒྱས་ཐམས་ཅད་ཀྱིས་རང་གི་དོན་ཨེ་མཛད་ཟེར་ན་དེ་མཛད་དགོས་ཏེ་སངས་རྒྱས་ཐམས་ཅད་ཀྱིས་དང་པོར་ཐུགས་བསྐྱེད་པ་ནས་མཐར་འབྲས་བུ་ཆོས་ཀྱི་སྐུ་བརྙེས་པའི་བར་ཐམས་ཅད་ སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཛད་པས་ན། ཐམས་ཅད་ཅེས་པ་ནི་སེམས་ཅན་གཅིག་ཀྱང་མ་ལུས་པ་ལ་གོ་དགོས་པས་རང་ཉིད་གཅིག་པུ་ཡལ་བར་འདོར་བ་གལ་སྲིད། བདག་གི་སྐྱབས་མགོན་བླ་མ་རིན་པོ་ཆེས་ཀྱང་ [024B] དོན་ཅི་མཛད་ན་རང་ཐར་པ་དང་ཐམས་ ཅད་མཁྱེན་པའི་གོ་འཕང་ཐོབ་པའི་དོན་མཛད། དེ་མཛད་པ་ལ་རང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པའི་ཐབས་བསྟན་དགོས། དེ་སྟོན་པ་པོ་སྤྲུལ་དགོས། དེ་རང་གི་བླ་མའམ་དགེ་རྒན་དེ་ལས་ལོགས་སུ་ མེད་པས་ན་དེང་སང་གི་དུས་སུ་སངས་རྒྱས་ཐམས་ཅད་ཀྱིས་རང་གི་དོན་ཡང་མཛད་པ་ཐག་ཆོད། དེ་ཡང་དག་ཞིང་ནས་རྒྱང་རིང་དུ་གཟིགས་པ་ལྟ་བུ་མ་ཡིན་པར་དངོས་སུ་རང་གི་དོན་མཛད་པ་པོ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་ཞིག་ ཡོད་དགོས༑ སྤྲུལ་པ་དེས་ཀྱང་མ་ལག་ཞར་མའི་བུ་ཆུས་ཁྱེར་བལྟར་བྱ་ཐབས་མེད་པར་གཟིགས་ནས་མི་བཞུགས་པར་རང་འདུལ་བའི་ཐབས་མཁས་ཀྱི་མཛད་པ་མཛད། དེ་ལྟར་ན་རང་འདུལ་བའི་དོན་ནི་མཛད། སྐུ་དངོས་ཀྱིས་ནི་ འདུལ་བར་མི་ནུས་པས་སྤྲུལ་པས་འདུལ་བ་ལས་འོས་མེད། དེའི་ཕྱིར་རང་འདུལ་བར་མཛད་པ་པོ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་ཞིག་ཡོད་པ་ཐག་ཆོད། དེ་ནི་རང་གི་བླ་མ་དེ་ཡིན་དགོས་ཏེ། དེ་མིན་ན་འཕྲལ་དུ་བཀྲེས་སྐོམ་ དབུལ་ཕོངས་སེལ་བའི་ཆེད་ལྟ་བུའི་ཟས་གོས་གནས་མལ་ཡོ་བྱད། གྲོགས་ལ་སོགས་པས་ནི་རང་ཉིད་འཁོར་བར་ལྷག་པར་འཆིང་བྱེད་ཙམ་ལས། མངོན་མཐོ་དང་ངེས་ལེགས་ཀྱི་ལམ་གང་ཡང་མི་སྟོན་པས་དེ་དག་ནི་རང་འདུལ་ [025A]༄༅། །བར་མཛད་པའི་སངས་རྒྱས་ཀྱི་སྤྲུལ་པ་ཡིན་ཐམས་ཅད་མེད། དེ་ཅི་ཡིན་ཞེ་ན། སངས་རྒྱས་ཀྱིས་རང་འཁྱགས་པ་དང་ལྟོགས་པ་སེལ་བའི་ཕྱིར་ཙམ་མ་ཡིན་པར་འཁོར་པ་དང་ངན་སོང་གི་འཇིགས་པ་ལས་སྒྲོལ་ ཐབས་ཁོ་ན་མཛད་པ་ཡིན། དེ་ཐར་པ་དང་ཐམས་ཅད་མཁྱོན་པའི་ལམ་སྟོན་པ་ལས་གཞན་མཛད་དུ་མེད། དེ་ཡང་སངས་རྒྱས་རང་ཉིད་གང་ནས་གཤེགས་པའི་ལམ་དེ་རང་ལ་བསྟན་ནས་རང་འདྲེན་ཐབས་མཛད་པ་ཡིན། དེ་མཛད་པ་ ལ་རང་ལ་ཐར་ལམ་སྟོན་མཁན་ཞིག་དགོས། དེ་སྟོན་པ་ལ་ཆོས་གསུང་མཁན་ཞིག་དགོས། དེ་ད་ལྟ་བླ་མས་གསུངས་པ་འདི་ལས་གཞན་དུ་འགྲོ་ས་མེད་པས་ཆོས་གསུངས་པའི་མཛད་པ་མཛད་པ་འདིས་ཀྱང་སངས་རྒྱས་ཀྱི་སྤྲུལ་པ་ ཡིན་པ་ཐག་ཆོད། དེས་ན་བླ་མས་ནི་རང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྒྲོལ་བའི་ཐབས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འབད་ནས་བཀྲི་བས་དེ་ཉིད་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པའི་རྒྱུ་མཚན་ནམ་རྟགས་ཡང་ དག་ཏུ་ངེས་དགོས་ཏེ། སངས་རྒྱས་རྣམས་ཀྱིས་འགྲོ་དོན་མཛད་པའི་ཚེ་རྒྱུ་ཀུན་འབྱུང་བདེན་པ་ཆུས་འཁྲུ་བ་ལྟ་བུ་དང། འབྲས་བུ་སྡུག་བསྔལ་བདེན་པ་ཕྱག་གིས་ཚེར་མ་འདོན་པ་ལྟ་བུས་འགྲོ་བ་སྒྲོལ་བའི་ཐབས་མཛད་དུ་མེད་ ཅིང༑ ཐུགས་རྒྱུད་ཀྱི་རྟོགས་པའི་ཡོན་ཏན་གཞན་ལ་སྤོ་བ་དང། བགོ་བཤའ་ལྟ་བུ་ཡང་མཛད་དུ་མེད། འོ་ན་ཇི་ལྟ་མཛད་སྙམ་ན། རང་ཉིད་གང་ནས་གཤེགས་ཤིང་གང་མངོན་དུ་མཛད་པའི་དོན་དེ་ཆེས་ཀྱི་འཁོར་ལོ་བསྐོར་ [025B] དེ་གདུལ་བྱས་ཉམས་སུ་བླངས་པས་འཁོར་བ་ལས་གྲོལ་བར་མཛད་པ་ཡིན་ཏེ། ཚོམས་ལས། ཐུག་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཅེས་གསུངས། དེས་ན་སངས་རྒྱས་ཀྱི་མཛད་པའི་ནང་ནས་མཆོག་གམ་གཙོ་བོར་གྱུར་པ་ནི་ཆོས་བསྟན་པ་ཉིད་ཡིན་ལ། དེ་བླ་མས་མཛད་པས་རང་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་པོ་འདི་ཉིད་སངས་རྒྱས་ཀྱི་སྤྲུལ་པ་ མིན་ན་གཞན་ཅི་ཞིག་ཡིན། རང་གི་དོན་མཛད་ཕྱིར་སངས་རྒྱས་ཀྱིས་ཆོས་གསུང་མཁན་དུ་སྤྲུལ་བ་ཞིག་ཡོད་ཕྱིན་བླ་མ་ལས་གཞན་དུ་འགྲོས་མེད་དེ། དཔེར་ན་རང་ཡུལ་ནས་རྒྱལ་ཁབ་གཞན་ཞིག་ལ་ལས་དོན་གལ་ཆེན་བསྒྲུབ་ཏུ་སོང་བའི་མི་གཅིག་ཡོད། དེའི་དོན་དུ་ མི་གཞན་ཞིག་སོང་སྟེ་ངོ་མི་ཤེས་ན་ལས་དོན་གང་བསྒྲུབ་པ་དེའི་རྟགས་ཀྱིས་དཔོག་པས་ཤེས་ནུས་པ་ལྟར་རམ། ཡང་ན། སྐུ་དྲག་ཅིག་གིས་ཆས་གོས་དབུལ་པོའི་ཆས་ལྟ་བུ་ངན་ཧྲུལ་ཞིག་བྱས་ཏེ། ཁོས་བྱ་བ་དེ་མི་ཆེན་པོའི་བྱ་བ་གཞུང་དོན་རྒྱ་ཆེ་ཞིག་བྱེད་ན་དེ་ ཆས་གོས་དབུལ་ཡང་ཁོའི་བྱ་བ་དེས་སྐུ་དྲག་ཆེན་པོ་ཞིག་ཡིན་པར་ཤུགས་ཀྱིས་གོ་ཐུབ་པ་ལྟར་རང་གི་བླ་མ་ཡང་རང་འདྲེན་པའི་ཕྱིར་དུ་ཆོས་སྟོན་པའི་མཛད་པ་འདིས་སངས་རྒྱས་ཡིན་པར་རང་ཤུག་སྐྱིས་གོ་ནུས། དེས་ན་རང་ལ་འབྲེལ་ཐོགས་ཀྱི་དཔོན་ འབངས་དགྲ་གཉེན་འཁོར་གཡོག་སོགས་མཐའ་ཡས་པ་ཞིག་ཡོད་པའི་ནང་ནས་རང་ལ་ཆོས་སྟོན་མཁན་ནི་རང་གི་བླ་མ་འདི་ཁོ་ན་ཡིན་པས་རང་ལ་ཆོས་བསྟན་ཏེ་སངས་རྒྱས་ཀྱི་མཛད་པ་མཛད་པའི་རྟགས་འདིས་ཀྱང་བླ་མ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པ་ཐག་ཆོད། སངས་རྒྱས་ [026A]༄༅། །གཅིག་གི་སྤྲུལ་པ་ཡིན་ན་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་ཡིན་དགོས་ཏེ། སངས་རྒྱས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ཕྱིར། དེ་ལྟར་ཡང་མདོ་སྡེ་རྒྱན་ལས། ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི། །འོད་ཟེར་དཔག་ཏུ་ མེད་འདྲེས་ཤིང། །རྟག་ཏུ་བྱ་བ་གཅིག་ལ་འཇུག་འཇིག་རྟེན་ལ་ཡང་སྣང་བར་བྱེད། །དེ་བཞིན་ཟག་མེད་དབྱིངས་ན་ཡང། །སངས་རྒྱས་དཔག་ཏུ་མེད་འདྲེས་ཤིང། །མཛད་པ་གཅིག་ནི་མཛད་པ་ལ། །ཡེ་ཤེས་སྣང་བར་མཛད་པར་འདོད། །ཅེས་ དང༑ ཀླུང་དག་ས་ཡི་འོག་ཏུ་མ་སོང་བ། །གནས་རྣམས་ཐ་དད་ཆུ་ཡང་ཐ་དད་ལ། །ཆུ་ཡང་ཆུང་ཞིང་བྱ་བ་ཐ་དད་བྱེད། །ཆུ་གནས་སྲོག་ཆགས་ཕྲ་མོའི་ཉེར་སྤྱད་འགྱུར། །རྒྱ་མཚོར་སོང་བར་གྱུར་ན་ཐམས་ཅད་ཀྱང། །གནས་རྣམས་གཅིག་ཅིང་ ཆུ་ཡང་ཆེ་ལ་གཅིག་བྱ་བ་གཅིག་ཅིང་ཆུ་ལ་གནས་པ་ཡི། །སྲོག་ཆགས་མང་པོའི་རྟག་ཏུ་ཉེར་སྤྱད་ཆེ། །སངས་རྒྱས་ཉིད་དུ་མ་ཞུགས་བརྟན་པ་རྣམས། །རྟེན་ཀྱང་ཐ་དད་བློ་གྲོས་ཐ་དད་ཅིང། །རྟོགས་ཆུང་རང་གི་བྱ་བ་ཐ་དད་ལ། །སེམས་ཅན་ ཉུང་དོན་རྟག་ཏུ་ཉེར་སྤྱད་འགྱུར། །སངས་རྒྱས་ཉིད་དུ་ཞུགས་ན་དེ་དག་ཀུན། །རྟེན་ཀྱང་གཅིག་ཅིང་རྟོགས་པ་ཆེ་ལ་གཅིག་མཛད་པ་གཅིག་ཏུ་འདྲེས་ཤིང་རྟག་པར་ཡང། །སེམས་ཅན་ཚོགས་ཆེའི་ཉེ་བར་སྤྱད་པ་ཆེ། །ཞེས་ལུང་པ་བརྒྱ་སྟོང་མང་པོའི་ སོ་སོའི་ཆུ་ཐ་དད་ཀྱང་རྒྱ་མཚོ་ཆེན་པོར་གཅིག་ཏུ་འདྲེས་པ་ན་ཐམས་ཅད་ཀྱི་རོ་དང་ནུས་པ་གཅིག་ཏུ་འདྲེས་ཤིང། ལུང་པ་བརྒྱའི་ཆུ་རྒྱུན་འདྲེས་པའི་མཚོ་ལས་ཆུ་ཐིགས་གཅིག་བླངས་ཀྱང་དེར་ལུང་པ་བརྒྱའི་ཆུ་རྒྱུན་ཡོད་པ་བཞིན་སངས་རྒྱས་ཐམས་ཅད་ [026B] དེས་ན་བླ་མ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ཉིད་ལས་གཞན་ དུ་མེད་པ་དེའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་གཟུགས་ཉིད་དུ་ཐག་ཆོད། དེའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རང་གཟུགས་སྤྱི་གཟུགས་གཅིག་ཏུ་བསྡུས་པའི་རང་གཟུགས་དེ་རང་འདུལ་བའི་ཕྱིར་དུ་ཐ་མལ་གྱི་རྣམ་པར་བྱོན་པ་ཉིད་དུ་ ཐག་ཆོད། དེ་ཡང་སངས་རྒྱས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པ་ལས་གང་ལ་གང་འདུལ་གྱི་སྤྲུལ་པ་སངས་རྒྱས་ཀྱིས་འདུལ་བ་ལ་སངས་རྒྱས་ནས་བྱ་དང་རི་དྭགས་ཀྱི་རྣམ་པའི་པར་སྟོན་པར་མཛད་པ་རེད། འོ་ན་བླ་མ་འདི་ལས་ལྷག་ཙམ་ཞིག་ སྤྲུལ་པས་ཆོག་ཅེ་ན། དེ་ལྟར་སྤྲུལ་ཡང་དོན་དུ་མི་འགྱུར་བས་ད་ལྟ་རང་དང་ཁ་མཉམ་ལག་མཉམ་གྱི་རྣམ་པར་བསྟན་པ་ཉིད་ཐབས་མཁས་ཀྱི་མཛད་པ་རྨད་དུ་བྱུང་བ་ཡིན་ཏེ། རང་ལས་ལྷག་པའི་རྣམ་པར་བསྟན་ན་ནི་མཇལ་བར་མི་ནུས་ལ། རང་ལས་ དམན་པར་བསྟན་ན་ནི་ཡིད་མི་ཆེས་པས། དེང་འདིར་རང་འདུལ་བའི་ཕྱིར་དུ་རྣམ་པ་ཐ་མལ་པའི་དགེ་བའི་བཤེས་གཉེན་རང་དང་སྐལ་པ་མཉམ་པའི་རྣམ་པར་བསྟན་ནས་མཛད་པ་སངས་རྒྱས་དངོས་མཇལ་ཡང་དེ་ལས་ལྷག་པ་མཛད་དུ་མེད་པར་མཛད་པ་ ཉིད་ཐབས་མཁས་བླ་ན་མེད་པ་ཡིན་ནོ། །དེ་ལྟར་ཡང་བླ་མཆོད་ལས། རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །ཞེས་སོགས་དང། བདེ་གཤེགས་སྐུ་གསུམ་རྒྱན་གྱི་འཁོར་ལོ་ནི། །སོགས་དང། སྐྱབས་འགྲོ་ཡོངས་གྲགས་ལས་ཀྱང། ཕྱོགས་བཅུ་དུས་ [027A]༄༅། །གསུམ་གྱི་ཞེས་སོགས་གསུངས་པ་ལྟར་རོ། །དེས་ན་སངས་རྒྱས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཅིང། བདག་གི་བླ་མ་འདི་རྣམས་ནི་སངས་རྒྱས་ཐམས་ཅད་ཀྱིས་རང་འདུལ་བའི་ཕྱིར་སྤྲུལ་བས་སངས་རྒྱས་ཐམས་ ཅད་ཀྱི་རང་གཟུགས་གཅིག་ཏུ་བསྡུས་པའི་ངོ་བོ་ཡིན་ནོ། །བཤེས་གཉེན་བསྟེན་ཚུལ་སྟོན་པའི་གདམས་ངག་གི་དོན་དེ་དག་ཀྱང་ལན་རེ་རེ་གཉིས་གཉིས་ཙམ་བསམས་པས་རྟོགས་པ་མི་སྐྱེ་བར་ལུང་རིགས་ཀྱི་སྒོ་ནས་ཡང་དང་ཡང་དུ་བསམ་དགོས་ཏེ། སློབ་དཔོན་ ཙནྡྲ་གོ་མིས་བཤགས་བསྟོད་ལས། དེར་ཡང་རྒྱུན་དུ་སེམས་ནི་རྣམ་རྨོངས་ལ། །ཡུན་རིང་དུས་སུ་ནད་གཞི་སྟེན་བྱེད་ཅིང། །མཛེ་ཅན་རྐང་པ་ལག་པ་ཆད་པ་ལ། །ཐང་འགའ་སྨན་བསྟེན་པ་ཡིས་ཅི་བགྱིར་མཆི། །ཞེས་གསུངས། དེ་ཡང་དང་པོར་བླ་མ་དད་པ་ ཆེ་ཤོས་གཅིག་ལ་གཙོ་བོར་སྦྱངས། དེ་ནས་བླ་མ་གཞན་རྣམས་དའི་སྤྲུལ་པར་ཡང་བསམས་ལ་རིམ་གྱིས་བློ་སྦྱང་དགོས། ས་བཅད་འདིས་ངེས་པ་བརྟན་པོ་རྙེད་པ་འོང་གསུངས། ༈ ས་བཅད་འདི་སྐྱོན་མཐོང་བ་ དད་པའི་གྲོགས་སུ་བསྒྱུར་པའི་སྒོ་ནས་སངས་རྒྱས་སུ་བལྟ་ནུས་པའི་རྒྱུ་མཚན་ནམ། ས་བཅད་གོང་མ་གསུམ་གྱི་གེགས་སེལ་བོགས་འདོན་ཡང་ཡིན། བླ་མ་སངས་རྒྱས་སུ་མཐོང་བའི་དད་པ་སྐྱེ་བ་འདི་གཙོ་བོ་རིགས་པ་ཡང་དག་གི་ལམ་ནས་བསྒྲུབ་དགོས་པས་ དེ་ལ་ས་བཅད་གོང་མ་གསུམ་པོ་བསམས་ནས་བླ་མ་སངས་རྒྱས་དངོས་རང་ཡིན་ནོ་སྙམ་དུ་ཐག་བཅད་པའི་ཚེ་ན། དེའི་གེགས་ལྟ་བུར་བླ་མ་སངས་རྒྱས་ཡིན་ན་བདག་གིས་སངས་རྒྱས་དངོས་སུ་མཐོང་དགོས་པ་ལ། དེ་ལྟར་མ་མཐོང་བས་དངོས་རང་མ་ཡིན་ནོ་སྙམ་ [027B] རང་གིས་མ་མཐོང་བ་ཙམ་གྱིས་སངས་རྒྱས་མིན་མི་དགོས་ཏེ། རང་གི་སྣང་བ་ལ་ངེས་པ་མེད་པའི་ཕྱིར། རང་གི་སྣང་བ་ལ་ངེས་པ་མེད་པ་ཡིན་ཏེ། བླ་མ་ཙམ་དུ་མ་ཟད། སྤྱིར་རི་ར་བ། ཁང་ཁྱིམ། དགྲ་ གཉེན་གྲོགས་སོགས་སྣོད་བཅུད་ཐམས་ཅད་རང་གི་ལས་ཀྱི་སྣང་ཚོད་ཅིག་རང་ལ་སྣང་བ་ལས་དེ་ཁོ་ན་ལྟར་བདེན་པའི་ངེས་པ་མེད་པའི་ཕྱིར། འདི་དབུ་མ་ཆུ་འབབས་ཀྱི་རིགས་པ་དང་སྦྱར་ན་ངེས་པ་རྙེད་སླ་བ་ཡིན། དེ་ནི་འཇུག་པ་ལས། རབ་རིབ་དང་ལྡན་དབང་པོ་ཅན་ མཚུངས་པ། །ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང། །ཞེས་གསུངས་པ་ལྟར་རླན་ཞིང་གཤེར་བའི་ཆུ་ཕོར་པ་གང་ལ་ལས་ཅན་གྱི་ལྷ་མི་ཡི་དྭགས་གསུམ་གྱིས་ཅིག་ཅར་དུ་བལྟ་བའི་ཚེ་ན་ལྷ་རྣམས་ལས་མཐུན་པས་བདུད་རྩི་ཁོ་ནར་མཐོང། བཏུང་ཡང་བདུད་རྩིའི་ བྱ་བ་བྱེད། མིས་ཆུར་མཐོང། བཏུང་ཡང་ཆུ་ཉིད་ཡིན། ཡི་དྭགས་ཀྱིས་རྣག་ཁྲག་ཏུ་མཐོང། བཏུང་ཡང་རྣག་ཁྲག་ཁོ་ན་ལས་མེད། དེ་བཞིན་དུ་སངས་རྒྱས་ལ་གང་ཟག་ལས་བཟང་ངན་འབྲིང་གསུམ་གྱིས་དུས་གཅིག་ཏུ་བལྟས་པ་ན་མི་འདྲ་བ་གསུམ་དུ་སྣང་བ་ལས་ཐམས་ ཅད་ཀྱིས་མཐུན་པར་སངས་རྒྱས་སུ་གཏན་ནས་མི་མཐོང། དེར་མ་ཟད་སྟོན་པས་རི་རབ་གཅིག་ཉིད་མངོན་པའི་ཆེད་དུ་བྱ་བའི་གདུལ་བྱ་ལ་གྲུ་བཞིར་གསུངས། གདུལ་བྱ་དེས་བལྟ་བའི་ཚེ་ཡང་གྲུ་བཞིར་མཐོང། དུས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱར་ཟླུམ་པོར་གསུངས་ བལྟས་ཀྱང་ཟླུམ་པོར་སྣང་བ་ཡིན། ཡང་ཡི་དྭགས་རྣམས་ལ་དབྱར་གྱི་དུས་སུ་ཟླ་བས་ཀྱང་ཚིག་ལ། དགུན་གྱི་དུས་སུ་ཉི་མས་ཀྱང་གྲང་བར་བྱེད་པ་དང། བར་དོ་བ་སོགས་ཀྱིས་ཉི་ཟླ་ལ་སོགས་པ་མི་སྣང་བ་ལྟ་བུ་གཞི་གཅིག་ལ་སེམས་ཅན་རང་རང་གི་ལས་སྣང་མི་འདྲ་བ་དེ་ལྟ་ [028A]༄༅། །བུ་འབྱུང་བ་སྔོན་རྒྱ་གར་ན་དགེ་སློང་ཞིག་ལ་མཚན་མོར་ཡི་དྭགས་ཀྱི་ལས་སྣང་ཤར་ཏེ་སྐོམ་པས་གདུངས། ཆུ་བཙལ་བས་རྒྱུན་དུ་ཡོད་པའི་ཆུ་བོ་ཆེན་པོ་ཡང་མི་སྣང་བར་གྱུར་པས་དེའི་ཕ་རི་སོགས་སུ་ཆུ་ཚོལ་བར་སོང་ཡང་མ་རྙེད་པར་ཚུར་ ལོག་སྟེ་རང་གནས་སུ་ཉལ་བ་ན། ཕྱི་ཉིན་ཡི་དྭགས་ཀྱི་ལས་སྣང་ཡལ་བས་ཆུ་ཐམས་ཅད་སྔར་ལྟར་ཡོད་པ་དང། དགེ་སློང་ཁོ་རང་གི་ཆོས་གོས་མཚན་མོར་ཆུ་ཚོལ་དུ་འགྲོ་སར་ཁྱེར་བ་ཆུ་བོ་ཆེན་པོའི་ཕ་རིའི་ཤིང་སྡོང་ཞིག་གི་ཡལ་གར་བཀལ་ནས་ཡོད་པ་སོགས་ མངོན་སུམ་དུ་བྱུང་བ་ལྟ་བུ་ཡིན། དེས་ན་བླ་མ་ཡང་རང་གི་སྣང་ཚོད་ལ་ཐ་མལ་པའི་བཤེས་གཉེན་དུ་འདི་ལྟ་བུར་སྣང་ཡང། དོན་ལ་དེ་ཁོ་ན་ལྟར་བདེན་པའི་ངེས་པ་མེད་དེ། བཀའ་གདམས་བུ་ཆོས་རྒྱལ་པོ་དཀོན་མཆོག་བསངས་ཀྱི་སྐྱེས་རབས་ལས། ང་སྣ་ཚོགས་སྤྲུལ་པ་ སྟོན་ན་ཡང། །རྒྱུད་མ་དག་རྣམས་ལ་ཅི་ཆ་ཡོད། །ང་བུ་མེད་རྣམས་ལ་བུར་སྟོན་ཀྱང། །མ་སྙིང་མེད་མ་ལ་ཅི་ཆ་ཡོད། །མི་དབུལ་པོ་དག་ལ་ནོར་སྟོན་ཡང། །ཁོང་མངོན་ཤེས་མེད་ལ་ཅི་ཆ་ཡོད། །ཐང་སྐམ་པོ་དག་ལ་ཆུར་འབྱིན་ཀྱང། །མི་མངོན་ཤེས་མེད་ལ་ཅི་ཆ་ ཡོད༑ ༑མི་ནད་ཀྱིས་གདུངས་ལ་སྨན་སྟོན་ཀྱང། །ནང་སྒྲིབ་བས་གཡོགས་ལ་ཅི་ཆ་ཡོད། །ང་ཁྲིམས་ལྡན་མཁན་པོའི་སྐུར་སྟོན་ཀྱང། །ང་ཐུགས་རྗེ་ཆེན་པོར་སུ་ཡིས་ཤེས། །ང་གནས་ལྔ་མཁྱེན་པའི་པཎྜི་ཏ། །རྒྱུད་གང་ལ་གང་ཕན་སྟོན་གྱུར་ཀྱང། །མི་མཁས་ པར་རློམ་ལ་ཅི་ཆ་ཡོད། །ཅེས་དང། བདུད་རྩིའི་སྙིང་པོ་ལས། ལས་ངན་སྒྲིབ་གཡོགས་འདི་དང་མ་བྲལ་རིང། །སངས་རྒྱས་མ་ལུས་མངོན་སུམ་མདུན་བྱོན་ཡང། །ད་ལྟའི་སྣང་བ་འདི་ཉིད་མ་གཏོགས་པ། །མཚན་དཔེས་བརྒྱན་པའི་སྐུ་མཆོག་མཐོང་སྐལ་མེད།། [028B] སངས་རྒྱས་ཐམས་ཅད་མངོན་སུམ་དུ་མདུན་དུ་བྱོན་བྱོན་པ་ཡིན་ཡང། རང་གིས་མཐོང་མི་ནུས། གལ་ཏེ་མཐོང་ཡང་ད་ལྟའི་སྣང་བ་འདི་ལས་ལྷག་པའི་མཚན་དཔེས་བརྒྱན་པའི་སྐུ་དངོས་སུ་མཐོང་བའི་སྐལ་ བ་མེད། དེ་མཐོང་བ་ལ་ཚོགས་ལམ་ཆེན་པོ་ཐོབ་དགོས། ད་ལྟ་རང་ལ་བླ་མ་ཐ་མལ་པ་སྣང་བ་འདི་ཐེལ་ཚེ་ལྟ་བུས་རྟགས་བརྒྱབ། དེའི་བར་དུ་སྒོམ་བརྒྱབ་སྟེ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་ནས་བལྟས་པ་ན་མཆོག་གི་སྤྲུལ་སྐུར་དངོས་སུ་མཐོང། ས་དང་པོ་ཐོབ་པ་ ན་ལོངས་སྤྱོད་རྫོགས་པའི་སྐུ་དངོས་སུ་མཐོང། སངས་རྒྱས་པ་ན་ཆོས་སྐུར་དངོས་སུ་མཐོང་བ་ཡིན། དེས་ན་བླ་མ་ཐ་མལ་ལ་དང། སྤྲུལ་སྐུ་དང། ལོངས་སྐུ་སོགས་སུ་མཐོང་བ་ནི་བླ་མའི་ངོས་ནས་མ་ཡིན་པར་རང་གི་ལས་ཀྱི་སྐལ་བའི་མཐོང་ཚུལ་ཡིན། སྔོན་ཡང་ཕྱི་རོལ་ པ་འགའ་ཞིག་གིས་སངས་རྒྱས་དངོས་དང་མཇལ་ཡང། གཙུག་ཏོར་དང་འོད་འདོམ་གང་སོགས་མཚན་བཟང་དཔེ་བྱད་གང་ཡང་མེད་པའི་མི་ཕལ་པ་ལྟར་མཐོང་བ་དང། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ཁྱི་མོར་མཐོང་བ་དང། ནག་པོ་སྤྱོད་པ་ དང། དགེ་ཚུལ་ཚེམ་བུ་པ་སོགས་ཀྱིས་རྡོ་རྗེ་ཕག་མོ་མཛེ་མོར་མཐོང་བ་དང། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་གསང་འདུས་འཇམ་རྡོར་གྱི་གྲུབ་ཐོབ་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཁྱིམ་བཙུན་རྒད་པོ་ཆོས་གོས་ཀྱིས་མགོ་དཀྲིས་ཏེ་ཞིང་རྨོ། ཕྲུ་གུ་སོགས་ཀྱིས་ ཞིང་རྨོས་པའི་ཤུལ་ནས་འབུ་དོན་པ་རྣམས་བཏུས་ཏེ་ཐུག་པ་བསྐོལ་བ་སོགས་ཐ་ཆད་ཅིག་ཏུ་གཟིགས་པ་དང། མཁས་པ་ཆེན་པོ་ནཱ་རོ་པ་སོགས་ཡུལ་དེའི་མི་ཀུན་གྱི་མཐོང་ཡུལ་དུ་གྲུབ་ཆེན་ཏཻ་ལོ་པ་ཞེས་རྒྱལ་བ་རྡོ་རྗེ་འཆང་དངོས་ཡིན་པ་དེ་ཡང་སྤྲང་པོ་ཉ་གསོན་སྲེག་ [029A]༄༅། །མཛད་ད་ཟ་བ་ལྟ་བུ་ཐ་ཆད་ཅིག་ཏུ་མཐོང་བ་དང། ཡང་སྔར་མི་ཞིག་གིས། བཙི་གི་ར་གླིང་གི་ཕོ་ཐམས་ཅད་དཔའ་བོ་དང་མོ་ཐམས་ཅད་དཔའ་མོ་རེད་ཟེར་ཡང་ང་དེར་སོང་བ་ན་ཐམས་ཅད་མི་ཕལ་བ་ཤ་སྟག་ལས་དཔའ་བོ་ དཔའ་མོ་གཅིག་ཀྱང་མི་འདུག་ཅེས་བརྗོད་པ་སོགས་ཀྱི་ལོ་རྒྱུས་རྣམས་ཞིབ་ཏུ་བསམ་དགོས། དེར་མ་ཟད་དཔེར་ན་བཟང་གོས་ཤིག་ཏུ་རྡོ་དང་ཤིང་ལྟ་བུ་རྡོག་རྡོག་ཅིག་གཏུམས། རས་སམ་སྣམ་བུ་ལྟ་བུ་ཞིག་ཏུ་གསེར་རྡོག་རྡོག་ཅིག་གཏུམས་ནས་རྒྱུས་མེད་ཅིག་ལ་ བསྟན་ན་ཕྱི་སྒྲིལ་གྱིས་ནང་གི་རྒྱུ་དེ་བཟང་ངན་འབྱེད་མི་ནུས་པ་ལྟར། བདུད་དགའ་རབ་དབང་ཕྱུག་འཕགས་པ་ཉེར་སྦས་ཀྱིས་དམ་ལ་བཏགས་ཏེ་གླ་སློབ་ཏུ་གྱུར་པའི་རྗེས་སུ་འཕགས་པའི་བཀའ་བཞིན་དུ་བདུད་སྡིག་ཏོ་ཅན་གྱིས་དགྲ་བཅོམ་པ་ཉེར་སྦས་ལ་སངས་རྒྱས་ དངོས་ལྟ་བུ་ཞིག་སྤྲུལ་ནས་བསྟན་བ་ཉེར་སྦས་ཐུགས་ཡིད་འགྱུར་ཐུབ་པ་ལྟ་བུའི་རྣམ་པ་སངས་རྒྱས་དངོས་ལྟར་སྣང་ཡང་དོན་དུ་སངས་རྒྱས་དངོས་མིན་པ་དང། དོན་ལ་སངས་རྒྱས་དངོས་ཡིན་ཀྱང་རྣམ་པ་དངོས་ལྟར་མི་སྣང་བ་མགོན་པོ་ཀླུ་སྒྲུབ། ས་ར་ཧ། ཏཻ་ལོ། ནཱ་རོ་ མར་པ། མིད་ལ། དབེན་ས་པ་སོགས་མི་སློབ་པའི་ཟུང་འཇུག་གི་ས་ལ་བཞུགས་པས་ངེས་དོར་རྡོ་རྗེ་འཆང་དངོས་ཡིན་ཀྱང་སྣང་དོར་མི་ཕལ་བར་དག་ང་རེ་ལས་མི་མཐོང། ཀླུ་སྒྲུབ་དང་ས་ར་ཧ་གཉིས་ཟུང་འཇུག་གྲུབ་ནས་ཕུང་པོ་རྙིང་པར་ཞུགས་པ་གསང་འདུས་ཡིག་ཆུང་ ཉེར་གཅིག་ལས་གསུངས། གྲུབ་ཆེན་ལུ་ཨི་པ་ཡང་དབུལ་པོ་ཐ་ཆད་ཅིག་ལས་མི་སྣང་ཡང་རྒྱལ་པོ་དཱ་རིཀ་པ་འཁོར་དང་བཅས་པར་རྫུ་འཕྲུལ་དང་ཆོས་བསྟན་པས་མཐར་རྒྱལ་པོའི་བཞུགས་ཡུལ་གྱི་སེམས་ཅན་སྲོག་ཆགས་འབུ་སྲིན་ཚུན་ཆད་སངས་རྒྱས་པ་རེད། པཎྜི་ཏ་ [029B]ཁོང་གིས་ལུག་དང་སྦྱང་ ཀི་རྡེའུ་དཀར་ནག་གིས་ཕྱེ་ཐུབ་པ་སོགས་དང། ད་ལྟ་ཡོངས་སུ་གྲགས་པའི་སྨྲྀ་ཏིའི་ཕྱག་ཙྪ་གཏུམ་མོའི་མེས་སོ་བཏང་བ་སོགས་གྲུབ་ཐོབ་ཆེན་པོ་དེ་ལྟར་ཡིན་ཡང་རྣམ་པ་མི་རྒན་ཕལ་པ་ཞིག་ལས་མེད། ས་སྐྱའི་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་སྲས་བསོད་ ནམས་རྩེ་མོ་དང་གྲགས་པ་རྒྱལ་མཚན་སོགས་སྲས་སྲས་མོ་རྣམས་བྱིས་པ་ཆུང་དུའི་སྐབས་ཐུགས་གཙིགས་ཆེན་པོ་མཛད་དེ་སྐུ་ཟླམ་གྱི་གཡས་གཡོན་དུ་བཅུག་ནས་བཞུགས་པས། ཉེ་གནས་ཀྱིས་བླ་མ་འདིས་ནི་ཕྲུ་གུ་ཡང་གཡས་གཡོན་དུ་ཉར་ནས་བཞུགས་པ་གྲོང་བའི་ ཕ་རྒན་དང་འདྲ་སྙམ་ལོག་ལྟ་སྐྱེས་པ་ན། སློབ་དཔོན་གྱིས་དེ་མ་ཐག་མཁྱེན་ནས་གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ལ་མ་དད་པ་བྱ་མི་རུང། ལོག་རྟོག་མ་བྱེད། འདི་ལ་ལྟོས་ཤིག་ཅེས་ཞབས་གཉིས་ཤེད་ཀྱིས་བརྐྱངས་ཏེ་ཞབས་མཐིལ་གཡས་གཡོན་དུ་འཁོར་ལོ་བདེ་མཆོག་ དང༑ དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བཀྲ་ལམ་མེར་བསྟན་པས་ལོག་རྟོག་ཞི་བར་མཛད་པ་སོགས་རྡོ་རྗེ་འཆང་དངོས་དེ་ཡང་རྣམ་པ་ཕ་རྒན་ཐ་མལ་པ་ལྟ་བུ་ཞིག་ལས་མ་མཐོང། རྗེ་མིད་ལ་རས་པ་ཡང་ཕྱིའི་སྣང་ཚུལ་སྤྲང་པོ་དམར་ཧྲང་བ་ ལྟ་བུ་ཞིག་ལས་མི་མཐོང་བ། རས་ཆུང་མ་སོཌ་ཀྱིས་ཀྱང། གངས་དཀར་ཏེ་སེ་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །གངས་ཤེལ་གྱི་མཆོད་རྟེན་འདྲའོ་སྐད། །མཐོང་ནས་དྲུང་དུ་སླེབས་ཙ་ན། །རི་མགོ་ཁ་བས་གཏུམས་པ་གཅིག་དེ་མཐའ་གངས་ཀྱིས་བསྐོར་བ་གཅིག་ [030A]༄༅། །དེ་མཐའ་སྤང་རིས་བརྒྱན་པ་གཅིག་དེ་ལ་ངོ་མཚར་ཆེ་རྒྱུ་མེད། །དེ་ལ་ཡ་མཚན་ཅི་ཆེ་ཨང། །མ་ཕམ་གཡུ་མཚོ་སྒད་པ་དེ། །མ་མཐོང་དུས་ན་སྒྲ་ཆེ་བ། །མཚོ་གཡུ་ཡི་མཎྜལ་འདྲའོ་སྐད། །མཐོང་ནས་ཀོ་མོག་ཆབ་ཀྱིས་གང་བ་ གཅིག་དེ་ལ་ཆུ་ཐིགས་བཏབ་པ་གཅིག་དེ་སྤང་དང་བྲག་གིས་བསྐོར་བ་གཅིག་དེ་ལ་ངོ་དེ་ལ་ཡ་བྲག་དམར་སྤོ་མཐོ་སྐད་པ་དེ། །མ་མཐོང་རྒྱང་ནས་སྒྲ་ཆེ་བ། །བྲག་རིན་ཆེན་སྲུངས་པ་འདྲའོ་སྐད། །མཐོང་ནས་སྤང་ལ་བྲག་རི་འབུར་བ་གཅིག་ དེ་ལ་ནགས་ཚལ་སྐྱེས་པ་གཅིག་དེ་མཐའ་ཆུ་ཡིས་བསྐོར་བ་གཅིག་དེ་ལ་ངོ་དེ་ལ་ཡང་ཁྱེད་རས་ཆེན་རས་ཆུང་སྐད་པ་དེ། །མ་མཐོང་གོང་ནས་སྒྲ་ཆེ་བ། །གྲུབ་ཐོབ་རྣལ་འབྱོར་ལགས་སོ་སྐད། །མཐོང་ནས་རྒན་བྱིས་ངོ་ཚ་མེད་བ་གཉིས། །ཁྲེལ་མེད་ གཅེར་ཉལ་བྱེད་པ་གཉིས། །ཁ་ནས་གླུ་ཆུང་ལེན་པ་གཉིས། །ཆ་ལུགས་གང་དགར་སྟོན་པ་གཉིས། །ལུས་ལ་རས་གོས་གྱོན་པ་གཉིས། །འཚོ་བ་སྦྲང་ཟས་ཟ་བ་གཉིས། །སྤྱོད་པ་ཅི་དགར་བྱེད་ལ་གཉིས། །དེ་ལ་ངོ་མཚར་ཆེ་རྒྱུ་མེད། །དེ་ལ་ཡ་མཚན་ཅི་ཆེ་ཨང།། ཞེས་བརྗོད་པ་ལྟ་བུ་ཡིན། འཇམ་མགོན་ཙོང་ཁ་པའི་སྤྱན་སྔར་དམ་ཅན་ཆོས་རྒྱལ་དངོས་སུ་ཞབས་ཕྱིའི་ཚུལ་དུ་ཡོད་ཀྱང་དེ་ཉིན་ཞབས་ཞུ་བ་སུ་མ་བཞུགས་པ་དེ་ཡིན་ཁྲལ་དུ་བྱོན་པས་ཚང་མས་གྲྭ་པ་དཀྱུས་མ་རེ་ལས་མི་མཐོང། ཉིན་གཅིག་རྗེ་ཙོང་ཁ་པས་གསང་ སྔགས་ཀྱི་དཀའ་གནད་ཅིག་གནང་གྲབས་མཛད་པའང་ཆོས་རྒྱལ་གྱི་སྤྲུལ་པ་དེས་བཀག་པར། གུང་རུ་རྒྱན་བཟང་བས་དེ་རིང་གྲ་པ་དེས་བར་ཆད་བྱས་སོང་གསུངས་པ་ན་མཁས་གྲུབ་རིན་པོ་ཆེས་གྲྭ་པ་དེ་ཆོས་རྒྱལ་ཡིན་པར་མཁྱེན་ནས་དཀའ་བཅུ་བ་ཙབ་བརྡ་ཙུབ་བརྡ་མ་ [030B] རྒྱལ་བ་དཔེན་ས་པ་ཆེན་པོ་ཡང་ཟུང་འཇུག་འགྲུབ་པར་ཉེ་ཡང་དབེན་ས་སྨྱོན་པ་ཞེས་སྨྱོན་པའི་མཐོང་ཙམ་ལས་མི་བྱེད། སྔར་རོང་བྱམས་ཆེན་དུ་ས་སྐྱའི་མཁས་པ་མང་པོ་འཛོམས་ཏེ་སྒྲའི་དཀའ་གནད་འགའ་ཐག་མ་ཆོད་པར་བགྲོ་གླེང་བྱེད་པ་ན་ དབེན་ས་པ་དེར་ཕེབས་ཏེ་དཀའ་གནད་རྣམས་ཐོགས་མེད་དུ་གསུངས། བརྒྱད་སྟོང་པ་ཡང་སཾ་སྐྲྀ་ཏའི་སྐད་དུ་ཐ་རེ་གསུངས་ཀྱང། འགའ་ཞིག་གིས་དགེ་ལུགས་པའི་གདུག་འདྲེ་རེད་ཅེས་གདུག་འདྲེའི་འདུ་ཤེས་ཙམ་ལས་མ་བྱུང་བ་དང། དེར་མ་ཟད་ཨ་རིག་སྟོད་པ་ཟེར་བ་ མགོ་ལོག་གི་ཇག་དཔོན་མི་རྟ་མང་པོ་གསོང་མྱོང་བ་ཞིག་གིས་ལྷ་སར་ཇོ་མཇལ་དུ་སོང་སྐབས་ཇོ་བོ་མཇལ་རྒྱུ་ལྟ་ཞོག་གསེར་ཀོང་ཙམ་ཡང་མེད་པར་མུན་ནག་ཅིག་ཏུ་མཐོང་པ་ན་ཁོ་ཡིད་འགྱོད་དེ་འོན་རྒྱལ་སྲས་གོང་མའི་གོང་མ་ཞིག་གི་ཞབས་ལ་གཏུགས། ཐུགས་བརྟག་ སོགས་ཞུས། རྗེས་སུ་བཤགས་པ་མང་པོ་བྱས། སྟོང་མཆོད་སོགས་ཕུལ་ནས་མཇལ་བས་ཇོ་བོའི་བཞུགས་ཁྲི་དང་མཆོད་མེ་རྣམས་མཇལ་ཙམ་བྱུང་ཡང་ཇོ་བོ་མཇལ་མ་ཐུབ། ཡང་མི་གཞན་ཞིག་གིས་ཇོ་བོ་མ་མཇལ་བར་བཞུགས་ཁྲིའི་སྟེང་དུ་ཚག་ཤ་བཞི་ལིང་གཅིག་བཞག་ པར་མཐོང། འབྲས་སྤུངས་བདེ་ཡངས་ཀྱི་གྲྭ་པ་ཞིག་གིས་བཀའ་འགྱུར་བླ་མ་རིན་པོ་ཆེ་བློ་བཟང་དོན་ལྡན་དཔལ་བཟང་པོས་བཀའ་འགྱུར་ལྗགས་ལུང་གནད་སྐབས་ཆོས་པོ་ཏི་གཏན་ནས་མ་མཇལ་བར་ཤ་གཞོང་པ་གང་གསོལ་ལྕོག་གི་སྟེང་དུ་བཞག་སྟེ་ལྗགས་ལུང་གི་རིང་ཚང་མར་ ཤ་ཤ་སྟག་གསོལ་བར་མཐོང་བ་སོགས་མང་ཞིང། དེས་ན་བླ་མ་ཡང་རང་གི་ལས་སྣང་ལ་ཐ་མལ་པར་མཐོང་བ་ཙམ་ཡིན། ཐ་མལ་པའི་བཤེས་གཉེན་དུ་མཇལ་བ་ཙམ་ཡང་སྟབས་ཤིན་ཏུ་ལེགས་ཏེ། གཞན་དུ་ལས་ངན་པའི་དབང་གིས་ཁྱི་དང་བོང་བུ་སོགས་སུ་མཐོང་ན་ཅི་ [031A]༄༅། །འདྲ་བྱེད་དེ། སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱིས། རང་རེའི་ལས་ངན་སྒྲིབ་པའི་ཆེ་ཚོད་ལ། །བླ་མ་མི་རུ་མཐོང་བའང་དགའ་ཚད་ཡིན། །ཁྱི་དང་བོང་བུར་མ་མཐོང་བསོད་ནམས་ཆེ། །མོས་གུས་སྙིང་ནས་བསྐྱེད་ཅིག་ཤཱཀྱའི་སྲས། །ཞེས་གསུངས་པ་ལྟར་ རོ༑ ༑དེ་ལྟར་རང་གི་སྣང་བ་ལ་ངེས་པ་མེད་ཅིང་རང་གིས་མཐོང་བ་ལྟར་མི་བདེན་པས་དོན་ལ་སངས་རྒྱས་ཉིད་ཡིན་ནོ། །འདི་དག་རྣམ་འགྲེལ་གྱི་རིགས་པ་མེ་སྣང་བ་མ་དམིགས་པའི་རྟགས་དང་སྦྱར་ན་ངེས་པ་རྙེད་པ་ལ་ཁྱད་ཆེ་བས། དེ་ཡང་མདུན་གྱི་གཞི་འདིར་ཆོས་ཅན་ ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་དཔྱད་ཤེས་དོན་མཐུན་མེད་དེ། ཤ་ཟ་དམིགས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། ཅེས་རྟགས་བཀོད། དེ་ཡང། དཔེར་ན་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་མདུན་གྱི་གཞི་འདིར་ཤ་ཟ་མི་དམིགས་ཀྱང་ སྤྱིར་ཤ་ཟ་མེད་མི་དགོས་པ་བཞིན་དུ་རང་གིས་ཀྱང་བླ་མ་སངས་རྒྱས་སུ་མ་མཐོང་ཡང་སངས་རྒྱས་མིན་མི་དགོས། དེ་བཞིན་དུ་མགོན་ཁང་སོགས་སུ་ཆོས་སྐྱོང་སྲུང་མ་གནས་པ་དང། ཆུ་མིག་ལ་ཀླུ་གནས་པ་དང། སྐུ་མཁར་དང་རི་བྲག་ལ་རྒྱལ་བཙན་དང་གཞི་བདག་སོགས་ གནས་པ་རང་གིས་མ་མཐོང་ཡང་མེད་མི་དགོས་པར་དེ་དག་ལ་ཕོག་ཐུག་ཤོར་བས་ནད་གདོན་དང་ཤུ་ཐོར་སོགས་གནོད་པ་འབྱུང་པ་མངོན་སུམ་དུ་ཡོད་པ་བཞིན་ནོ། །དེས་ན་རང་གིས་བླ་མ་སངས་རྒྱས་སུ་མ་མཐོང་ཡང་སངས་རྒྱས་མིན་མི་དགོས་ཤིང། རྣམ་འགྲེལ་གྱི་རྟགས་ དེ་ཁ་སྤོས་ན་ངེས་པ་སྟེར་ཆེ་བས། བླ་མ་ཆོས་ཅན། སངས་རྒྱས་དངོས་སུ་མཐོང་བ་ལ་བསྐལ་དོན་དུ་སོང་བའི་རང་ཉིད་ཀྱི་རྒྱུད་ལ་བླ་མ་སངས་རྒྱས་དངོས་སུ་མཐོང་བའི་དཔྱད་ཤེས་དོན་མཐུན་དུ་སྐྱེ་མི་སྲིད་དེ། རང་རྒྱུད་ལ་སངས་རྒྱས་དངོས་སུ་མཐོང་བའི་ཚད་མ་མེད་པའི་ [031B] ཞེས་རྟགས་བཀོད་པ་ལྟར་རང་ཉིད་སངས་རྒྱས་དངོས་སུ་མཐོང་བའི་སྐལ་བ་མེད་པ་སྟེ་བསྐལ་དོན་དུ་སོང་བས་རང་རྒྱུད་ལ་སངས་རྒྱས་དངོས་སུ་མཐོང་བའི་ཚད་མ་མེད། དེ་མེད་པས་རང་གིས་སངས་རྒྱས་དངོས་སུ་མདུན་དུ་བྱོན་ཡང་མཐོང་མི་སྲིད། དེ་ མི་སྲིད་བས་བླ་མ་སངས་རྒྱས་དངོས་ཡིན་ཀྱང་རང་རྒྱུད་ཀྱི་སྡིག་སྒྲིབ་མ་བྱང་བར་དུ་སངས་རྒྱས་དངོས་སུ་མཐོང་མི་སྲིད་ཅིང་ཆོས་རྒྱུན་གྱི་ཏིང་ངེ་འཛིན་མ་ཐོབ་བར་རང་ཅག་ལྟ་བུས་བླ་མ་ལ་སངས་རྒྱས་མཆོག་གི་སྤྲུལ་སྐུའི་རྣམ་པ་ཙམ་ཞིག་ཀྱང་མཐོང་བའི་རེ་བ་མེད། རྒྱུ་མཚན་དེས་ན་ བླ་མ་སངས་རྒྱས་སུ་མ་མཐོང་བ་ཙམ་གྱིས་སངས་རྒྱས་མིན་མི་དགོས་པས་བླ་མ་རང་གིས་སངས་རྒྱས་སུ་མ་མཐོང་ཡང་དོན་ལ་སངས་རྒྱས་ཉིད་ཡིན། གོང་དུ་བཤད་པའི་དམ་བ་གོང་མ་དེ་དག་ཀྱང་དོན་ལ་སངས་རྒྱས་དངོས་ཡིན་ཀྱང་ཕྱིའི་རྣམ་འགྱུར་དེ་འདྲ་ཞིག་ལས་ མ་མཐོང་བདེ་བཞིན་དུ། རང་གི་བླ་མ་ཡང་དོན་ལ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་ཡིན་ཀྱང་རང་གི་མཐོང་སྣང་མིའི་པགས་པ་འདི་ཙམ་ཡིན་པས་སྣང་ཚོད་ལ་ངེས་པ་མེད། ནང་གི་སྤངས་རྟོགས་ཀྱི་ཡོན་ཏན་ནི་གལ་མཇལ། ཆོས་ཀྱི་ སྐུ་ནི་སངས་རྒྱས་ནང་ཕན་ཚུན་ཁོ་ན་ལས། བྱང་སེམས་ས་བཅུ་པ་བས་ཀྱང་མི་མཇལ། ལོངས་སྤྱོད་རྫོགས་སྐུ་ནི་བྱང་འཕགས་ཁོ་ནའི་སྤྱོད་ཡུལ་ལས་ཉན་རང་དགྲ་བཅོམ་པས་ཀྱང་མི་མཇལ། མཆོག་གི་སྤྲུལ་སྐུ་ནི་སོ་སྐྱེ་ལས་དག་ཡན་ཆག་ཀྱི་སྤྱོད་ཡུལ་ལས། དེ་མན་ཆད་ ཀྱིས་མཇལ་བར་མི་ནུས། དེས་ན་རང་རེ་ལྟ་བུ་ལས་སྒྲིབ་སྟོབས་ཆེ་བས་སྐུ་དེ་དག་མཇལ་བར་མི་ནུས་པས་སངས་རྒྱས་ཡིན་མིན་དང་ཐ་མལ་པ་ཡིན་མིན་རང་གིས་མཇལ་ཚོད་ཙམ་ལ་ཆ་བཞག་ན་ཤིན་ཏུ་མཚང་ཆེ་སྟེ། སྟོན་པ་སངས་རྒྱས་ཉིད་ཀྱི་ཞལ་ནས་ཀྱང། ང་དང་ང་ [032A]༄༅། །གང་ཟག་གི་ཚོད་བཟུང་བར་བྱ་ཡི། གང་ཟག་གིས་གང་ཟག་གི་ཚོད་བཟུང་བར་མི་བྱ་སྟེ། ཉམས་བར་འགྱུར་རོ། །ཞེས་གསུངས་བ་ལྟར་བླ་མ་ཕར་བཞག་གང་ཟག་གཞན་གྱིའང་རྒྱུད་ཚོང་ག་ལ་ཐིགས་དེ་ལྟར་ཡིན་ན་བླ་མ་ཐ་མལ་ བར་བསྟན་ཅི་དགོས་སྙམ་ན། དེ་ལྟར་མ་བསྟན་ན་དངོས་སུ་མཇལ་ཞིང་ཆོས་ཐོས་པའི་སྐལ་བ་མེད་པས་རང་ལ་སྣང་རུང་གི་ཐ་མལ་པའི་མིའི་པགས་བ་གྱོན་ནས་ཐབས་མཁས་ཀྱི་མཛད་པ་རྨད་དུ་བྱུང་བ་བསྟན་པ་ཉིད་ཡིན་ནོ། །འོ་ན་བླ་མ་ནི་སངས་རྒྱས་དངོས་ ཡིན་ན་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཞིག་དགོས་པ་ལ་བདག་གི་བླ་མ་ནི་དེ་ལྟ་མིན་པར་འདི་ནི་ཐུགས་གཏམ། འདི་ནི་ཆགས་པ་ཆེ། འདི་ནི་སེར་སྣ་ཆེ་བ་སོགས་སྐྱོན་འདི་དང་འདི་ལྟ་བུ་འདུག་པ་སྙམ་ན་སྐྱོན་དེ་དག་དེ་མ་ཐག་ཏུ་མི་བཀག་པར། དཔེར་ན་དྲི་མ་ འཁྲུ་བ་ལ་དྲི་མ་སྔོན་དུ་སློང་དགོས་པ་བཞིན་བླ་མའི་སྐྱོན་གང་སྣང་བ་ཐམས་ཅད་སྔོན་དུ་འཆར་དུ་བཅུག་ནས་དེ་རྗེས་དགག་དགོས། དེའི་ཚུལ་ནི་བླ་མ་ལ་སྐྱོན་དེ་ཡོད་ནས་སྣང་བའམ་མེད་ནས་སྣང་བ་ཇི་ཡིན་བརྟག་ན་ངེས་པ་མེད་དེ། སྐྱོན་དེ་མེད་བཞིན་དུ་རང་འཁྲུལ་ བའི་ཚུལ་དུའང་སྣང་སྲིད་དེ། དཔེར་ན་མཁྲིས་ནད་ཅན་ལ་དུང་དཀར་སེར་པོར་སྣང་བ་སྔར་མི་ཞིག་འགྲུལ་དུ་སོང་སྟེ་ཉིན་གཅིག་མཁྲིས་ནད་ཀྱིས་ན་བས་གནས་ཚང་གི་རྟེན་གྲལ་དུ་གསེར་གྱི་གའུ་ལེགས་པ་གསུམ་བསྒྲིགས་འདུག་པ་མཐོང་ཡང། ཕྱི་ཉིན་མཁྲིས་ནད་ དྭངས་པ་ན་གསུམ་ཀ་དངུལ་གྱི་གའུ་ཡིན་པ་ལྟ་བུ་དང། རླུང་ནད་ཅན་ལ་གངས་རི་སྔོན་པོར་སྣང་བ་དང། རབ་རིབ་ཅན་གྱིས་བྶེརུ་གཙང་མའི་ནང་དུ་སྐྲ་ཤད་འཛག་པར་སྣང་བ་དང། རྒྱང་རིང་པོ་ནས་ཐོ་ཡོར་མིར་སྣང་བ་དང། སྒྱུ་མ་མཁན་གྱིས་རྡེལ་ཤིང་རྟ་གླང་ [032B] དཱ་དཧུ་ར་ཟོས་པས་ས་གཞི་གསེར་དུ་སྣང་བ་དང། གྲུའི་ནང་དུ་ཞུགས་ཏེ་འགྲོ་བའི་སྐབས་རི་དང། ཁང་པ། ལྗོན་ཤིང་སོགས་འགྲོ་བ་ལྟར་སྣང་བ་སོགས་དེ་དག་དངོས་གནས་པ་མེད་བཞིན་དུ་མངོན་སུམ་དུ་ཡོད་པ་ ལྟ་བུར་སྣང་དེ་དག་འཕྲལ་གྱི་འཁྲུལ་རྒྱུས་བསླད་པ་ཙམ་ཡིན། རང་རེ་ཕུགས་ཀྱི་འཁྲུལ་རྒྱུ་མ་རིག་པས་བསླད་པས་ཆོས་ཐམས་ཅད་རང་བཞིན་གྱིས་བདེན་པར་གྲུབ་པ་ཅུང་ཟད་ཙམ་ཡང་མེད་ཀྱང་བདེན་གྲུབ་ཏུ་སྣང་བ་བཞིན་དུ་བླ་མ་ལའང་སྐྱོན་དེ་མེད་བཞིན་དུ་སྐྱོན་ ཡོད་པ་ལྟར་སྣང་བ་རེད། དེད་ཚོ་སྤྱིར་འཁྲུལ་པ་ཅན་ཡིན་ཡང་བླ་མའི་སྐྱོན་ཡོན་བལྟ་བའི་ཚེ་འཁལ་པ་མེད་ཅེས་སྨྲ་མི་རིགས་ཏེ། རང་འཁྲུལ་ནས་སྣང་བ་དེ་སྣང་བ་ལྟར་མི་བདེན་པ་རང་གིས་ཆོས་ཐམས་ཅད་བདེན་པར་སྣང་ཡང་སྣང་བ་ལྟར་མི་བདེན་པ་དེས་ཀྱང་ ཤེས་ནུས། དེར་མ་ཟད་སྐྱོན་དང་ཡོན་ཏན་ཞེས་པ་ཡང་རང་གིས་བལྟ་ལུགས་ཀྱི་ཁྱད་པར་སྣང། དཔེར་ན་དགེ་ཕྲུག་ཆང་ལ་དགའ་བ་ཚོས་དགེ་རྒྱན་གྱིས་ཆང་བཏུང་བ་ཡོན་ཏན་དུ་མཐོང་བ་དང། དགེ་ཕྲུག་ཉལ་དགའ་བས་དགེ་རྒྱན་གྱིས་མཚན་མོར་ཁ་ཏོན་བྱས་པ་ སྐྱོན་དུ་མཐོང་བ་བཞིན་ནོ། །དེས་ན་བླ་མ་ལ་སྐྱོན་ཡོད་པ་ལྟར་སྣང་བ་རང་སྐྱོན་བླ་མའི་སྐྱོན་དུ་ཤར་བ་མང་ངོ། །དེས་ན་བླ་མ་ལ་སྐྱོན་མེད་བཞིན་དུ་རང་འཁྲུལ་ནས་སྣང་བ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་བླ་མས་རང་འདུལ་བའི་ཕྱིར་སྐྱོན་དང་བཅས་པ་ཆེད་དུ་སྟོན་པར་མི་ མཛད་པའི་ངེས་པ་མེད་དེ། སངས་རྒྱས་ཀྱིས་ཀྱང་སྐྱོན་དེ་མེད་བཞིན་དུ་གདུལ་བྱ་འདྲེན་པའི་ཐབས་མཁས་ཀྱིས་སྐྱོན་དང་བཅས་པ་སྟོན་པར་མཛད་པའང་ཡོད་ཅིང། དེ་ཡང་འདོད་ཆགས་ཅན་འདུལ་ཕྱིར་འདོད་ཆགས་ཅན་གྱི་ཚུལ་དང། ཞེ་སྡང་ཅན་འདུལ་བའི་ཕྱིར་ [033A]༄༅། །དུ་ཞེ་སྡང་ཅན་གྱི་ཚུལ་དང། གཏི་མུག་ཅན་འདུལ་བའི་ཕྱིར་དུ་གཏི་མུག་ཅན་གྱི་ཚུལ་སོགས་སྟོན་པར་མཛད་དེ། བཀའ་གདམས་བུ་ཆོས་ལས། ང་གནས་ལུགས་དེ་ལས་མ་གཡོས་ཀྱང། །མ་འགྲོ་བའི་དོན་དུ་གཟུགས་སུ་ཤར་ ང་ཚོས་ཀྱི་དབྱིངས་ལས་མ་གཡོས་ཀྱང། །མ་འགྲོ་བའི་དོན་དུ་སྒྲ་རུ་ཤར། །ཅེས་དང། ཡབ་སྲས་མཇལ་བའི་མདོ་ལས། བརྒྱ་བྱིན་ཚངས་པའི་ཆ་བྱད་དང། ལ་ལར་བདུད་ཀྱི་ཆ་བྱད་ཀྱིས། །སེམས་ཅན་རྣམས་ཀྱི་དོན་མཛད་དེ། །འཇིག་རྟེན་རྣམས་ཀྱིས་རྟོགས་ མི་ནུས། །བུད་མེད་ཆ་བྱད་སྤྱོད་པ་མཛད། །དུད་འགྲོའི་སྐྱེ་གནས་ན་ཡང་གདའ། །འདོད་ཆགས་མི་མངའ་ཆགས་བའི་ཚུལ། །འཇིགས་པ་མི་མངའ་འཇིགས་པ་ལྟར། །རྨོངས་མེད་རྨོངས་པའི་ཚུལ་བསྟན་ཏེ། །སྨྱོས་པ་མ་ལགས་སྨྱོས་པའི་ཚུལ། །ཞྭ་པ་ མ་ལགས་ཞྭ་པ་ལྟར། །རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས། །སེམས་ཅན་རྣམས་ནི་འདུལ་བར་མཛད། །ཅེས་དང། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་བྱེ་བས་ཡར་རྡོ་རྗེས་སེམས་དཔའི་མཚན་ བྱེ་བས་ཡར་བསྟན་ནས་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྣང་བ་མཛད་དེ། ལ་ལར་ནི་མངོན་པར་རྫོགས་པར་སངས་རྒྱས་ལ། ལ་ལར་ནི་ད་དུང་དུ་ཡུམ་གྱི་ལྷུམས་ན་བཞུགས། ལ་ལར་ནི་དགའ་ལྡན་གྱི་གནས་ན་བཞུགས། ལ་ལར་ནི་ཡོངས་སུ་མྱ་ངན་ལས་ འདས་སོ། །ལ་ལར་ནི་འདའ་བའི་ཚུལ་བསྟན་ནས་འཇིག་རྟེན་གྱི་ཁམས་གཞན་ནས་གཞན་གྱི་སྒྲོན་མེར་སྣང། ལ་ལར་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཆ་ལུགས་ཀྱིས་ཐེག་པ་ཆེན་པོའི་ཆོས་སྟོན་ཏོ། །ལ་ལར་ནི་ཉན་ཐོས་ཀྱི་ཆ་བྱད་ཀྱིས་ཐེག་པ་ཆུང་ངུའི་ཆོས་ [033B] །ལ་ལར་ནི་རང་སངས་རྒྱས་ཀྱི་ཆ་བྱད་ཀྱི་རྫུ་འཕྲུལ་གྱིས་ཆོས་སྟོན་ཏོ། །ལ་ལར་ནི་སྙིང་པོ་བྱང་ཆུབ་ན་བཞུགས། ལ་ལར་ནི་སྐུལ་བའི་ས་ལ་གཞེས། ལ་ལར་ནི་ཐར་བའི་ཆ་ལུགས་ཀྱིས་སོ། །ལ་ལར་ནི་ཁྱིམ་པའི་ཆ་ལུགས་ཀྱིས་སོ། །ལ་ལར་ནི་ལྷའི་ཆ་བྱད་ཀྱིས་སོ། །ལ་ལར་ ནི་ཀླུའི་ཆ་བྱད་ཀྱིས་སོ། །ལ་ལར་ནི་ལྷ་མ་ཡིན་གྱི་ཆ་བྱད་ ྾ ལ་ལར་ནི་བདུད་ཀྱི་ ྾ ལ་ལར་ནི་གནོད་སྦྱིན་གྱི་ ྾ ལ་ལར་ནི་སྲིན་པོའི་ ྾ ལ་ལར་ནི་འབྱུང་བོའི་ ྾ ལ་ལར་ནི་ནམ་མཁའ་ལྡིང་གི་ ྾ ལ་ལར་ནི་ཡ་མཚན་ཅན་གྱི་ ྾ ལ་ལར་ནི་བྱོལ་སོང་གི་ ལ་ལར་ནི་ཡི་དྭགས་ཀྱི་ ྾ ལ་ལར་ནི་བཟོད་ལྡན་གྱི་ ྾ ལ་ལར་ནི་བཤན་པའི་ ྾ ལ་ལར་ནི་སྨད་འཚོང་མའི་ཆ་བྱད་ ྾ ལ་ལར་ནི་ན་ཆུང་གི་ཆ་བྱད་ཀྱིས་སོ། །ལ་ལར་ནི་སྐུ་གདུང་ལྟ་བུར་སྣང་ངོ། །ལ་ལར་ནི་རིང་བསྲེལ་ལྟ་བུར་སྣང་ ྾ ལ་ལར་ནི་རྡོ་རྗེ་སེམས་དཔའ་ ཉིད་ལྟ་བུར་ ྾ ལ་ལར་ནི་རྣམ་པར་སྣང་མཛད་ལྟ་བུར་ ྾ ལ་ལར་ནི་རིན་ཆེན་འབྱུང་ལྡན་ལྟ་བུར་ ྾ ལ་ལར་ནི་སྣང་བ་མཐའ་ཡས་ལྟ་བུར་སྣང་ངོ། །ལ་ལར་ནི་དོན་ཡོད་གྲུབ་པ་ལྟ་བུར་སྣང་སྟེ། དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ཏོན་ཏོ། །གཞན་ཡང་གཏི་ མུག་གི་རྒྱལ་པོ་དགྲོལ་བར་བྱ་བའི་ཕྱིར་ཚངས་པའི་གཟུགས་ལྟ་བུར་སྣང་ངོ། །ཞེ་སྡང་གི་རྒྱལ་པོ་དགྲོལ་བར་བྱ་བའི་ཕྱིར་ཁྱབ་འཇུག་གི་གཟུགས་ལྟ་བུར་སྣང་ངོ། །འདོད་ཆགས་ཀྱི་བདག་པོ་དགྲོལ་བར་བྱ་བའི་ཕྱིར་དྲག་པོའི་གཟུགས་ལྟ་བུར་ ྾ ང་རྒྱལ་གྱི་བདག་ པོ་དགྲོལ་བར་བྱ་བའི་ཕྱིར་ཚོགས་བདག་ལྟ་བུར་ ྾ ཕྲག་དོག་གི་བདག་པོ་དགྲོལ་བར་བྱ་བའི་ཕྱིར་དབང་པོ་ལྟ་བུར་སྣང་ངོ། །དེ་བཞིན་དུ་སྐྱེ་བོ་ཐམས་ཅད་ཀྱི་གཟུགས་སུ་སྣང་བ་ནི་འཇུག་སྲེད་དང། སྲེད་མེད་དང། དབང་ཕྱུག་དང། སྟོབས་ལྡན་དང། ནོར་འཛིན་ [034A]༄༅། །དང༑ སྤྲེའུ་དང། ར་དང། ལུག་དང། ཁྱི་དང། སྦྲང་མ་དང། བྱ་རོག་དང། མེ་ཁྱེར་དང། སྲོག་ཆགས་དང། གང་ཟིན་པ་དེ་དང་དེའི་གཟུགས་སུ་སྣང་བར་མཛད་ཅིང། དེའི་ཆ་བྱད་ཀྱིས་གང་དག་ཇི་ལྟར་མོས་པ་རྣམས་ལ་དེ་ བཞིན་དུ་སྣང་སྟེ། ཇི་ལྟར་ཉི་ཟླའི་དཀྱིལ་འཁོར་གྱི་གཟུགས་བརྙན་གཞལ་མེད་ཁང་ལས་མ་གཡོས་པར་ཆུ་དྭངས་པའི་ནང་དུ་གཟུགས་བརྙན་ཐ་དད་པར་སྣང་བ་བཞིན་དུ། སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད་ལས་མ་གཡོས་བཞིན་དུ་ཞིང་ཁམས་དཔག་ཏུ་མེད་པར་ སངས་རྒྱས་མཐའ་མས་པར་སྣང་ངོ། །ཞེས་དང། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ངས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཀྱི་ཁམས་ཛམ་བུའི་གླིང་འདིར་ཡོངས་སུ་མྱ་ངན་འདའ་བར་བསྟན་ཀྱང་མཐར་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་ནོ། །ཛམ་ བུའི་གླིང་འདིར་ཡུམ་གྱི་ལྷུམས་སུ་བལྟམ་པ་བསྟན་པ་དང། ཡབ་དང་ཡུམ་པ་ལ་སྲས་སུ་འདུ་ཤེས་གཞག་པར་བྱ་བའི་ཕྱིར་ཡིན་གྱི། ངའི་སྐུ་ནི་མཐར་འདོད་ཆགས་འདུས་པ་ལས་སྐྱེས་པ་མ་ཡིན་ནོ། །ང་ནི་བསྐལ་བ་ཡུན་རིང་པོ་ཚད་མེད་པའི་བར་དུ་འདོད་པ་ ཡོངས་སུ་སྤངས་པས། ངའི་སྐུ་འདི་ནི་ཆོས་ཀྱི་སྐུ་སྟེ། འཇིག་རྟེན་པའི་རྗེས་སུ་མངལ་དུ་ཞུགས་པ་བསྟན་པ་ཡིན་ནོ། །རིགས་ཀྱི་བུ་ཛམ་བུའི་གླིང་འདིར་ལུམ་པའི་ཚལ་དུ་ཡུམ་ལྷ་མཛེས་ཀྱི་ལྷུམས་ནས་བལྟམས་ཏེ། བལྟམས་མ་ཐག་ཏུ་ཤར་ཕྱོགས་སུ་གོམ་ པ་བདུན་བོར་ནས། འདི་སྐད་དུ་ང་ནི་ལྷ་དང། མི་དང་ལྷ་མ་ཡིན་དུ་བཅས་པའི་ནང་ན་མཆོག་ཏུ་གྱུར། ཕུལ་དུ་གྱུར། གཙོ་བོར་གྱུར་ཏོ་ཞེས་སྨྲ་སྟེ། ཡབ་དང་ཡུམ་དང། འཇིག་རྟེན་དུ་བཅས་བསྟན་པ་ལྷ་དང་མིས་མཐོང་བ་ཐམས་ཅད་དགའ་ནས་ངོ་མཚར་རྨད་ཀྱི་ [034B] །མི་ཐམས་ཅད་ཀྱིས་ནི་ང་ལ་བུས་པ་ཆུང་དུར་འཛིན་ཏེ། ངའི་སྐུ་འདི་ནི་བསྐལ་པ་ཚད་མེད་པ་ན་སྙོན་མོངས་པའི་ཆོས་དེ་ལྟ་བུ་དང་བྲལ་ལོ། །དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ་ཤ་དང་ཁྲག་དང་རྒྱུས་པ་དང། རྩ་དང་རུས་པ་དང། རྐང་ ལས་བསྒྲུབས་པའི་ལུས་མ་ཡིན་མོད་ཀྱི། འཇིག་རྟེན་པའི་རྗེས་སུ་བུས་པ་ཆུང་ངུའི་ལུས་བསྟན་ཏོ། །ཞེས་སོགས་ནས། ངས་ནི་ཕ་རོལ་པས་སྦྱིན་པ་བྱིན་པ་བླངས་པའང་བསྟན་ཏེ། ངའི་སྐུ་འདི་ལ་ནི་བཀྲེས་པའམ་སྐོམ་པའི་བག་མེད་དོ། །འོན་ཀྱང་འཇིག་ རྟེན་པའི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དེའང་མངོན་པར་བསྟན་ཏོ། །གཞན་ཡང་སོ་སོའི་སྐྱེ་བོ་དང་མཐུན་པར་ཉལ་བ་དང་གཉིད་ལོག་པའང་བསྟན་ཏེ། ང་ནི་བསྐལ་པ་གྲངས་མེད་པའི་བར་དུ་ཤིན་ཏུ་ཟབ་མོའི་ཤེས་རབ་དང་ལྡན་ཏེ། སྲིད་པ་གསུམ་དང་ ཡོངས་སུ་བྲལ་ཡང། འགྲོ་བ་དང་སྡོད་པ་དང། སྤྱོད་ལམ་དང། ཀླད་པ་ན་བ་དང། ལྟོ་ན་བ་དང་རྒྱབ་ན་བ་དང་འབྲུམ་བུ་དང། བཀྲུས་པ་དང། རྐང་པ་འཁྲུ་པ་དང། ལག་པ་འཁྲུ་པ་དང། གདོང་འཁྲུ་པ་དང། ཁ་འཁྲུ་བ་དང། སོ་ཤིང་འཆའ་ བའི་བར་དུ་བསྟན་ཏེ། སོ་སོའི་སྐྱེ་བོ་དག་ནི་ང་ལ་དེ་དག་ཀུན་ཡོད་དོ་ཞེས་སེམས་ཏེ། ངའི་སྐུ་ལ་ནི་དེ་དག་གང་ཡང་མེད་དོ། །ཞེས་དང། ང་ནི་ཛམ་བུའི་གླིང་འདིར་ཡང་དང་ཡང་མྱ་ངན་ལས་འདས་པ་བསྟན་ཀྱང། མཐར་ཡོངས་སུ་མྱ་ངན་ལས་འདས་པ་མ་ ཡིན་ཏེ། སོ་སོའི་སྐྱེ་བོ་དག་ནི་དེ་བཞིན་གཤེགས་པ་ཡང་དག་པར་འགོག་པ་ཟད་དོ་སྙམ་སྟེ། དེ་བཞིན་གཤེགས་པ་ནི་མཐར་ཟད་པ་མ་ཡིན་པས་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བའི་ཆོས་ཅན་དུ་རིག་པར་བྱའོ། ། ༈ [035A]༄༅། །ཛམ་བུའི་གླིང་འདིར་འཇིག་རྟེན་དུ་མངོན་པར་འབྱུང་བ་བསྟན་ཏེ། སོ་སོའི་སྐྱེ་བོ་དག་ནི་ང་གདོད་མངོན་པར་སངས་རྒྱས་སོ་སྙམ་སེམས་ཏེ། ང་ནི་བསྐལ་པ་གྲངས་མེད་པའི་བར་དུ་བྱ་བ་ཐམས་ཅད་བྱས་ཀྱང་འཇིག་རྟེན་ པའི་རྗེས་སུ་ཛམ་བུའི་གླིང་འདིར་གདོང་མངོན་པར་སངས་རྒྱས་པ་བསྟན་ཏོ། །ངའང་ཛམ་བུའི་གླིང་འདིར་ཚུལ་ཁྲིམས་མ་བསྡམས་ཏེ་རྩ་བ་བྮིའང་ཉམས་པ་བསྟན་པས་སོ་སོའི་སྐྱེ་བོ་དག་ནི་ཡང་དག་པ་ངས་ཚུལ་ཁྲིམས་ཉམས་སོ་སྙམ་དུ་སེམས་ཀྱང་ ང་ནི་བསྐལ་པ་ཚད་མེད་པའི་བར་དུ་ཚུལ་ཁྲིམས་བསྲུངས་པ་ལ་ཉམས་པ་མེད་དོ། །ངའང་ཛམ་བུའི་གླིང་འདིར་ལོག་སྲེད་ཅན་དུ་བསྟན་ཏེ། སོ་སོའི་སྐྱེ་བོ་དག་ནི་ཐམས་ཅད་ཀྱིས་ང་ལ་ལོག་སྲེད་ཅན་ཡིན་པར་སེམས་ཀྱང། ང་ནི་ཡང་དག་པར་ལོག་སྲེད་ ཅན་མ་ཡིན་ནོ། །གལ་ཏེ་ལོག་སྲེད་ཅན་ཡིན་ན་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་གྱུར། ངའང་ཛམ་བུའི་གླིང་འདིར་དགེ་འདུན་འདུམ་པའི་དབྱེན་བྱས་པ་བསྟན་ཏེ། སོ་སོའི་སྐྱེ་བོ་དག་ནི་ང་ལ་དགེ་འདུན་ འདུམ་པའི་དབྱེན་བྱས་སོ་སྙམ་དུ་སེམས་ཀྱང། ངས་རྣམ་པར་བལྟས་ན་འཇིག་རྟེན་དུ་བཅས་པ་ལྷ་དང་མིའི་ནང་ན་དགེ་འདུན་འདུམ་པའི་དབྱེན་བྱེད་ནུས་པ་མ་མཐོང་ངོ། །ཞེས་དང། ངའང་ཛམྦུའི་གླིང་འདིར་བདུད་སྡིག་གཏོན་ཏོ་ཅན་གྱི་ལུས་སུ་བསྟན་ཏེ། སོ་སོའི་ སྐྱེ་བོ་དག་ནི་ཡང་དག་པར་ང་ལ་བདུད་སྡིག་ཏོ་ཅན་ཡིན་ནོ་ཞེས་སེམས་ཀྱང། ང་ནི་བསྐལ་བ་ཚད་མེད་པའི་བར་དུ་བདུད་ཀྱི་ལས་དང་ཡོངས་སུ་བྲལ་ཏེ། པདྨོ་ལྟར་ཡོངས་སུ་དག་པ་ལ་འགོ་བ་མེད་དོ། །ངའང་ཛམྦུའི་གླིང་འདིར་བུད་མེད་ཀྱི་ལུས་ཀྱིས་སངས་རྒྱས་ [035B] སོ་སོའི་སྐྱེ་བོ་དག་ནི་འདི་ལྟར་ངོ་མཚར་ཆེ་སྟེ། བུད་མེད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ་སྙམས་སེམས་ཏེ། དེ་བཞིན་གཤེགས་པ་ནི་ནམ་དུ་བུད་མེད་ཀྱི་ལུས་མི་ལེན་ཀྱང་སེམས་ཅན་ཚད་མེད་པ་རྙེད་ གདུལ་བའི་ཕྱིར་བུད་མེད་ཀྱི་གཟུགས་སུ་བསྟན་ཏོ། །སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་ཕྱིར་གཟུགས་བྱང་རྣམ་པ་སྣ་ཚོགས་བསྟན་པ་ཡིན་ནོ། །ངའང་ཛམྦུའི་གླིང་འདིར་ལམ་རྒྱུད་བཞིར་སྐྱེ་བ་བསྟན་ཏེ། ང་ནི་ཡུན་རིང་པོ་ནས་ལམ་གྱི་རྒྱུད་དུ་འགྱུར་བའི་ རྒྱུད་བཅད་དོ། །ལས་ཀྱི་རྒྱུས་ལམ་རྒྱུད་བཞིར་ལྷུང་ནས་སེམས་ཅན་དེ་དག་གདུལ་བའི་ཕྱིར་དེ་དག་ཏུ་སྐྱེ་བའང་མངོན་པར་བསྟན་ཏོ། ། ༈ ང་ལ་ནི་ཡང་དག་པར་འདོད་ཆགས་པའི་ འདུ་ཤེས་མེད་ལ། པདྨོ་ལྟར་ཡོངས་སུ་དག་ཅིང་ཅིས་ཀྱང་མི་འྒོའང་སེམས་ཅན་གང་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པ་དག་ལམ་སྲང་བཞི་མདོར་དམ་པའི་ཆོས་བསྟན་པའི་ཕྱིར་གྱི། ང་ལ་ཡང་དག་པར་འདོད་ཆགས་ཀྱི་སེམས་མེད་ཀྱང། སོ་སོའི་སྐྱེ་བོ་དག་ནི་ ང་ལ་བུད་མེད་ཀྱི་དབང་ཕྱེད་དོ་སྙམ་སེམས་སོ། །ངའང་ཛམྦུའི་གླིང་འདིར་གོས་སྔོན་པོ་གྱོན་པའི་རིགས་སུ་འགྲོ་བ་བསྟན་ཏེ། དེའང་བྲན་མོར་གྱུར་པ་ཡང་དག་པའི་ཆོས་ལ་དགོད་པའི་ཕྱིར་གྱི། ང་ལ་ནི་ཡང་དག་པར་གོས་སྔོན་པོ་གྱོན་པའི་གནས་སུ་ལྷུང་བའི་ལས་ མེད་པར་རིག་པར་བྱའོ། །ངའང་ཛམྦུའི་གླིང་འདིར་སློབ་དཔོན་ལྟ་བུར་བསྟན་ཏེ། པུས་པ་གཞོན་ནུ་ཤེད་མ་བྱེ་བ་ཡང་དག་པའི་ཆོས་ལ་དགོད་པའི་ཕྱིར་རོ། །ངའང་ཛམྦུའི་གླིང་འདིར་ཆང་འཐུང་་དང། རྒྱལ་པོའི་གནས་དང། ཕམ་རྒྱལ་གྱི་ཕྱིར་འཐབ་མོ་ [036A]༄༅། །བྱས་པའང་བསྟན་ཏེ། དེའང་སེམས་ཅན་དེ་དག་གདུལ་ཞིང་བསྒྲལ་བའི་ཕྱིར་གྱི། ང་ལ་ནི་དེ་ལྟ་བུའི་ལས་མེད་ཀྱང། སོ་སོའི་སྐྱེ་བོ་དག་ནི་ང་ལ་དེ་ལྟ་བུའི་ལས་ཀྱང་བྱེད་དོ་སྙམ་སེམས་སོ། །ངའང་ཡུན་རིང་པོར་དུར་ཁྲོད་ན་བྱ་རྒོད་ ཀྱི་ལུས་སུ་བསྟན་ཏེ། དེའང་བྱ་ཐམས་ཅད་བསྒྲལ་བའི་ཕྱིར་གྱི། སོ་སོའི་སྐྱེ་བོ་དག་ནི་ང་ལ་ཡང་དག་པར་བྱ་རྒོད་ཀྱི་ལུས་སུ་སེམས་ཏེ། ང་ནི་ཡུན་རིང་པོ་ནས་ལས་དེ་ལྟ་བུ་དང་བྲལ་ཡང་བྱ་རྣམས་བསྒྲལ་བའི་ཕྱིར་དེའང་མངོན་པར་བསྟན་ཏོ། །ངའང་ཛམྦུའི་ གླིང་འདིར་སེམས་ཅན་ཚད་མེད་པ། གདུལ་ཞིང་དམ་པའི་ཆོས་ལ་དགོད་པའི་ཕྱིར་ཁྱིམ་བདག་གི་ལུས་ཀྱང་བསྟན་ཏོ། །ཞེས་དང། ཡང་དེ་ཉིད་ལས། ངའང་ཛམྦུའི་གླིང་འདོར་ནད་ཀྱི་བསྐལ་པ་བྱུང་ནས། སེམས་ཅན་མང་པོ་ནད་ཀྱིས་རྣམ་པར་གཟིར་བ་ དག་སྨན་གྱིས་གསོས་ཏེ། དེའི་འོག་ཏུ་དམ་པའི་ཆོས་བསྟན་ནས་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་དེ། སོ་སོའི་སྐྱེ་བོ་དག་ནི་ནད་ཀྱི་བསྐལ་པ་བྱུང་སྙམ་སེམས་སོ། །གཞན་ཡང་ཛམྦུའི་གླིང་འདིར་མུ་གེའི་བསྐལ་པ་བྱུང་པ་ན། དེ་དག་ཅི་འདོད་པ་བཞིན་ བཟའ་བ་དང་བཏུང་བ་བྱིན་ནས་གདོད་དམ་པའི་ཆོས་བསྟན་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་བཀོད་དོ། །གཞན་ཡང་ཛམྦུའི་གླིང་འདིར་མཚོན་གྱི་བསྐལ་པ་བྱུང་པ་ན། དེ་ལ་དམ་པའི་ཆོས་བསྟན་ཏེ། དགྲ་འཁོན་དུ་འཛིན་པ་སྤངས་ནས། བླ་ན་མེད་པའི་བྱང་ ཆུབ་ལ་བཀོད་དོ། །གཞན་ཡང་རྟག་པར་འཛིན་པ་དག་ལ་མི་རྟག་པའི་འདུ་ཤེས་བསྟན་པ་དང། བདེ་བར་འདུ་ཤེས་པ་ལ་སྡུག་བསྔལ་པའི་འདུ་ཤེས་བསྟན་པ་དང། བདག་ཏུ་འདུ་ཤེས་པ་དག་ལ་བདག་མེད་པར་བསྟན་པ་དང། ཡོངས་སུ་དག་པར་འདུ་ཤེས་ [036B] །སེམས་ཅན་གང་ཞིག་ཁམས་གསུམ་ལ་ཆགས་ན་དེ་ལ་དམ་པའི་ཆོས་བསྟན་ཏེ་གནས་དེ་སྤོང་བར་བྱེད་དོ། །སེམས་ཅན་གདུལ་ཞིང་བསྒྲལ་བའི་ཕྱིར་བླ་ན་མེད་པ་དམ་པ་སྨན་ལྟ་བུ་སྟོན་ཏོ།། ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་སྟོན་པ་སངས་རྒྱས་ཉིད་སོར་མོའི་ཕྲེང་བ་ཅན་འདུལ་བའི་ཕྱིར་དུ་དགེ་སློང་རང་དགའ་བའི་རྣམ་པ་ཅན་དང། བྲམ་ཟེའི་ཁྱེའུ་མི་སྡུག་པ་འདུལ་ཕྱིར་ཁོ་རང་ལས་ཀྱང་དམན་པའི་མི་སྡུག་པའི་རྣམ་པར་བསྟན་པ་དང། དྲི་ཟའི་ རྒྱལ་བོ་རབ་དགའ་འདུལ་བའི་ཕྱིར་དྲི་ཟའི་རྒྱལ་པོ་པི་ཝང་མཁན་གྱི་གཟུགས་སུ་སྤྲུལ་ནས་པི་ཝང་གི་རྒྱུད་སྐུད་སྟོང་ཕྲག་པོ་ཡང་ཐམས་ཅད་བཅད་ནས་པི་ཝང་བརྡུངས་པས་འདུལ་བར་མཛད་པ་དང། རྡོ་རྗེ་འཆང་དང་བདེ་མཆོག་འཇིགས་བྱེད་སོགས་ཡི་དམ་འགའ་ཞིག་ ཤིན་ཏུ་ཁྲོས་པའི་རྣམ་པ་དང། འགའ་ཞིག་ཆགས་པའི་རྣམ་པ་རྟག་ཏུ་ཡུམ་དང་སྦྱོར་ཚུལ་སོགས་བསྟན་ཀྱང་ཆགས་སྡང་ག་ལ་ཡོད། དེ་བཞིན་དུ་བླ་མས་ཀྱང་སེམས་ཅན་འདྲེན་པའི་ཐབས་ཁོ་ནར་སྐྱོན་དང་བཅས་པ་བསྟན་པ་རྣམས་བླ་མའི་སྐྱོན་ལྟར་སྣང་ཡང་ ཆེད་དུ་བྱ་བའི་གདུལ་བྱ་རང་འདྲེན་པའི་ཕྱིར་དུ་ཆེད་དུ་གཉེར་ནས་མ་བསྟན་པའི་ངེས་པ་མེད། སྤྱིར་སངས་རྒྱས་ཀྱི་སྐུ་འོད་ཀྱི་རང་བཞིན་ཅན་ཡིན་ཡང། གོང་དུ་བཤད་པ་ལྟར། ང་ནི་སྐྱེ་དང་རྒ་བ་དང། །ན་དང་འཆི་བ་རབ་ཏུ་སྟོན། །ཞེས་སོགས་དང། གསེར་ འོད་ལས། སྐུ་ལ་རུས་པ་ཁྲག་མེད་ན། །རིང་བསྲེལ་ཡོད་པར་ག་ལ་འགྱུར། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ཐབས་ཀྱིས་རིང་བསྲེལ་བཞག་པར་མཛད། །ཅེས་གསུངས་པ་ལྟར་ཆེད་དུ་བསྟན་པ་མང་དུ་ཡོད། དེས་ན་རང་གིས་སངས་རྒྱས་སུ་མ་མཐོང་བ་ཙམ་ [037A]༄༅། །དང༑ སྐྱོན་དང་བཅས་པ་མཐོང་བ་ཙམ་གྱིས་སངས་རྒྱས་མིན་པའི་སྒྲུབ་བྱེད་དུ་མི་འགྲོ་བས། རང་གི་བླ་མ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་སྒྱུ་འཕྲུལ་ཉིད་ཡིན་པར་སྔར་གྱིས་བཅད་གོང་མ་གསུམ་ གྱིས་ལེགས་པར་བསྒྲུབས་ཟིན་པ་འདིར་སླར་ཡང་ངེས་པ་དྲངས་ནས་བླ་མ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པར་བློ་ཐག་གཅོད་དགོས། དེ་ཡང་དང་པོར་རང་གི་བླ་མའི་ཁྲོད་ནས་དད་པ་སྐྱེ་སླ་བ་ཞིག་ལས་བཅད་བཞི་པོ་འདིའི་སྟེང་ནས་སངས་རྒྱས་ དངོས་སུ་དཔྱད་སྒོམ་གྱིས་ངེས་ཤེས་འདྲེན། ངེས་ཤེས་ལྷང་ངེད་རྙེད་པ་ན་དེ་ལྟར་ཡིན་ནོ་སྙམ་པས་རྩེ་གཅིག་ཏུ་འཇོག་སྒོམ་བྱེད། དེ་ལྟར་དཔྱད་འཇོག་ཟུང་འབྲེལ་དུ་ཡང་ནས་ཡང་དུ་བསྐྱངས་པས་མཐར་བླ་མ་ལས་ལོགས་ན་སངས་རྒྱས་མེད། སངས་རྒྱས་ ཐམས་ཅད་ལས་ལོགས་ན་བླ་མ་མེད་པར་བླ་མ་དང་སངས་རྒྱས་ཐམས་ཅད་འདྲེས་པ་ལྟ་བུར་སོང་ན་འདིའི་མྱོང་བ་སྐྱེས་པ་ཡིན་ནོ། །དེས་ན་རང་ལ་ཀ་ཁ་སློབ་མཁན་ཚུན་གྱི་བླ་མ་གཞན་རྣམས་ཀྱང་རྩ་བའི་བླ་མ་དེའི་རྣམ་རོལ་ཡིན་པར་གོང་གི་གར་མཁན་དང་ སྤྱན་རས་གཟིགས་ཀྱིས་བོད་འདུལ་བའི་རིགས་བ་མར་བླངས་ཏེ་བསྒོམས་པས་མཐར་རང་གི་བླ་མ་ཐམས་ཅད་གཅིག་ཏུ་འདྲེས་པ་ལྟ་བུར་སོང་ནས་རྒྱུན་དུ་མནངས་ཆུང་བྱེད་སའི་བླ་མ་ཞིག་ལའང་མ་གུས་པ་ཅུང་ཟད་བགྱིས་ཀྱང་བླ་མའི་གཙོ་བོ་དེ་ལ་མ་གུས་ པར་བྱས་པ་ལྟ་བུར་སོང་ནས་འཇིགས་ཞུམ་ཞུམ་བྱུང་ན་བཤེས་གཉེན་བསྟེན་ཚུལ་གྱི་མྱོང་བ་སྐྱེས་པ་ཡིན་ནོ། །དེ་ལྟར་ཡང་དང་ཡང་དུ་བསམས་པས་རང་གི་བླ་མ་ཐམས་ཅད་སངས་རྒྱས་ཡིན་པར་ངེས་ཤེས་སྙིང་ཐག་པ་ནས་སྐྱེས་པ་ན་རང་གི་བླ་མ་དེ་གང་གིས་ [037B] རང་གི་བླ་མ་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་སྟེ་དེ་ནི་བླ་མ་སྤྲུལ་པའི་སྐུ་དང། དེ་ཡང་མཐར་གཏུགས་ན་ལོངས་སྐུ་རྒྱལ་བ་རྡོ་རྗེ་འཆང་གི་སྤྲུལ་པ་ཡིན་ཏེ། བླ་མ་མཆོད་ པ་ལས། གང་གི་ཐུགས་རྗེས་བདེ་པ་ཆེན་པོའི་དབྱིངས། །སྐུ་གསུམ་གོ་འཕང་མཆོག་ཀྱང་སྐད་ཅིག་ལ། །སྩོལ་མཛད་བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པདྨོ་ཕྱག་འཚལ་ལོ། །ཞེས་དང། གོང་དུ་དྲངས་པའི་བླ་མཆོད་ཀྱི་ལུང། རབ་འབྱམས་རྒྱལ་བ་ཀུན་ གྱི་ཡེ་ཤེས་ནི། །སོགས་དང། བླ་མ་རྒྱང་འབོད་ལས་ཀྱང། ཡེ་ཤེས་སྒྱུ་མའི་རང་སྣང་རྒྱལ་བ་ཡན་ལག་བདུན་ལྡན། །དེ་ཉིད་དྲིན་ཅན་བླ་མ་ཀུན་གྱི་སྤྲུལ་གཞི་མཐར་ཐུག་བླ་མ་ལོངས་སྤྱོད་རྫོགས་སྐུར་སྙིང་ནས་གསོལ་བ་འདེབས་སོ། །ཞེས་བལྟར་བླ་མ་ཐམས་ཅད་ རྒྱལ་བ་རྡོ་རྗེ་འཆང་ཉིད་ཀྱི་སྤྲུལ་པ་ཡིན་པས། མཐར་གཏུགས་ན་རྒྱལ་བ་རྡོ་རྗེ་འཆང་ཉིད་རང་གི་བླ་མ་ཡིན་ནོ། །རྡོ་རྗེ་འཆང་དེ་ཡང་གང་ལས་བྱུང་སྙམ་ན་བདེ་ཆེན་ཆོས་ཀྱི་སྐུ་བཞིན་ལག་གི་རྣམ་པ་ཅན་དུ་ཤར་བ་ཡིན་པས། རང་གི་བླ་མའི་སྤྲུལ་གཞི་ཡང་མཐར་ གཏུགས་ན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་བདེ་ཆེན་ཆོས་ཀྱི་སྐུ་ཉིད་རང་གི་བླ་མ་མཐར་ཐུག་པ་ཡིན་ནོ། །དེ་ལྟར་སངས་རྒྱས་རྒྱང་འབོད་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་བདེ་ཆེན་ཆོས་སྐུ་ར་རོ་གཅིག་དེ་ཉིད་དྲིན་ཅན་བླ་མ་ཀུན་གྱི་རང་བཞིན་མཐར་ ཐུག་བླ་མ་ཆོས་ཀྱི་སྐུ་ལ་སྙིང་ནས་གསོལ་བ་འདེབས་སོ། །ཞེས་དང། བླ་མཆོད་ལས། སྒྲིབ་མེད་ལྷན་སྐྱེས་དགའ་བའི་རོལ་བ་དང། །ཞེས་སོགས་དང། ཤེར་ཕྱིན་རྡོར་གཅོད་ལས་ཀྱང། གང་དག་ང་ལ་གཟུགས་སུ་བལྟ། །གང་དག་ངལ་སྒྲར་ཤེས་པ། །ལོག་ [038A]༄༅། །པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མ་མཐོང། །སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཞེས་གསུངས་སོ། །དེ་ལྟར་ན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཆོས་ཀྱི་དབྱིངས་སུ་རོ་གཅིག་ པའི་ཡེ་ཤེས་བླ་མ་བདེ་ཆེན་ཆོས་སྐུ་དེ་ཉིད་བཞིན་ལག་གི་རྣམ་པ་ཅན་གྱི་བླ་མ་ལོངས་སྤྱོད་རྫོགས་སྐུ་རྒྱལ་པ་རྡོ་རྗེ་འཆང་གི་རྣམ་པར་བཞེངས། དེ་ཉིད་བླ་མ་སྤྲུལ་པའི་སྐུ་ཐ་མལ་པའི་བཤེས་གཉེན་གྱི་རྣམ་པར་བསྟན་པ་ཡིན་ཏེ། རྒྱང་འབོད་ལས། ཇི་ སྙེད་གདུལ་བྱའི་ཁམས་བཞིན་སྣ་ཚོགས་སྤྲུལ་པའི་རོལ་གར། །དེ་ཉིད་དྲིན་ཅན་བླ་མ་ལོངས་སྤྱོད་རྫོགས་སྐུའི་རྣམ་འགྱུར། །བླ་མ་སྤྲུལ་པའི་སྐུ་ལ་སྙིང་ནས་གསོལ་བ་འདེབས་སོ། །ཞེས་དང། བླ་མཆོད་ལས་ཀྱང། བདེ་གཤེགས་སྐུ་གསུམ་རྒྱན་གྱི་ འཁོར་ལོ་ནི། །ཞེས་སོགས་གསུངས་པ་ལྟར་རོ། །དེའི་ཕྱིར་རང་གི་རྩ་བའི་བླ་མ་དེ་ནི་སྐུ་གསུམ་དབྱེར་མེད་ཀྱི་རོལ་པ་རང་གི་བླ་མ་གཅིག་པུའི་གཟུགས་སུ་ཤར་བ་ཡིན་པས་རང་གི་བླ་མ་ནི་སྐུ་གསུམ་དབྱེར་མེད་གཅིག་ཏུ་བསྡུས་པའི་ངོ་བོའམ་བདག་ཉིད་དུ་ ཐག་ཆོད། སྐུ་བཞིའི་བདག་ཉིད་ཀྱི་དོན་ཡང་འདི་ལྟ་བུ་ལ་ངེས་པ་རྙེད་དགོས། དེ་དང་མཐུན་པར་རྒྱང་འབོད་ལས་ཀྱང། སྐུ་གསུམ་དབྱེར་མེད་རོལ་པ་བླ་མའི་གཟུགས་སུ་ཤར་བ། །དེ་ཉིད་དྲིན་ཅན་བླ་མ་ཀུན་གྱི་ངོ་བོ་གཅིག་ཉིད། །སྐུ་གསུམ་དབྱེར་མེད་བླ་ མར་སྙིང་ནས་གསོལ་བ་འདེབས་སོ། །ཞེས་པ་ལྟར་བསམ། དེ་ལྟར་ན་རང་གི་བླ་མ་ཡང་སངས་རྒྱས་དང། སངས་རྒྱས་རྣམས་ཀྱང་རང་གི་བླ་མ་ཡིན། འདི་ཡི་དམ་དང་ལྷག་པའི་ལྷ་གཞན་ཐམས་ཅད་ལའང་འདྲ་སྟེ། བླ་མ་ཉིད་མགོན་པོ། མགོན་པོ་ཉིད་བླ་མ་ [038B] དེ་ལྟར་རང་གི་བླ་མ་དེ་སྐུ་གསུམ་གྱི་བདག་ཉིད་ཡིན་པར་ངེས་པ་རྙེད་ན་བླ་མཆོད་ལས། ཀུན་མཁྱེན་ཡེ་ཤེས་རོལ་པ་ལས་བྱུང་བའི། །ཞེས་སོགས་དང། འདུས་པའི་སྨོན་ལམ་ལས། རིགས་བརྒྱ་རིགས་ ལྔ་རིགས་གསུམ་རིགས་གཅིག་ཏུ། །འཆར་བའི་སྐུ་ཡི་རྡོ་རྗེ། ཞེས་སོགས་གསུངས་པ་ལྟར་གསང་བདེ་འཇིགས་གསུམ། དགྱེས་རྡོར། དུས་འཁོར་སོགས་རྒྱུད་སྡེ་བཞིའི་ལྷ་ཚོགས། ཕྲེང་བའི་དཀྱིལ་འཁོར་ཞེ་ལྔ། མི་ཏྲའི་དཀྱིལ་འཁོར་བརྒྱ་ཕྲག་ རིན་འབྱུང། སྒྲུབ་ཐབས་རྒྱ་མཚོ། སྒྲུབ་ཐབས་བརྒྱ་རྩ། སྣར་ཐང་བརྒྱ་རྩ་སོགས་ལྷ་ཚོགས་སྟོང་ལ་ཉེ་བ། གཞན་ཡང་རང་གིས་གང་ཤེས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཇི་སྙེད་ཅིག་སྣང་བ་ཐམས་ཅད་བླ་མ་བདེ་ཆེན་ཆོས་ཀྱི་སྐུའི་རྣམ་འགྱུར་བླ་མ་ ལོངས་སྤྱོད་རྫོགས་སྐུའི་སྤྲུལ་པ་ཤ་སྟག་ཡིན་པར་ངེས་ནུས་ཤིང། དེ་ཐམས་ཅད་རང་གི་བླ་མ་ལས་མི་འདའ་ཞིང་རང་གི་བླ་མ་ཉིད་ཡིན། དེ་དག་ཕར་སྤྲོ་བ་པོ་རང་གི་བླ་མ་ཉིད་ཡིན་པས་རིགས་ཐམས་ཅད་ལ་ཕར་ཁྱབ་ཅིང། དེ་དག་ཚུར་བསྡུ་ནའང་ རིགས་བརྒྱ་རིགས་ལྔ་དང། དེ་རིགས་གསུམ་དང། དེ་གསང་ཆེན་རིགས་གཅིག་བླ་མ་རྡོ་རྗེ་འཆང་གཅིག་གི་ངོ་བོར་བསྡུ་བས་ན་བདག་པོ་སྟེ་བླ་མ་ནི་དེ་ཐམས་ཅད་ཀྱི་བྱེད་པ་པོ་ཁྱབ་བདག་ཉིད་ཡིན་པས་རིགས་བརྒྱའི་ཁྱབ་བདག་ཅེས་སོགས་ཀྱང་འདི་ མགོ་དགོས། དེ་ལྟར་ཡང་རྒྱང་འབོད་ལས། རིགས་བརྒྱ་རིགས་ལྔ་རིགས་གསུམ་ཇི་སྙེད་སྤྲོ་ཡང་བླ་མ། །དེ་ཀུན་གང་དུ་བསྡུ་བའི་ཁྱབ་བདག་ཉིད་ཀྱང་བླ་མ། །བླ་མ་རིགས་ཀུན་བདག་པོར་སྙིང་ནས་གསོལ་བ་འདེབས་སོ། །ཞེས་པ་ལྟར་རོ། །དེའི་ཕྱིར་ [039A]༄༅། །ཀླུ་སྒྲུབ་དང་རྗེ་ཙོང་ཁ་པ་སོགས་བླ་མ་ཀུན་འདུས། ཡི་དམ་ཀུན་ཀྱང་བླ་མ་ལས་ལོགས་སུ་མེད་པས་ཡི་དམ་ཀུན་འདུས། སངས་རྒྱས་ཐམས་ཅད་ཀྱང་བླ་མ་ལས་ལོགས་ན་མེད་པས་སངས་རྒྱས་ཀུན་འདུས་ཏེ། རྒྱང་འབོད་ ལས༑ ཡི་དམ་ཞི་ཁྲོ་རབ་འབྱམས་ཀུན་ཀྱང་བླ་མའི་རང་བཞིན། །དྲིན་ཅན་བླ་མ་ཉིད་ལས་ཡི་དམ་ལོགས་སུ་མེད་པས། །ཡི་དམ་ཀུན་འདུས་བླ་མར་སྙིང་ནས་གསོལ་བ་འདེབས་སོ། །ཞེས་དང། སངས་རྒྱས་ཀུན་གྱི་སྤྱི་གཟུགས་བླ་མའི་རྣམ་པར་ཤར་ བས༑ ༑དྲིན་ཅན་བླ་མ་ཉིད་ལས་སངས་རྒྱས་ལོགས་སུ་མི་དམིགས། །སངས་རྒྱས་ཀུན་འདུས་བླ་མར་སྙིང་ནས་གསོལ་བ་འདེབས་སོ། །ཞེས་པ་ལྟར་རོ། །དེ་ལྟར་བླ་མ་ནི་རྡོ་རྗེ་འཆང་ཉིད་ཡིན་ཅིང། རྡོ་རྗེ་འཆང་གི་ཕུང་པོ་ལྔ་བདེ་གཤེགས་ལྔ་དང་ ཁམས་བཞི་ཡུམ་བཞི། སྐྱེ་མཆེད་རྩ་རྒྱུས་ཚིགས་རྣམས་བྱང་སེམས། ཡན་ལག་རྣམས་ཁྲོ་བོའི་རང་བཞིན་ཡིན་པས་བླ་མའི་ཕུང་ཁམས་སྐྱེ་མཆེད་སོགས་ཀྱང་རྒྱལ་བ་རྡོ་རྗེ་འཆང་བཞིན་དུ་རིགས་ལྔ་ཡབ་ཡུམ་དང། ཁྲོ་བོ་སོགས་ཅིའི་ཕྱིར་མ་ཡིན་ཏེ་ ལོས་ཡིན། དེ་ལྟར་ཡིན་པ་ཡང་བླ་མཆོད་ལས། ཁྱོད་ཀྱི་ཕུང་ཁམས་སྐྱེ་མཆེད་ཡན་ལག་རྣམས། །ཞེས་སོགས་གསུངས། དེས་ན་བླ་མ་ནི་བདེ་གཤེགས་རིགས་ལྔ་སོགས་སངས་རྒྱས། ས་སྙིང། ཕྱག་རྡོར་སོགས་དགེ་འདུན། ཐུགས་རྒྱུད་ཀྱི་སྤངས་ རྟོགས་དམ་ཆོས་ཏེ་བླ་མ་མཆོག་གསུམ་གྱི་བདག་ཉིད་ཀྱང་ཡིན་ཏེ། རྒྱང་འབོད་ལས། སངས་རྒྱས་ཆོས་དང་དགེ་འདུན་ཀུན་གྱི་བྱེད་པོ་བླ་མ། །གཅིག་ཆོག་སྐྱབས་གསུམ་ཀུན་འདུས་དྲིན་ཅན་བླ་མ་ཉིད་ཡིན། །སྐྱབས་ཀུན་འདུས་ཞལ་བླ་མར་སྙིང་ནས་གསོལ་ [039B] །ཞེས་དང། རྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆེས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་འཆང། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་རིགས་གསུམ་ མགོན་པོའི་རྣམ་པར་ཤར་བ་ཡིན་ལ། བླ་མ་ཡང་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་རང་གཟུགས་ཡིན་པས་འཕགས་མཆོག་རིགས་གསུམ་མགོན་པོ་ཡང་རང་གི་བླ་མ་ཉིད་ཡིན་ཅིང། བླ་མ་ཡང་རིགས་གསུམ་མགོན་པོ་གཅིག་བསྡུས་ ཀྱི་བདག་ཉིད་ཡིན་ཏེ། རྒྱང་འབོད་ལས། རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་རང་གཟུགས་བླ་མར་ཤར་བས། །འཕགས་མཆོག་རིགས་གསུམ་མགོན་ཀྱང་དྲིན་ཅན་བླ་མ་ཉིད་ཡིན། །རིགས་གསུམ་གཅིག་འདུས་བླ་མར་སྙིང་ནས་གསོལ་བ་འདེབས་སོ། །ཞེས་པ་ལྟར་རོ། ། དེ་དག་རྣམས་ལ་ངེས་ཤེས་ཀྱིས་མྱོང་བ་ལེགས་པར་ཐོན་ན་རྩ་བ་དད་པ་སྦྱང་བའི་མྱོང་བའི་མཐར་ཐུག་པ་སྐྱེས་པ་ཡིན་ནོ། །བླ་མཆོད་ཀྱི། བདག་ཉིད་བླ་མ་ལྷར་གྱུར་ནས། །ཞེས་སོགས་དང། བླ་མ་ལྷའི་གོ་འཕང་མངོན་དུ་བྱས། ཞེས་པ་དང། གཞན་ཡང་ རང་ཉིད་བླ་མའི་གོ་འཕང་ཐོབ་ཅེས་པ་དང། བླ་མ་དང་ཐུགས་ཡིད་གཅིག་ཏུ་འདྲེས་ཞེས་པ་རྣམས་ཀྱང་རང་ཉིད་མངོན་པར་སངས་རྒྱས་པ་ན་བདེ་ཆེན་ཆོས་སྐུའི་ཀློང་དུ་བླ་མའི་གསང་བ་གསུམ་དང་རང་གི་སྒོ་གསུམ་པོ་དབྱེར་མེད་རོ་གཅིག་ཏུ་འདྲོས་པ་ཉིད་ལ་བྱེད་དོ། ། དེའི་དོན་རྒྱང་འབོད་ལས་ཀྱང། གཟུང་འཛིན་ཤུན་པ་བུད་པའི་གཉུག་མའི་རང་ཞལ་རྗེན་པ། །གནས་ལུགས་དོན་གྱི་བླ་མ་མཇལ་བར་བྱིན་གྱིས་རློབས་ཤིག་སྒྲིབ་གཉིས་སྤྲོས་པ་ཟད་པའི་བདེ་ཆེན་ཆོས་སྐུའི་ཀློང་དུ། །རང་དང་བླ་མའི་གསང་གསུམ་གཅིག་ཏུ་ [040A]༄༅། །བྱིན་གྱིས་རློབས་ཤིག་ཅེས་པ་ལྟར་ཡིན་གསུངས། ༈ བླ་མ་སངས་རྒྱས་ལས་ལྷག་པའི་བཀའ་དྲིན། ཆོས་གསུངས་པའི་བཀའ་དྲིན། ཤེས་རྒྱུད་བྱིན་གྱིས་བརླབས་ པའི་བཀའ་དྲིན། ཟང་ཟིང་གིས་འཁོར་དུ་བསྡུས་པའི་བཀའ་དྲིན་ནོ། །དང་པོ་ལ་གཉིས། སྤྱིར་སངས་རྒྱས་ཐམས་ཅད་པས་ལྷག་པའི་བཀའ་དྲིན། སྒོས་སྟོན་པ་ཐུབ་པའི་དབང་པོ་ལས་ལྷག་པའི་བཀའ་དྲིན་ནོ། །དང་པོ་ནི། སྤྱིར་ཡོན་ཏན་གྱི་ངོས་ནས་བླ་མ་སངས་ རྒྱས་ཐམས་ཅད་དང་ཡོན་ཏན་མཉམ་ཡང། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་ལས་ཀྱང་བླ་མ་བཀའ་དྲིན་ཆེ་སྟེ། བླ་མཆོད་ལས། སངས་རྒྱས་གྲངས་མེད་བྱོན་བསམ་ཐུལ་བའི། །ཞེས་སོགས་གསུངས་པ་ལྟར་སྔོན་འདས་པའི་སངས་རྒྱས་གྲངས་མེད་པ་བྱོན་ ཏེ་རང་རང་གི་གདུལ་བྱ་གྲངས་མེད་པ་རེ་འབྲས་བུ་བཞི་པོ་ཅི་རིགས་ལ་བཀོད་དེ་གྲོལ་བ་ཐོབ་པར་མཛད་ཀྱང་རང་ནི་དེ་དག་གིས་ཀྱང་འདུལ་བར་མ་ནུས་པ་ཡིན། དེར་མ་ཟད་སྟོན་པ་སངས་རྒྱས་ཀྱིས་སློབ་པ་ལམ་གྱི་གནས་སྐབས་སུ་ཚོགས་བསགས་ཡུལ་ཙམ་ལའང། རྣམ་ གཟིགས་མར་མེ་རིན་ཆེན་གཙུག་གྲངས་མེད་གསུམ་གྱི་ཐ་མར་བྱུང། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་སངས་རྒྱས་ཤཱཀྱ་ཐུབ་ཆེན་ནས་རིན་ཆེན་གཙུག་ཏོར་ཅན་འཇིག་རྟེན་དུ་བྱོན་པའི་བར་ལ་གྲངས་མེད་དང་པོ་དང། དེ་ནས་མར་མེ་མཛད་ཡན་གྲངས་མེད་གཉིས་པ། དེ་ནས་ སངས་རྒྱས་རྣམ་གཟིགས་བར་གྲངས་མེད་གསུམ་པའི་ཚོགས་བསགས་པར་གསུངས་པ་རྣམས་བྱེ་བྲག་སྨྲ་བའི་མཛོད་ཀྱི་ལུགས་དང། གཞན་དུ་འདུལ་བ་ལུང་གཞི་ལྟར་ན། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །བདུན་ཁྲི་ལྔ་སྟོང་ཚང་བ་ [040B] ༑སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །དབང་པོ་རྒྱལ་མཚན་ཐུབ་པའི་བར། །བདུན་ཁྲི་དྲུག་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་མར་མེ་མཛད་ནས་ནི། །སངས་རྒྱས་འོད་སྲུངས་བར་དག་ ཏུ༑ ༑བདུན་ཁྲི་བདུན་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེས་གསུངས་པ་ལྟར་གྲངས་མེད་དང་པོར་སངས་རྒྱས་ཤཱཀྱ་ཐུབ་ཆེན་ནས་དེ་བཞིན་གཤེགས་པ་ཡུལ་འཁོར་སྐྱོང་གི་བར་ལ་སངས་རྒྱས་བདུན་ཁྲི་ལྔ་སྟོང་དང། གྲངས་མེད་གཉིས་པར་ སངས་རྒྱས་ལེགས་མཛད་ནས་དབང་པོ་རྒྱལ་མཚན་བར་སངས་རྒྱས་བདུན་ཁྲི་དྲུག་སྟོང། གྲངས་མེད་གསུམ་པར་སངས་རྒྱས་མར་མེ་མཛད་ནས་འོད་སྲུངས་ཀྱི་བར་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་བར་གསུངས། འདི་དག་ཐེག་པ་ཐུན་མོང་བའི་ དབང་དུ་མཛད་པ་ལས། ཐེག་ཆེན་ལྟར་ན། ཟླ་བ་སྒྲོན་མེའི་མདོ་དང། མདོ་ཕལ་པོ་ཆེ། མདོ་སྡེ་དཀོན་མཆོག་སྤྲིན་སོགས་ལས་སངས་རྒྱས་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་མཆོད་ཅིང་བསྙེན་བཀུར་བར་གསུངས་པ་སོགས་སངས་རྒྱས་ གྲངས་མེད་དེ་ཙམ་བྱོན་ཡང་བདག་འདུལ་བའི་སྐལ་བར་མ་གྱུར། བསྐལ་པ་འདིའི་དབང་དུ་བྱས་ནའང་ཚེ་ལོ་བརྒྱད་ཁྲིའི་དུས་སུ་སངས་རྒྱས་འཁོར་བ་འཇིག་བཞི་ཁྲིའི་དུས་སུ་གསེར་ཐུབ། ཉི་ཁྲིའི་དུས་སུ་འོད་སྲུངས་རྣམས་བྱོན་ནས་གདུལ་བྱ་དེ་ཙམ་སྒྲོལ་བར་ མཛད་ཀྱང་བདག་འདུལ་བའི་སྐལ་བར་མ་གྱུར་པར་ལུས། དེ་ལྟ་བླ་མ་འདིས་བདག་འདུལ་བར་མཛད་པས་བཀའ་དྲིན་དེ་བས་ཆེ་བ་ཅི་ཞིག་ཡོད། ༈ བླ་མཆོད་ལས། ཐུབ་པའི་ཉི་མ་དུས་ཀྱིས་ [041A]༄༅། །ནུབ་གྱུར་ཏེ། །སོགས་ལྟར་འདས་པའི་སངས་རྒྱས་རྣམས་དང། བསྐལ་བཟང་འདིའི་རྣམ་འདྲེན་སྟོང་གིས་འདུལ་བར་མ་ནུས་པའི་རྩོད་དུས་ཚེ་ལོ་བརྒྱ་བའི་དུས་ཀྱི་སྙིགས་མ་ལྔ་བདོའི་འགྲོ་བ་རྣམས་བདག་ཅག་གི་ སྟོན་པ་སྔོན་འཁོར་སྒྱུར་རྩིབས་ཀྱི་མུ་ཁྱུད་ཀྱི་མདུན་ན་འདོན་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་སྐབས། དེས་བསྐུལ་ཏེ་སངས་རྒྱས་རིན་ཆེན་སྙིང་པོའི་དྲུང་དུ་འཁོར་སྒྱུར་སྲས་སྟོང་དང་བཅས་པ་སོགས་དང། བྲམ་ཟེའི་རིག་བྱེད་སློབ་པ་སྟོང་སོགས་རེ་ རེས་གདུལ་ཞིང་རེ་བཟུང་བར་ཐུགས་བསྐྱེད་ཀྱང་ཚེ་ལོ་བརྒྱ་པ་སྙིགས་མ་ལྔ་བདོ་འདིར་ཐུགས་བསྐྱེད་མ་ནུས་པར་ལུས་པ་ན། བྲམ་ཟེ་རྒྱ་མཚོའི་རྡུལ་རང་ཉིད་ཀྱིས་རྩོད་དུས་འདིའི་འགྲོ་བ་རྣམས་འདུལ་བར་ཐུགས་བསྐྱེད་དེ་སྨོན་ལམ་ཆེན་པོ་ ལྔ་བརྒྱ་བཏབ་པར་མཛད་པས། ལྷ་རྣམས་ཀྱིས་ཀྱང་སངས་རྒྱས་སྟོང་ལས་པདྨ་དཀར་པོ་ལྟ་བུའོ་ཞེས་བསྔགས་པ་ལྟར་ཚེ་ལོ་བརྒྱ་པའི་དུས་སུ་འཕགས་ཡུལ་དུ་བྱོན་ནས་གདུལ་བྱ་གྲངས་མེད་པ་སྨིན་གྲོལ་ལ་བཀོད་པ་ལྟ་ཅི། མ་ག་དྷ་བཟང་ མོས་སྤྱན་དྲངས་པའི་ཕེབས་ལམ་ནས་གཤེགས་པའི་རིང་གཅིག་པུར་ཡང་སྲོག་ཆགས་སྟོང་ཕྲག་བདུན་ཅུ་དོན་བདུན་སྨིན་གྲོལ་ལ་བཀོད་པར་མཛད་ཀྱང་རང་ནི་ལས་ཀྱི་སྒྲིབ་པས་ནོན་ཏེ་ངན་སོང་གི་གཏིང་དུ་བསྡད་པས་གང་ཡང་གནང་ཐབས་མ་བྱུང་ཞིང་ འདུལ་སྐལ་དུ་མ་གྱུར་བར་ལུས། དེ་རྗེས་སུ་ཡང་ཉན་ཐོས་འོད་སྲུངས་ཆེན་པོ་དང། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དཧི་དཧི་ཀ། ནག་པོ་པ། ལེགས་མཐོང་ཆེན་པོ་སྟེ་བསྟན་པའི་གཏད་རབས་བདུན་དང། དེའི་ནང་ནས་འཕགས་པ་ཉེར་སྦས་གཅིག་ [041B] གར་མཁན་དཔའ་བོའི་གཙུག་ལག་ཁང་ཞེས་པར་ཉིན་བདུན་གྱི་རིང་ཆོས་བསྟན་པས་ཀྱང་བདེན་པ་མཐོང་བ་འབུམ་ཕྲག་བཅོ་བརྒྱད་བྱུང་བ་དང། ཕུག་པ་སྲིད་དུ་ཁྲུ་བཅོ་བརྒྱད་དང། རྒྱར་ཁྲུ་བཅུ་གཉིས། དཔངས་སུ་ཁྲུ་དྲུག་ ཡོད་པ་ཞིག་ཏུ། སློབ་མ་དགྲ་བཅོམ་པ་རེ་རེ་བྱུང་དུས་སོ་ཤིང་སོར་བཞི་པ་རེ་དོར་བས་ཕུག་པ་ཁེངས་པ་བྱུང། འདི་ལ་སྟོན་པ་མཚན་བཟང་མེད་པའི་སངས་རྒྱས་སུ་ལུང་བསྟན། དགྲ་བཅོམ་པ་ཉི་མ་གུང་པ་སོགས་ཀྱིས་ཀྱང་སངས་རྒྱས་དངོས་ལྟ་བུའི་འགྲོ་དོན་མཛད་ཀྱང་རང་ཅག་ ནི་གང་ཡང་མ་བྱུང། དེ་རྗེས་རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་ཅུ་སོགས་དང། བོད་འདིར་ཡང་བསྟན་པ་སྔ་དར་ལ་མཁན་སློབ་ཆོས་གསུམ་གྱི་སྐུ་དུས་སུ་རྗེ་འབངས་ཉེར་ལྔ་སོགས་ཀྱི་སྐབས་བྲག་ཡེར་པ་གཅིག་པུར་ཡང་གསང་སྔགས་རྙིང་མའི་གྲུབ་ཐོབ་ཡེར་བའི་ གྲུབ་ཆེན་བརྒྱད་ཅུར་གྲགས་པ་སོགས་གྲངས་མེད་བྱོན། ཕྱི་དར་ལ་ཇོ་བོ་ཡབ་སྲས་སོགས་ཀྱི་སྐུ་དུས་སུ་བཀའ་གདམས་པའི་དགེ་བཤེས་གྲངས་མེད་པ་བྱུང་བ་རྣམས་མཚན་དུ་དགེ་བཤེས་ཞེས་གསོལ་བ་ལས། དོན་ལ་གྲུབ་ཐོབ་བསམ་གྱིས་མི་ཁྱབ། དེར་མ་ཟད་ས་ཆེན་ གོང་མ་རྣམ་ལྔ། བཀའ་བརྒྱུད་ཀྱི་མར་མི་ཡབ་སྲས་རྣམས་དང། མིད་ལ་གཅིག་པུར་ཡང་སློབ་མ་གྲུབ་ཐོབ་ཉེར་བརྒྱད་དང། ལམ་སྣ་ཟིན་པ་སྟོང་ཕྲག་བརྒལ་བ་བྱུང། ལྷག་པར་འཇམ་མགོན་ཙོང་ཁ་པ་ཡབ་སྲས་སོགས་སྐྱེས་ཆེན་དམ་པ་གྲངས་མེད་པ་དེ་ཙམ་བྱོན་ནས་ རང་རང་གི་གདུལ་བྱ་གྲངས་ལས་འདས་པ་མཁས་གྲུབ་གཉིས་ལྡན་ནམ་མཁའི་སྐར་ཚོགས་ལྟ་བུ་སྨིན་གྲོལ་ལ་འགོད་པར་མཛད་ཀྱང། རང་ནི་དེ་དག་གི་སྐབས་སུ་དམྱལ་བ་ཡི་དྭགས་སོགས་སུ་འཁྱམས་ཏེ་འདུལ་སྐལ་དུ་མ་གྱུར་པས་འདྲེན་ཐབས་མཛད་མ་ཐུབ་ཅིང། བག་ཆགས་ཙམ་ཡང་མེད་ [042A]༄༅། །པའི་རྟགས་ཡིན། བག་ཆགས་ཡོད་ན། མགོན་པོ་ཀླུ་སྒྲུབ་ཀྱིས་ཆོས་གསུངས་པ་ཕུག་རོན་ཞིག་གིས་ཡང་ཡང་ཐོས་པས་དེ་ཤི་ནས་ཀླུ་སྒྲུབ་ཀྱི་སློབ་མ་ཀླུ་ཡི་བྱང་ཆུབ་ཏུ་གྱུར་པ་དང། སློབ་དཔོན་དབྱིག་གཉེན་གྱིས་ཆོས་ མངོན་པ་གསུངས་ཕ་ཕུག་རོན་ཞིག་གིས་རྒྱུན་དུ་ཐོས་པས། ཕྱིས་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་བརྟན་དུ་གྱུར་པ་ལྟ་བུ་འབྱུང་བ་ལ། རང་ནི་དེ་དག་གིས་ཀྱང་འདུལ་བར་མ་ནུས་པའི་སྐལ་ཆད། ཉམ་ཐག་ གྱོང་རྒན། མ་རུངས་པ་བདག་ལྟ་བུ་བླ་མ་འདིས་རྗེས་སུ་མ་བཟུང་ན་ཅི་འདྲར་འགྱུར་སོམས་དང། དཔེར་ན་རང་གཅན་གཟན་ལ་སོགས་པ་མ་རུངས་པ་དུ་མས་ཁེངས་པའི་བྱང་ཐང་འབྲོག་དགོན་པ་འཇིགས་སུ་རུང་བ་ཞིག་ཏུ་སྐྱབས་མེད་མགོན་མེད་དུ་ལུས་ པའི་ཚེ་ཉི་ཟླ་དང་སྐར་མ་ཐམས་ཅད་ནུབ་སྟེ་མུན་པའི་ནང་དུ་མྱ་ངན་གྱིས་ཉམ་ཐག་པའི་དུས་སུ་མི་ཞིག་གིས་སྒྲོན་མེ་བཏེག་སྟེ་ལམ་བསྟན་པར་བྱུང་ན་བཀའ་དྲིན་ཇི་ལྟར་ཆེ་བ་དེ་བཞིན་དུ་སྔོན་བྱོན་གྱི་སངས་རྒྱས་བྱང་སེམས་པཎ་གྲུབ་གྲངས་མེད་ཐམས་ཅད་འདས་ ཟིན་ཏེ་མགོན་དང་སྐྱབས་སུ་ཡང་མེད་པའི་དུས་སུ་ད་ལྟའི་བླ་མ་འདིས་ཆོས་གསུངས་ཏེ་འདྲེན་ཐབས་མཛད་པ་འདི་ལས་བཀའ་དྲིན་ཆེ་བ་མེད། ད་ལྟ་རང་གིས་ཅུང་ཟད་དྲན་ཤེས་བག་ཡོད་བྱ་ཐུབ་པ་འདི་ཡང་བླ་མ་འདིའི་བཀའ་དྲིན་མིན་ན་གཞན་ཅི་ཡིན། རང་གི་ བླ་མ་འདིས་ཐེག་པ་ཆེན་པོའི་ལམ་མ་ནོར་བར་བསྟན་ནས་འདྲེན་པར་མཛད་པས་ད་ལྟའི་བླ་མ་འདི་ནི་སྔར་གྱི་དེ་ཐམས་ཅད་ལས་བཀའ་དྲིན་ཆེ། དེས་ན་སངས་རྒྱས་དང་བླ་མ་གཉིས་ཡོན་ཏན་གྱི་ངོས་ནས་མཉམ་ཡང། བཀའ་དྲིན་གྱི་ངོས་ནས་བླ་མ་བཀའ་དྲིན་ཆེ་བ་ [042B] མཁས་གྲུབ་ཐམས་ཅད་མཁྱེན་པས་ཀྱང། རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན། །ཟླ་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །ཞེས་གསུངས་པ་ཡང་དོན་འདི་ལ་དགོངས་པ་ཡིན་ནོ། །དེ་ལྟར་ན་བླ་མ་འདིས་བདག་འདི་ལྟ་བུའི་བཀའ་དྲིན་གྱིས་མ་བསྐྱངས་ ན་ལོང་བཟང་སྟོང་དུ་ལུས་པ་ལྟ་བུ། སྨྱོན་པ་གཡང་ཁར་འཁྲལ་པ་ལྟ་བུ་འབྱུང་རྒྱུ་མ་ཡིན་ནམ། དེ་ལྟར་མ་བྱུང་བ་བླ་མའི་བཀའ་དྲིན་ཉག་གཅིག་ཡིན། དེ་འདྲའི་བཀའ་དྲིན་གྱིས་ཆེ་བ་ལ་སྙམ་དུ་བསམ། ༈ སྔོན་སྟོན་ པ་སངས་རྒྱས་ཀྱིས་སྐུ་ཚེ་སྔ་མ་མང་པོར་ཆོས་ཚིགས་བཅད་རེ་རེའི་དོན་དུའང་རྒྱལ་པོ་བྱི་ལིང་གར་ལི་ཏར་འཁྲུངས་པའི་ཚེ་སྐུ་ལུས་ལ་ལྕགས་གཟེར་སྟོང་བཏབ་པ་དང། རྒྱབ་པོ་གན་ཤ་པ་ལིར་གྱུར་པའི་ཆོ་སྐུ་ལ་མང་མེ་སྟོང་སྦར་བ་དང། རྒྱལ་པོ་ཁ་དོག་དམ་ པར་གྱུར་པའི་ཚེ་ཤིན་ཏུ་གཅེས་པའི་བཙུན་མོ་དང། སྲས་སོགས་གནོད་སྦྱིན་གཏུམ་པོར་ཟར་བཅུག་པ་དང། དྲང་སྲོང་གི་སྟོན་པ་ཨུཏ་ཏ་ལིས་རང་གི་པགས་པས་ཤོག་བུ། རུས་པས་སྨྱུག་གུ། ཁྲག་གིས་སྣག་ཚར་བྱས་ཏེ་ཆོས་ཉན་ཅིང་བྲིས་པ་སོགས་ དཀའ་སྤྱད་དེ་ཙམ་མཛད་པ་ཡིན་ཞེས་སྐྱབས་མགོན་བླ་མ་རིན་པོ་ཆེའི་གསུང་རྒྱུན་ཡིན་གསུངས། ཇོ་བོ་ཆེན་པོས་ཀྱང་ཆོས་བྱང་ཆུབ་ལམ་རིམ་འདིའི་དོན་དུ་རྒྱ་མཚོ་ཆེན་པོར་གྲུ་གཟིངས་ཀྱི་ནང་དུ་ཟླ་བ་བཅུ་གསུམ་བར་བྱོན་ཏེ་དཀའ་སྤྱད་དེ་ཙམ་ཞིག་མཛད། ལྷ་བླ་མ་ ཡེ་ཤེས་འོད་དང། བྱང་ཆུབ་འོད་ཀྱིས་ཀྱང་ཆོས་ཀྱི་དོན་དུ་སྐུ་སྲོག་དང་གསེར་མང་པོ་བློས་བཏང་བ་སོགས་དཀའ་སྤྱད་སྙིང་རུས་དེ་ལྟར་མཛད་དགོས་བྱུང་བ་རེད། དམ་པ་འགའི་ཞལ་ནས། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །འཆི་མཐའ་ཐུག་གི་བར་དུ་དམ་ [043A]༄༅། །ཆོས་བཙལ། །གསུངས་པ་ལྟར་ཆོས་ཕྱིར་དཀའ་བདེ་འདྲ་སྤྱོད་དགོས་པ་ཡོད། དེར་མ་ཟད་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ཀྱང་ཆོས་ཀྱི་ཕྱིར་དུ་ཡོ་བྱད་གང་ཡོད་གསེར་དུ་བསྒྲིལ་ནས་རྒྱ་གར་གྱི་ཡུལ་ཐང་ཆེན་པོ་བགྲོད་ཉིན་ཆེ་ ལ་གཅན་གཟན་དང་དུག་སྤྲུལ་མང་ཞིང་འཇིགས་པ་ཆེ་བ་ལ་ལུས་སྲོག་ཁྱད་དུ་བསད་ནས་སྐད་དང་ཡི་གེ་མཐའ་དག་གཞི་ནས་བསླབ་ཅིང་བསྒྱུར། ཕེབས་ལམ་དུའང་དཀའ་སྤྱད་སྙིང་རུས་ཀྱིས་ཕེབས་པ་ཡིན་ཏེ། མར་པ་ལོ་ཙཱ་བས་ཀྱང། གཅན་འཕྲང་དང་ ཆུ་ལ་ཐར་དུས་མེད། །ནགས་མཐུག་པོ་ཞིག་ལ་ཐོན་དུས་མེད། །ལམ་རིང་པོ་ཞིག་ལ་བགྲོད་དུས་མེད། །ཤིང་སྡོང་པོ་མི་རོ་རེངས་པ་འདྲ། །ལམ་དེ་ཀུན་གྱི་འཇིཌ་པ་མཐོང་བ་རྣམས། །དུས་ད་ལྟ་དྲན་ཡང་གློ་སྙིང་འདྲ། །ཅེས་གསུངས་པ་ལྟར་དཀའ་སྤྱད་དེ་ཙམ་མཛད་ དགོས་བྱུང་ཡང། ང་རང་ཚོས་ནི་དཀའ་སྤྱད་དེ་ལྟ་བུའི་ཆ་ཤས་ཙམ་ཡང་མི་དགོས་པར་བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་ཟབ་ལ་རྒྱ་ཆེ་བ་འདི་ལྟ་བུ་ལ་ཐོས་བསམ་སྒོམ་གསུམ་བྱེད་རྒྱུ་ཡོད་པ་འདི་བླ་མ་ཁོ་ནའི་བཀའ་དྲིན་ཡིན་པས་ཤིན་ཏུ་བསོད་ནམས་ ཆེན་པོ་དང་ལྡན་པ་ཡིན་ཏེ། ཇོ་བོ་རྗེས། ཁྱོད་ཀྱིས་དཀའ་བའི་ལས་མ་བགྱིས་པར་སྙིང་པོའི་དོན་རྙེད་པ་བསོད་ནམས་ཤིན་ཏུ་ཆེ་བ་ཡིན། ལེགས་པར་ནན་ཏན་དུ་བགྱིས་ཤིག་གསུངས། བླ་མ་ཚོས་རང་ལ་ཚིགས་བཅད་གཅིག་བསྟན་པའི་བཀའ་དྲིན་ཡང་ གསོ་ཐབས་མེད་ན། མདོ་སྔགས་ཀྱི་ལམ་ཡོངས་རྫོགས་བསྟན་པའི་བཀའ་དྲིན་ནི་གཞལ་དུ་མེད་དེ། བདུད་རྩིའི་སྙིང་པོ་ལས། ཚིགས་བཅད་གཅིག་བསྟན་པི་གེའི་གྲངས་སྙེད་ཀྱི། །བསྐལ་པར་མཆོད་ཀྱང་བཀའ་དྲིན་མི་འཁོར་བར། །གསུངས་ན་ཡོངས་ [043B] །བཀའ་དྲིན་འདི་ནི་གང་གིས་གཞལ་བར་ནུས། །ཞེས་ཚིགས་བཅད་རེ་རེ་བསྟན་པའི་བཀའ་དྲིན་ལའང་བསྐལ་པར་མཆོད་ཀྱང་བཀའ་དྲིན་མི་འཁོར་བར་གསུངས་པའི་ཚུལ་ལ་སོམས་དང། གཞན་ཡང་བདུད་རྩིའི་སྙིང་པོ་ལས། འདི་ ལྟར་མི་ཞིག་བཙོན་རར་སྡུག་བསྔལ་ཚེ། །གང་གིས་བཙོན་ཁང་དེ་ལས་བླུས་ནས་ནི། །ལོངས་སྤྱོད་ཕུན་ཚོགས་གནས་ལ་སྦྱར་བྱས་ན། །དེ་ཡང་བཀའ་དྲིན་ཆེ་བར་བྱེད་དགོས་མོད། །དེས་ན་བླ་མ་རྣམས་ཀྱིས་བདག་ཅག་ལ། །ངན་སོང་གསུམ་ལས་ཐར་བའི་ཐབས་བསྟན་ ཏེ༑ ༑རེ་ཞིག་ལྷ་དང་མི་ཡི་དཔལ་འབྱོར་ལ། །འདོད་དགུར་སྤྱོད་པའི་བཀའ་དྲིན་སྦྱིན་པར་མཛད། །དེ་ནས་འཁོར་འདས་རྒུད་པ་ཀུན་ཞི་བའི། །ཐབས་ཚུལ་བླ་ན་མེད་པ་ལེགས་བསྟན་ནས། །སྐུ་གསུམ་གོ་འཕང་དམ་པར་འཁྲིད་མཛད་པའི། །བཀའ་དྲིན་འདི་ནི་ཅི་ཡི་ཕྱིར་མི་ཆེ། ། ཞེས་གསུངས་པ་ལྟར་མི་ཞིག་བཙོན་ཁང་དུ་ཡོད་པ་མི་ཆ་མེད་རྒྱུས་མེད་ངོ་མི་ཤེས་པ་གཞན་ཞིག་གིས་བརྩོན་ར་ལས་བཏོན། །རྒྱལ་བོའི་རྒྱལ་སྲིད་ལྟ་བུའི་ལོངས་སྤྱོད་ལ་སྦྱར་ན། དེས་ཚེ་འདིའི་བཙོན་ཁང་ལས་བཏོན། གནས་སྐབས་ཀྱི་རྒྱལ་སྲིད་ལ་སྦྱར་བ་ཙམ་ཡིན་ཀྱང་ དེ་ཡང་ཤིན་ཏུ་བཀའ་དྲིན་ཆེ་བ་མིན་ནམ། དེ་ཡིན་ན་བླ་མ་ནི་དེ་བས་ཀྱང་བཀའ་དྲིན་ཤིན་ཏུ་ཆེ་སྟེ། བླ་མས་གནས་སྐབས་རང་ངན་སོང་གསུམ་ལས་བཏོན། ལྷ་དང་མིའི་བདེ་སྐྱིད་ལ་བཀོད། མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་ མཛད་པས་བཀའ་དྲིན་འདི་ལས་ཆེ་བ་སུ་ཞིག་ཡོད། གཞན་ཡང་དཔེར་ན། མི་ཞིག་གིས་དུག་ཀྱང་ཟོས། ཟས་ཀྱང་ཟོས། སྨན་ཡང་ཟོས་ཏེ་འཆི་བ་ལ་ཐུག་པའི་ཚེ་སྨན་པ་མཁས་པ་ཞིག་གིས་དུག་ཟོས་པ་དེ་སྐྱུགས་སུ་བཅུག་ཟས་ཟོས་པ་དེ་སྨན་དུ་བསྒྱུར། སྨན་ [044A]༄༅། །ཟོས་པ་དེ་འཆི་མེད་ཀྱི་བདུད་རྩིར་བསྒྱུར་ན་ནད་པ་དེ་ལས་དོན་ཆེ་བ་དང། སྨན་པ་དེ་ལས་བཀའ་དྲིན་ཆེ་བ་མེད། དེ་བཞིན་དུ་བླ་མ་མཚན་ཉིད་དང་ལྡན་པ་ཞིག་གིས་སློབ་མ་དད་མོས་སྣོད་དང་ལྡན་པ་ཞིག་ལ་ངན་འགྲོར་སྐྱེ་འགྱུར་གྱི་ལས་ བསགས་པ་རྣམས་གཉན་པོ་སྟོབས་བཞིའི་སྒོ་ནས་བཤགས་སུ་བཅུག་བསྡོམ་དུ་བཅུག་ཚེ་འདིའི་དོན་དུ་བྱས་པའི་དགེ་རྩ་རྣམས་ཕྱི་མའི་དོན་དུ་བསྒྱུར། ཕྱི་མ་ལྷ་མིའི་དོན་དུ་བྱས་པའི་དགེ་རྩ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་བསྔོར་བཅུག་ན། སློབ་མ་ དེ་ལས་དོན་ཆེ་བ་དང་བླ་མ་དེ་ལས་བཀའ་དྲིན་ཆེ་བ་མེད། རང་ཡང་དང་པོར་ཅི་ཡང་མི་ཤེས་པ་བོང་བུ་མིའི་གཟུགས་ཅན་ལྟ་བུ་ཞིག་ཡོད་པ་ལ། ད་ལྟ་བོང་བུ་མི་ཁྱུར་ཚུད་པ་འདི་བླ་མའི་བཀའ་དྲིན་ཉག་གཅིག་ཡིན་ཏེ། རང་ལ་བླ་མ་འགའ་ཤས་ཀྱིས་ཀ་ཁ་བསླབ་ འགའ་ཤས་ཀྱིས་སྡོམ་པ་གནང། འགའ་ཤས་ཀྱིས་དབང་བསྐུར། འགའ་ཤས་ཀྱིས་ཁྲིད་གནང་བ་སོགས་ལས་བྱུང། བླ་མ་དང་མ་འཕྲད་ན་ཀ་བོང་བུའི་མགོ་ཙམ་ཡོད་ཀྱང་ངོ་མི་ཤེས་པ་ལ། ད་ལྟ་ཉིན་རེ་ལའང་དཔེ་ཆ་པོ་ཏི་རེ་ཙམ་ཀློག་ཐུབ་པ་འདི་དང་པོར་ ཀ་ཁ་སློབ་པའི་དགེ་རྣམ་གྱི་བཀའ་དྲིན་ཡིན། མཉམ་མེད་ཇོ་བོ་ཆེན་པོས་ཀྱང། ང་ལ་ཡོན་ཏན་གཏན་ནས་མེད། འདི་རྣམས་བླ་མ་དེ་དང་དེའི་ཡིན་ཞེས་གསུངས་ཚུལ། རང་ད་ལྟ་སྡོམ་པ་གསུམ་དང་ལྡན། གསང་སྔགས་ཀྱི་དབང་ཆེན་དང། གྲོང་ཆོག་ཚུན་ ཆད་ཤེས། གཞན་གྱིས་རང་ལ་དགེ་སློང་ལགས་དང། དགེ་བཤེས་ལགས་ཟེར་བ་དང། ཁྱིམ་གཅིག་པའི་སྤུན་རྒན་པ་མི་སྐྱ་དེ་དང་བམ་སོགས་ཀྱིས་ཀྱང་དགེ་སློང་ལགས་ཟེར་ནས་གུས་པ་བྱེད་ཅིང་སྐྱབས་སུ་འགྲོ་ཡུལ་དུ་གྱུར་པ་དང། རང་ཡང་རྒྱལ་པོའི་དཔྱ་ཁྲལ་ [044B] གསང་སྔགས་ཀྱི་སྒོར་འཇུག་པར་མཛད་པའི་རྡོ་རྗེ་སློབ་དཔོན་སོགས་ཀྱི་བཀའ་དྲིན་ ཡིན། ཐོག་མར་བླ་མས་རང་ལ་སྡོམ་པ་གནང་མེད་ན་ད་ལྟ་ཁྱིམ་དུ་ཡོད་པའི་སྤུན་རྒན་པ་དེ་དང་ཁྱད་མེད། རང་རེའི་བླ་མ་ནི། མི་ཞིག་མུ་གེས་ཤི་ལ་ཁད་ཀྱི་དུས་སུ་ཟན་སྦྱིན་མཁན་ལྟ་བུ་དང། སངས་རྒྱས་ནི་དེ་སྐྱིད་རྒྱགས་ནས་སྡོད་པའི་དུས་སུ་ཤ་རྒྱ་རི་ སྟེར་མཁན་དང་འདྲ་སྟེ། ད་ལྟ་རང་གིས་མི་ཤེས། ཆོས་ཀྱིས་ཕོངས། སངས་རྒྱས་བྱང་སེམས་སུ་ཡང་མི་མཇལ་བའི་དུས་འདིར། བླ་མས་སངས་རྒྱས་དངོས་སུ་མཇལ་ཡང་དེ་ལས་ལྷག་པ་སྟོན་དུ་མེད་པའི་གདམས་ངག་བསྟན་པས་བཀའ་དྲིན་ཤིན་ཏུ་ཆེ་ བླ་མའི་གདམས་ངག་འདི་བསྒོམས་ནས་རང་རྟོགས་པ་ཡར་ཚད་དུ་སླེབས་ནས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ན་སངས་རྒྱས་མང་པོའི་ཞལ་གཟིགས། ཆོས་སྟོན་ཀྱང་དེ་དུས་རང་གིས་ཀྱང་ཅུང་ཟད་ཤེས་པས་བཀའ་དྲིན་དེ་ཙམ་ཆེ་རྒྱུ་མེད། དེ་ལྟར་ཡང་དགེ་ བཤེས་པོ་ཐབས། བླ་མ་ནི་མི་ལྟོགས་པ་མུ་གེས་འཆི་ལ་ཁྱད་པ་ལ་ཟན་བྱིན་ནས་སྲོག་སྟེར་བ་དང་འདྲ་སྟེ། རང་རེ་ལོང་བ་ལོང་ཁྲིད་དང་བྲལ་བ་དེ་ངན་སོང་གི་གཡང་དུ་ད་ལྟ་ལྷུང་ལ་ཁྱད་པ་མཐོ་རིས་དང་ཐར་པ་ལ་འཇོག་འཇུག་པ་ཡིན། སངས་རྒྱས་རྣམས་ནི་མུ་ གེས་ཉེན་པ་དེ་འགྲངས་ནས་སྐྱིད་རྒྱགས་པའི་དུས་སུ་ནོར་དངོས་པོས་ཕན་འདོགས་པ་དང་འདྲ་སྟེ། རང་རེ་བླ་མས་ལམ་ཕུན་སུམ་ཚོགས་པ་ལ་བཀོད་ཟིན་པ་ན། གཟོད་སངས་རྒྱས་རྣམས་ཀྱིས་ཆོས་གསུང་བ་ལས་མེད་པས། རང་རེ་རྣམས་ལ་སངས་རྒྱས་རྣམས་ [045A]༄༅། །ལས་ཀྱང་བླ་མ་སྐུ་དྲིན་ཆེ་བ་ཡིན་གསུང། དེས་ན་བདག་གི་བླ་མ་འདིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཏུ་སྒྲུབ་པའི་གདམས་ངག་ནས་ཐན་གྲོང་ཆོག་སོགས་ལྟོ་ཟ་ཆོག་ཡན་སློབ་པའི་བཀའ་དྲིན་ནི་གང་ གིས་གཞལ་བར་ནུས། ད་ལྟ་རང་མཁས་མདོག་བཙུན་མདོག་བཟང་མདོག་གྲུབ་མདོག་སོགས་བྱེད་རྒྱུ་ཡོད་པ་འདི་ཐམས་ཅད་ཨ་ཕོ་རང་གིས་བྱས་ནས་བྱུང་བསམ་ཡོང་སྟེ། དེ་ལྟ་མིན་པར་འདི་ཐམས་ཅད་བླ་མའི་བཀའ་དྲིན་ཡིན། མི་ལ་བཤད་རྒྱུ་ རང་གིས་བསམ་རྒྱུ། བསྒོམ་རྒྱུ་སོགས་ཡོན་ཏན་གང་ཡོད་འདི་ཐམས་ཅད་དང། མདོར་ན་ད་ལྟ་ཇ་ཕོར་གང་འཐུང་རྒྱུ་རྙེད་པ་ཚུན་ཆད་ནས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་མན་ཆད་ཀྱི་ལེགས་ཚོགས་ཐམས་ཅད་བླ་མའི་བཀའ་དྲིན་ཡིན། རང་གི་ཤེས་ རྒྱུད་ས་རྒོད་ཐ་རེངས་ལྟ་བུར་སྐམ་ཁྲིག་གེ་ཡོད་པ་ལ། ཆོས་ཀྱི་རླན་གྱིས་ཅུང་ཟད་དུལ་བ་འདི་བླ་མའི་བཀའ་དྲིན་མིན་ན་གང་ཡིན་སྙམ་དུ་བསམ་པར་བྱའོ། ༈ །གསུམ་པ་ཤེས་རྒྱུད་བྱིན་གྱིས་བརླབས་པའི་བཀའ་དྲིན་ནི། བླ་མས་ཆོས་གསུངས་པའི་བཀའ་ དྲིན་ཙམ་དུ་མ་ཟད། ཤེས་རྒྱུད་བྱིན་གྱིས་བརླབས་པའི་བཀའ་དྲིན་ཡང་ཤིན་ཏུ་ཆེ་སྟེ། རྟོགས་པ་རྒྱུད་ལ་སྐྱེ་བ་བླ་མའི་བྱིན་རླབས་འཇུག་པ་ལ་རག་ལས། དེ་བླ་མས་ཤེས་རྒྱུད་བྱིན་གྱིས་བརླབས་པ་ལ་རག་ལས། དེས་ན་རང་ཅག་གི་རྒྱུད་ལ་དགེ་སེམས་ སྣ་གཅིག་སྐྱེས་པ་ཚུན་ཆད་བླ་མས་བྱིན་གྱིས་བརླབས་པའི་བཀའ་དྲིན་ཡིན། སྔོན་ཌོཾ་བཧི་པས་ཇོ་བོ་རྗེ་བྱིན་གྱིས་བརླབས་པའི་ལོ་རྒྱུས་ཞིབ་པར་སྩལ། རྟོགས་པ་དོན་གྱི་བརྒྱུད་པའང་དང་པོར་དེ་ནས་བྱུང་བ་ཡིན། ཏཻ་ལོས་ནཱ་རོ་པ་བྱིན་གྱིས་བརླབས་ཚུལ་ [045B] དཀའ་ཆེན་ཤི་ལ་ཁད་པ་བཅུ་གཉིས་སྤྱད་པས་དཀའ་ཆེན་རེ་རེས་ལམ་དུས་ཀྱི་དབང་རེ་ཐོབ། དེ་དག་ཀྱང་བླ་མས་ཤེས་རྒྱུད་བྱིན་གྱིས་བརླབས་ནས་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་ཐུགས་ རྒྱུད་ལ་འཁྲུངས། ཕུར་ལྕོག་ངག་དབང་བྱམས་པ་སྒྲུབ་ཁང་རིན་པོ་ཆེའི་སྐུ་དྲུང་སྒྲུབ་ཁང་རི་ཁྲོད་དུ་ཐོག་མར་མཇལ་ཁར་ཕེབས་སྐབས། ལམ་ནས་སྒྲུབ་ཁང་རིན་པོ་ཆེས་བསྣམས་པའི་ལྕི་བ་ཕད་ཁོག་ཤིན་ཏུ་ཆེ་བ་དེ་རང་གིས་བསྣམས་ཏེ་ཡར་སྐྱེ་ལ། མཇལ་ བ་ཞུས་པ་ན་སྒྲུབ་ཁང་པས་ནང་མཆོད་ཧམ་པ་བརྒྱབ་པ་ཀ་ལི་གང་གནང་ནས་བྱིན་གྱིས་བརླབས། མིད་ལའི་རྣམ་མགུར་ནང་མོ་བཏབ་བཅུག་པས་ཚེ་རིང་མཆེད་ལྔ་དམ་པ་ལ་བཏགས་ཏེ་ཆོས་ལ་གཞུགས་པའི་མཚམས་སུ་བབས་པས་སྒྲུབ་པ་བརྒྱག་དགོས་ གསུངས། དེ་ནས་བཟུང་སྟེ་ཐུགས་རྒྱུད་ལ་ངེས་འབྱུང་སྐྱོ་ཤས་ཚད་མེད་པ་འཁྲུངས་ཏེ་བཤུམ་པ་འབའ་ཞིག་མཛད་དགོས་པ་སོགས་བྱུང་བ་དང། རྗེ་བླ་མ་རྡོ་རྗེ་འཆང་བཀའ་དྲིན་མཚུངས་མེད་ཆེན་པོ་ཉིད་ཀྱང་དྭགས་པོ་བླ་མ་རིན་པོ་ཆེའི་སྐུ་མདུན་དུ་ལན་གཉིས་པ་ མཇལ་ཕེབས་སྐབས་དྭགས་གྲྭར་བླ་མཆོད་དང་འབྲེལ་བའི་བརྟན་བཞུགས་འབུལ་སྐབས་ཤིག་ཏུ་ཁེལ་བས། དེར་ལྷན་དུ་བཞུགས་གསུངས་པ་བཞིན་རྗེ་ཉིད་ཚོགས་སུ་བཞུགས་མཛད་སྐབས་ཐུགས་བཟུང་བར་མི་ནུས་པའི་སྤྱན་ཆབ་ཤིན་ཏུ་མང་པོ་བབས་ཏེ་ འབྲས་སིལ་ཞིག་ཕུལ་སོང་བ་དེའི་བར་སྤྱན་ཆབ་མ་ཆད་པ་བྱུང། དེ་ཡང་བླ་མས་རྒྱུད་བྱིན་གྱིས་བརླབས་པའི་རྟགས་ཡིན་གསུངས། རང་རྒྱུད་ལ་དགེ་སེམས་ཅུང་ཟད་སྐྱེས་པ་ཡང་བླ་མའི་བྱིན་རླབས་འཇུག་པ་ཁོ་ན་ལ་ལྟོས། འཇམ་མགོན་ཙོང་ཁ་པ་ཆེན་པོས་ [046A]༄༅། །མཉན་ན་ཚིག་མི་ཟིན། བསམས་ན་དོན་མི་གོ་བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་བློའི་མཐུ་ཤིན་ཏུ་ཆུང་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན། ཞེས་གསུངས་པ་ལྟར་ཐོས་བསམ་སྒོམ་པ་གནད་དུ་མི་འགྲོ་བའི་ཚེ་བླ་མར་གསོལ་ བ་བཏབ་ན་བདེ་བླག་ཏུ་འགྲུབ་པའང་ཤེས་རྒྱུད་བྱིན་གྱིས་བརླབས་པའི་རྟགས་ཡིན། བླ་མ་ལ་གསོལ་བ་བཏབ་པས་ཉམས་རྟོགས་གོང་འཕེལ་དུ་འགྲོ་བ་དེ་ཡང་བླ་མས་ཤེས་རྒྱུད་བྱིན་གྱིས་བརླབས་པའི་རྟགས་ཡིན། དེས་ན་རང་རེས་བསམ་བསྒོམ་ཇི་ལྟར་བྱས་ ཀྱང་ཉམས་མྱོང་རྒྱུད་ལམ་སྐྱེས་པའི་ཚེ་གེགས་སེལ་བོགས་འདོན་གྱིས་མཆོག་ཏུ་གྱུར་པའང་བླ་མ་ལ་གསོལ་བ་འདེབས་པ་ཉིད་ཡིན། བླ་མར་གསོལ་བ་བཏབ་ན་རྒྱུད་བྱིན་གྱིས་བརླབས་ནས་རྟོགས་པ་བདེ་བླག་ཏུ་སྐྱེ། དེ་ལྟར་བོགས་འདོན་གེགས་སེལ་གྱི་མཆོག་ ཏུ་གྱུར་པ་ཡིན་པ་ཡང་ཏཻ་ལོ་ལས། བོགས་འདོན་ཀུན་གྱི་མཆོག་གྱུར་པ། །བླ་མ་ཡིན་ནོ་རྣལ་འབྱོར་པ། །ཞེས་གསུངས། སྔར་ནཱ་རོ་པས་རྒྱ་གར་ནཱ་ལེན་འདྲའི་བྱང་སྒོ་སྲུང་པའི་པཎྜི་ཏ་མཛད་དགོས་བྱུང་སྐབས་མུ་སྟེགས་པ་ལས་རྩོད་པ་ཕམ་དུ་ཉེ་བ་ན་བླ་མ་ཏཻ་ལོ་པར་ གསོལ་བ་བཏབ་པས་སྤྱི་བོར་བྱོན། ཤེས་རབ་ཁྱད་པར་ཅན་དེ་མ་ཐག་ཏུ་སྐྱེས་ཏེ་རྩོད་པ་ལས་རྒྱལ་བ་བྱུང་བའང་ཤེས་རྒྱུད་བྱིན་གྱིས་བརླབས་པ་ཡིན། བླ་མ་ཡུལ་གཞན་དུ་གཤེགས་པ་དང། ཞིང་གཞན་དུ་གཤེགས་པ་ལྟ་བུའི་སྐབས་ཀྱང་ཤེས་རྒྱུད་བྱིན་ གྱིས་བརླབ་པ་ནི་བར་ཆད་པའི་དུས་མེད། བགེགས་དང་བར་གཅོད་ཀྱི་མཚན་མ་བྱུང་ནའང་བླ་མར་གསོལ་བ་བཏབ་ན་དེ་མ་ཐུག་ཏུ་ཞི་བར་མཛད་པས་གེགས་སེལ་གྱི་མཆོག་ཀྱང་འདི་ཡིན། ཚེ་འདིའི་དོན་ཆུང་ངུ་ཞིག་སྒྲུབ་པ་ལའང་འདི་ཟབ་སྟེ། སྔར་རྭ་སྒྲེང་ [046B] དེར་མ་ཟད། གང་ན་གལ་ཆེས་འུ་ཐུག་པའི་དུས་དེ་དང་དེར་བླ་མས་སྐྱོབ། ནད་དང་གདོན་གྱིས་ཟིན་ནས་ཅི་བྱས་ཀྱང་མི་ཕན་པ་ན་བླ་མ་ལ་གསོལ་བ་བཏབ་ པས་གྲོལ། ཁམས་ལུང་པ་བྱང་ཆུབ་སེམས་ཀྱི་མངའ་བདག་ལྟ་བུ་ཡིན་ཡང་སྔོན་མའི་ལས་ཀྱི་འབྲས་བུར་འདེ་གནོན་རྡུགས་པོ་ཞིག་བྱུང་སྐབས། ལྟ་པ་དང་བྱང་སེམས་བསྒོམ་པ་སོགས་གང་བྱས་ཀྱང་མ་ཕན་པ་ན་འབྲོམ་གྱི་མཚན་སྔགས་བཏོན་ནས་གསོལ་བ་ བཏབ་པས་ཕན་པ་བྱུང་བ་དང། རང་རེ་རེ་ཡང་དང་པོར་དྲག་སྔགས་བཏོན་པ་སོགས་གང་དྲག་བྱ་དགོས། ཅིས་ཀྱང་མ་ཕན་ན་མཐར་བླ་མའི་མཚན་སྔགས་ཀྱིས་གསོལ་བ་བཏབ་ན་དེ་འཕྲལ་ཕན་པ་ཡོང། རྗེ་ཉིད་ཀྱིས་ཀྱང་འུ་ཐུག་ན་བླ་མ་རིན་པོ་ཆེའི་མཚན་ སྔགས་ལན་བདུན་རེ་ཙམ་གསུངས་ཏེ་གསོལ་བ་བཏབ་པས་དོན་ཐམས་ཅད་གྲུབ་པ་བྱུང་གསུངས། རྒྱལ་བ་རྒོད་ཚང་པའི་ཞལ་ནས་ཀྱང། བསྐྱེད་རིམ་བསྒོམ་པ་མང་ལགས་ཏེ། །བླ་མ་བསྒོམ་པའི་གོང་ན་མེད། །བཟླས་བརྗོད་བྱེད་པ་མང་ལགས་ཏེ། །གསོལ་བ་ འདེབས་པའི་གོང་ན་མེད། །རྒྱུན་དུ་གསོལ་བ་བཏབ་པ་ན། །འབྲལ་མེད་ཉམས་མྱོང་འོང་བར་ངེས། །ཞེས་དང་གསོལ་བ་བཏབ་པའི་ཕན་ཡོན་ནི། །རྗེ་དང་ཐུགས་ཡིད་གཅིག་ཏུ་འདྲེས། །གསོལ་བ་བཏབ་པའི་ཕན་ཡོན་ནི། །ཐུན་མོང་མ་ཡིན་རྟོགས་པ་འཆར། །ཅེས་ དང༑ གསོལ་བ་བཏབ་པའི་ཕན་ཡོན་ནི། །དཀོན་མཆོག་ཐུགས་རྗེས་རྟག་ཏུ་སྐྱོབ། །གསོལ་བ་བཏབ་པའི་ཕན་ཡོན་ནི། །ཅི་བསམ་དགོས་འདོད་ལྷུན་གྱིས་གྲུབ། །གསོལ་བ་བཏབ་པའི་ཕན་ཡོན་ནི། །མཁའ་འགྲོ་ཆོས་སྐྱོང་བུ་བཞིན་གཟིགས། །གསོལ་བ་བཏབ་པའི་ [047A]༄༅། །ཕན་ཡོན་ནི། །བར་ཆད་བདུད་ཀྱིས་ཚུགས་མི་འགྱུར། །ཅེས་དང། གསོལ་བ་བཏབ་པའི་ཕན་ཡོན་ནོ། །གཞན་སྐྱོན་ལོག་ལྟའི་སྣང་བ་ཡལ། །ཡོན་ཏན་ཡེ་ཤེས་སྣང་བ་འཆར། །གསོལ་བ་བཏབ་པའི་ཕན་ཡོན་ནི། །སྒྲིབ་པ་མ་ལུས་དག་གྱུར་ནས། ། ཚོགས་གཉིས་རྒྱ་ཆེན་རྫོགས་པར་འགྱུར། །ཅེས་སོགས་གསུངས་པ་ཡིན། འདོད་དོན་ཅི་བྱས་ཀྱང་མ་འགྲུབ་པའི་སྐབས་ཀྱང་བླ་མར་གསོལ་བ་བཏབ་པས་བདེ་བླག་ཏུ་འགྲུབ། དགྲ་ཇག་ཆོམ་རྐུན། མེ་ཆུ་གཡང་གསུམ། གཅན་གཟན་སོགས་ཀྱི་འཇིགས་པ་ཆེན་ པོ་གང་བྱུང་ཡང་བླ་མར་གསོལ་བ་འདེབས་ཤེས་ན་དེ་མ་ཐག་དེ་ལས་སྐྱོབ། ཞི་རྒྱས་དབང་དྲག་སོགས་ལ་ཚོགས་གང་བསྒྲུབ་རྐྱང་བླ་མར་གསོལ་བ་བཏབ་ན་བདེ་བླག་ཏུ་འགྲུབ། །དེས་ན་ལས་ཚོགས་ཤིག་ལ་བླ་མ་ལ་གསོལ་བ་འདེབས་པ་འདི་ལས་ཟབ་པ་མེད་ མྱུར་པ་མེད། རིག་སྔགས་ཤིག་ལ་བླ་མར་གསོལ་བ་འདེབས་པ་འདི་ལས་མྱུར་བ་མེད། ཟབ་པ་མེད་ཀྱང་དེ་ཕལ་ཆེར་གྱིས་མི་ཤེས། ད་ལྟ་བླ་མ་མ་བཞུགས་ཀྱང་རང་རྒྱུད་བྱིན་གྱིས་རློབ་པའི་བཀའ་དྲིན་འདི་ལྟར་སྡུལ་སྙམ་དུ་དྲན་པར་བྱའོ། ༈ །བཞི་པ་ཟང་ཟིང་གིས་ འཁོར་དུ་བསྡུས་པའི་བཀའ་དྲིན་ནི། བཀའ་དྲིན་སྔ་མ་དེ་ཙམ་དུ་མ་ཟད། ཟང་ཟིང་གིས་འཁོར་དུ་བསྡུས་པའི་བཀའ་དྲིན་ཡང་ཤིན་ཏུ་ཆེ་སྟེ། རང་ཆོས་ལས་ཀྱང་ཟང་ཟིང་ལ་ཡིད་འདུན་པ་ཡིན་པས། བླ་མས་དང་པོར་དང་ལ་ཟང་ཟིང་གི་དངོས་པོ་བཟའ་ བཅའ། ཡོ་བྱད། ཐ་ན་དང་དཀར་ཚུན་གཡོགས་ཏེ་ཡིད་འདུན་པར་མཛད་ནས་ཆོས་སྟོན་པའི་སྣོད་དུ་རུང་པར་མཛད། ཆོས་ལས་ཟང་ཟིང་ལ་འདུན་པ་ནི། དྭགས་པོ་སྐྱབས་མགོན་བླ་མ་རིན་པོ་ཆེའི་སྐུ་མདུན་དུ་ཀོང་སྟོད་དྲི་མེད་སྟེང་ཁའི་གཡོག་པོ་ཞིག་གསུང་ [047B] བླ་མ་རིན་པོ་ཆེ་བཞུགས་སའི་རི་ཁྲོད་མཐོ་བས་ན་ཁོས་ཡར་ལམ་བླ་མ་རི་དྭགས་ལྟ་བུ་དེ་རི་མཐོན་པོ་དེ་འདྲའི་རྩེ་ལ་སྡོད་ཅེས་སྐད་ངན་འདོན་ཅིང་འཛོགས། །དེར་མཇལ་བཅར་ཞུས་སྐབས་ཚོགས་དང། ལྟོ་ཅས་སོགས་སྩལ་བས་ཁོ་དགའ་ནས་ ཚོགས་ནི་ཚོགས་ཞིམ། བྱིན་རླབས་ནི་བྱིན་རླབས་ཆེ་ཞེས་བརྗོད་པ་དང་འདྲ། འདི་རྣམས་ཀྱང་ཟང་ཟིང་གནད་སྟེང་ཁོ་རང་གི་ལས་ངན་འགོག་པར་མཛད་པས་ཟང་ཟིང་གིས་འཁོར་དུ་བསྡུས་པ་ཡིན་གསུངས། ཟང་ཟིང་གིས་འཁོར་དུ་སྡུད་ལུགས་འདི་དགོན་པོ་སོགས་ སུ་དགེ་རྒན་གྱིས་དགེ་ཕྲུག་ཇི་ལྟར་བསྐྱངས་ལུགས་ལ་བསམས་ན་དཔེ་དོན་འབྱོར་ཆེ། རང་གིས་དཔེ་ཆའི་དགེ་རྒན་གྱི་ཞབས་ཕྱི་ཞུས་པ་དེ་དགེ་རྒན་ལ་ཕར་བཀའ་དྲིན་ཆེན་པོ་བྱས་པ་ཡིན་སྙམ་ན། དེ་སྤྱིར་དགེ་རྒན་གྱི་ཞབས་འདེགས་ཡིན་ཡང། ཕྱེད་རང་གི་ལྟོ་ གཡོག་ཡིན་ཏེ། མིད་ལས་མར་པ་བསྟེན་སྐབས་མར་པས་མིད་ལ་ལ་ཕྱེད་བླ་མའི་ཞབས་ཞུ་དང། ཁྱེད་ཁྱེད་རང་གི་ལྟོ་གོས་ཀྱི་ཕྱིར་རེད་གསུངས་ནས་བཀའ་བཀྱོན་དང། སྡུག་ལས་སྣ་དགུ་བཏང་བས་མིད་ལ་ཡུལ་བྱོལ་ནས་ལམ་དུ་ཇ་བསྐོལ་བའི་ཚེ་ང་རང་གཅིག་ བུ་ལའང་ལས་ཀ་མང་པོ་འདུག་པས། ངས་སྔར་མར་པའི་དྲུང་ནས་སྡུག་དཀའ་ལས་བརྒྱབ་བ་དེ་ཕྱེད་བླ་མའི་ཞབས་ཞུ་དང། ཕྱེད་ང་རང་གི་ལྟོ་གོས་ཀྱི་ཕྱིར་བྱས་འདུག་སྙམ་པ་དགོངས་ནས་ཚུར་བེབས་ཏེ་སླར་ཡང་མར་པ་ཚུལ་བཞིན་བསྟེན་པའི་རྣམ་ཐར་ལྟ་བུ་ ཡིན། རྗེ་ཙོང་ཁ་པ་ཆེན་པོས་ཀྱང། ཐོག་མར་ཟང་ཟིང་སྦྱིན་པས་སེམས་ཅན་རྣམས། །འཁོར་དུ་བསྡུས་ནས་ཆོས་ཀྱི་ཚིམ་བྱེད་ཤོག་ཅེས་གསུངས། དེ་ལ་རྒྱུད་དང་ངོ་བོ་གཉིས་ལས། རབ་བྱུང་ལྟ་བུའི་ཆོས་དང་ཟང་ཟིང་གི་འཚོ་བ་ལྟ་ཅི། འཇིག་རྟེན་བ་ལྟ་བུ་ [048A]༄༅། །ཡང་ཚོགས་གསོག་པ་བླ་མས་སྦྱིན་པའི་ཕན་ཡོན་བསྟན་པ་ལ་བརྟེན་ནས་བྱུང་བའོ། །དངོས་སུ་ཟང་ཟིང་སྦྱིན་པར་མཛད་པ་ཙམ་དུ་མ་ཟད། བརྒྱུད་ནས་ཀྱང་ཟང་ཟིང་གི་དངོས་པོ་རང་གི་ཟས་གོས། ལོངས་སྤྱོད། གནས་མལ་ ཐམས་ཅད་བླ་མའི་བཀའ་དྲིན་ལ་བརྟེན་ནས་བྱུང། དེར་མ་ཟད་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ་པ་དང། མཐུན་རྐྱེན་ཕུན་སུམ་ཚོགས་པ་འདི་ཡང་བླ་མའི་བཀའ་དྲིན་ལ་བརྟེན་ནས་བྱུང་སྟེ། འདི་ལྟར་འོང་བ་ལ་སྔོན་དུ་རྒྱུ་བསྒྲུབ་དགོས། དེས་ན་ལུས་ཀྱི་རྒྱུ་ཚུལ་ ཁྲིམས། ལོངས་སྤྱོད་ཀྱི་རྒྱུ་སྦྱིན་པ། སྨོན་ལམ་གྱིས་མཚམས་སྦྱོར་བ་སོགས་གདམས་ངག་སྟོན་མཁན་གྱི་བླ་མ་ཞིག་ལ་ངེས་པར་བརྟེན་དགོས་པས་ཚེ་སྔ་མའི་བླ་མའི་བཀའ་དྲིན་ལ་བརྟེན་ནས་བྱུང། ཚེ་སྔོན་མའི་བླ་མ་ཐམས་ཅད་ཀྱང་ད་ལྟའི་བླ་མ་འདི་ དང་ངོ་བོ་གཅིག་རང་ལས་ལོགས་ཐ་དད་དུ་ཅི་ཞིག་ཡོད་དེ། སྔོན་གྱི་རྣམ་ཐར་དུའང་འབྲེམ་གྱི་སྐྱེས་རབས་བཀའ་གདམས་བུ་ཆོས་ལེའུ་ཉེར་གཉིས་ཀྱི་རབས་ཐམས་ཅད་དུ་ཇོ་བོ་རྗེས་དུས་རྟག་ཏུ་འབྲོམ་གྱི་བླ་མ་མཛད་པར་གསལ་བ་བཞིན་ནོ། །དཔེར་ན། བཱ་མ་སྔ་ཕྱི་ འཆམ་དཔོན་གྱིས་འབག་ཆས་བརྗེས་ནས་སྔ་ཕྱིར་དོན་པ་ལྟར་སངས་རྒྱས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཡིན་པས་ན་དེ་ལྟར་ཕེབས། མདོར་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ནས་ཚེ་འདིའི་ཇ་ཕོར་གང་ཡན་ཆད་བླ་མའི་བཀའ་དྲིན་ཡིན་ པར་ཤིས་པར་གྱིས་དང། དེས་ན་ཕ་བཟང་པོས་བུ་བསྐྱངས་པ་ལས་ཀྱང་བརྒྱ་འགྱུར་སྟོང་འགྱུར་གྱི་བཀའ་དྲིན་ལྷག་བླ་མ་རེ་རེས་ཀྱང་བཀའ་དྲིན་འདི་དང་འདི་ལྟ་བུ་ཞེས་ཕྲེང་བ་ལ་བསྟར། བཀའ་དྲིན་རྗེས་སུ་དྲན་ནས་སྒྲུབ་པའི་མཆོད་སྤྲིན་ཚེ་གང་འབུལ་བར་ [048B] སྡོང་པོ་བཀོད་པའི་མདོ་ལས། འདི་ནི་བདག་གི་དགེ་བཤེས་ཆོས་སྨྲ་བ། །ཆོས་ཀུན་ཡོན་ཏན་ཡོངས་སུ་སྟོན་བྱེད་དེ། །བྱང་ཆུབ་སེམས་དཔའི་སྤྱོད་ལམ་ཡོངས་སྟོན་པ། །ཡིན་ཞེས་སེམས་གཅིག་བསམས་ནས་འདིར་འོངས་སོ། འདི་དག་ འདི་རྣམས་ཀྱི་དོན་མདོ་ཙམ་ལམ་རིན་ཆེན་མོ་མཆན་བཞི་སྦྲགས་ཀྱི་གསལ་བ་སོགས་ལས་ཤེས་པར་བྱའོ། བསྐྱེད་པས་བདག་གི་མ་ལྟ་བུ། །ཡོན་ཏན་འོ་མ་ལྡུད་པས་མ་མ་འདྲ། །བྱང་ཆུབ་ཡན་ལག་ཡོངས་སུ་སྦྱོང་པ་ཡིན། །དགེ་བཤེས་འདི་དག་གནོད་པ་རྣམ་པར་བཟློག་རྒ་ཤི་ཐར་བྱེད་སྨན་པ་ལྟ་བུ་སྟེ། །བདུད་རྩིའི་ཆར་འབེབས་ལྷ་དབང་བརྒྱ་བྱིན་འདྲ། །ཟླ་ཉ་ལྟ་བུར་ །དཀར་པོའི་ཆོས་ཀྱིས་རྒྱས། །ཞི་བའི་ཕྱོགས་སྟོན་ཉི་མ་གསལ་བ་འདྲ། །དགྲ་དང་གྲོགས་ལ་རི་བོ་འདྲ་བ་སྟེ། །རྒྱ་མཚོ་བཞིན་དུ་མི་འཁྲུགས་སེམས་དང་ལྡན། །ཡོངས་སུ་སྐྱོང་དང་ མཉན་པ་འདྲ་བ་ཞེས། །དེ་འདྲའི་སེམས་ཀྱིས་བདག་ནི་འདིར་འོངས་སོ། །བྱང་ཆུབ་སེམས་དཔའ་བདག་གི་བློ་བསྐྱེད་པ། །སངས་རྒྱས་སྲས་པོ་བྱང་ཆུབ་བསྐྱེད་བྱེད་པ། །འདི་དག་བདག་བཤེས་སངས་རྒྱས་བསྔགས་པ་ཞེས། །དེ་ལྟར་དགེ་བའི་སེམས་ཀྱིས་འདིར་འོངས་ སོ༑ ༑འཇིག་རྟེན་སྐྱོབ་པས་དཔའ་བོ་ལྟ་བུ་སྟེ། །དེད་དཔོན་མགོན་དང་སྐྱབས་སུ་གྱུར་པ་ཡིན། །འདི་དག་བདག་ལ་བདེ་སྟོབ་མིག་ཡིན་ཞེས་དེ་འདྲའི་སེམས་ཀྱིས་དགེ་བཤེས་བསྙེན་བཀུར་བྱེད། །ཅེས་དང། དགེ་བའི་བཤེས་གཉེན་རྣམས་ནི་བདག་ངན་སོང་ཐམས་ ཅད་ལས་སྐྱོབ་པའོ། །ཆོས་མཉམ་པ་ཉིད་རྟོགས་པར་བྱེད་པའོ། །ལམ་བདེ་བ་དང་མི་བདེ་བ་སྟོན་པའོ། །ཀུན་ཏུ་བཟང་པོའི་སྤྱོད་པས་འདོམས་པའོ། །ཐམས་ཅད་མཁྱེན་པའི་གྲོང་ཁྱེར་གྱི་ལམ་སྟོན་པའོ། །ཐམས་ཅད་མཁྱེན་པའི་གནས་སུ་སྐྱེལ་བའོ། །ཆོས་ཀྱི་ [049A]༄༅། །དབྱིངས་ཀྱི་རྒྱ་མཚོར་འཇུག་པའོ། །དུས་གསུམ་གྱི་ཤེས་བྱའི་རྒྱ་མཚོ་སྟོན་པའོ། །འཕགས་པའི་ཚོགས་ཀྱི་དཀྱིལ་འཁོར་སྟོན་པའོ། །དགེ་བའི་བཤེས་གཉེན་ནི་བདག་གི་དཀར་པོའི་ཆོས་ཐམས་ཅད་འཕེལ་བར་བྱེད་པའོ། །ཞེས་ དང༑ ཆོས་བཅུ་པའི་མདོ་ལས། བདག་ཡུན་རིང་དུ་འཁོར་བར་འཁྱམས་པ་ཚོལ་བར་བྱེད་པ་དང། བདག་ཡུན་རིང་དུ་གཏི་མུག་གིས་བསྒྲིབས་ཤིང་གཉིད་ལོག་པའི་སད་བྱེད་དང་བདག་སྲིད་པའི་རྒྱ་མཚོའི་ནང་དུ་བྱིང་བའི་འབྱིན་བྱེད་དང་བདག་ལམ་ ངན་པར་ཞུགས་པ་ལ་ལམ་བཟང་པོ་སྟོན་བྱེད་དང་བདག་སྲིད་པའི་བརྩོན་རར་བཅིངས་པ་འགྲོལ་བྱེད་དང་བདག་ཡུན་རིང་པོར་ནད་ཀྱིས་ཉམ་ཐག་པའི་སྨན་པ་དང་བདག་འདོད་ཆགས་ལ་སོགས་པའི་མེས་ཀུན་ཏུ་འབར་བ་ཞི་བར་བྱེད་པའི་ཆར་སྤྲིན་གྱི་འདུ་ཤེས་ བསྐྱེད་དོ། །ཞེས་དང། བདུད་རྩིའི་སྙིང་པོ་ལས། མེ་དོང་འདྲ་བའི་ཁྱིམ་ལས་རབ་བྱུང་ནས། །དབེན་པར་དྲང་སྲོང་སྤྱོད་པས་གནས་བཅས་ཏེ། །དམ་ཆོས་བདུད་རྩིའི་རོ་མཆོག་མྱོང་བ་ཡང། །རྗེ་བཙུན་བླ་མ་རྣམས་ཀྱི་བཀའ་དྲིན་ནོ། །བསྐལ་མང་སྟོང་དུ་ བཙལ་ཡང་རྙེད་དཀའ་བ། །འཇམ་མགོན་བླ་མའི་བསྟན་དང་མཇལ་བ་དང། །བསྟན་པའི་ཚུལ་དེར་ཡིད་ཆེས་རྙེད་པ་ཡང། །ཡོངས་འཛིན་དམ་པ་རྣམས་ཀྱི་བཀའ་དྲིན་ནོ། །དེ་ཕྱིར་བདག་གི་བཤེས་གཉེན་འདི་དག་ནི། །ངན་སོང་གནས་ལས་སྐྱོབ་པའི་སྐྱོབ་ པའོ༑ ༑འཁོར་བའི་མཚོ་ལས་སྒྲོལ་བའི་དེད་དབོན་ནོ། །མཐོ་རིས་ཐར་པར་འཁྲིད་པའི་ས་མཁན་ནོ། །ཉོན་མོངས་གཅོང་ནད་གསོ་བའི་སྨན་པའོ། །སྡུག་བསྔལ་མེ་ཆེན་ཞི་བྱེད་ཆུ་རྒྱུན་ནོ། །མ་རིག་མུན་པ་སེལ་བའི་སྒྲོན་མེའོ། །ཐར་ལམ་གསལ་བར་སྟོན་པའི་ [049B] །འཁོར་བའི་བཙོན་རར་བཅིངས་པའི་འགྲོལ་བྱེད་དོ། །དམ་ཆོས་གྲུ་ཆར་འབེབས་པའི་ཆར་སྤྲིན་ནོ། །གནོད་སེལ་ཕན་པ་བསྒྲུབ་པའི་གཉེན་བཤེས་སོ། །རྟག་ཏུ་བྱམས་པས་སྐྱོང་བའི་ཕ་མའོ། །ཞེས་སོགས་བླ་མའི་བཀའ་དྲིན་དྲན་པའི་ཚིགས་བཅད་ ངག་ནས་ཀྱང་འདོན་དགོས་པར་གསུངས། འདི་ལྟ་བུའི་བཀའ་དྲིན་ནི་བྱང་ཆུབ་སྙིང་པོའི་མཐར་ཡང་གཞལ་བར་མི་ནུས་པས། བཀའ་དྲིན་དེ་གང་གིས་གསོས། གསོ་ཐབས་མེད་ཀྱང་ལུས་ངག་ཡིད་གསུམ་འདི་འབུལ་ལོ། །ལོངས་སྤྱོད་དགེ་རྩ་དང་བཅས་པ་ འདི་འབུལ་ལོ། །སྒྲུབ་པའི་མཆོད་པ་འདི་འབུལ་ལོ། །བྱང་ཆུབ་མ་ཐོབ་ཀྱི་བར་དུ་འབུལ་ལོ། །བྱང་ཆུབ་ཐོབ་ནས་ཀྱང་སྤྱི་གཙུག་རིགས་ཀྱི་བདག་པོར་འབྲལ་མེད་དུ་བསྟེན་ནོ། །སྙམ་དུ་བསམ་པར་བྱའོ། ༈ །བཞི་པ་སྦྱོར་བས་བསྟེན་ཚུལ་ལ། མདོ་སྡེ་རྒྱན་ལས་ བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང། །བསྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །ཞེས་གསུངས་པ་ལྟར་རྙེད་པ་ཟང་ཟིང་འབུལ་བ། བཀུར་སྟི་རིམ་གྲོ་བྱེད་པ། བཀའ་བཞིན་བསྒྲུབ་པ་སྟེ་གསུམ་ལས། བླ་མ་མཉེས་བའི་ཞབས་ཏོག་དང་པོ་རྙེད་པ་ ཟང་ཟིང་འབུལ་བ་ནི། བླ་མ་ལྔ་བཅུ་པ་ལས། རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང། །རང་སྲོག་གིས་རྟག་བསྟེན་བྱ་ན། །ལོངས་སྤྱོད་གཡོ་བས་སྨོས་ཅི་དགོས། །ཞེས་དང། དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་ཕུལ་བ་ཉིད་དུ་ འགྱུར། །དེ་ཕུལ་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཅེས་གསུངས་པ་ལྟར་འབྱོར་པ་ཡོད་ན་ཟང་ཟིང་གི་རྙེད་པ་གང་བཟང་བཟང་ནས་འབུལ་བ་འབྲོམ་གྱིས་ཇོ་བོར་འབུལ་མོ་ཆེ་མཛད་པ་དང། སྟོད་ལུངས་པས་སྤྱན་སྔ་ [050A]༄༅། །བར་འབུལ་མོ་ཆེ་མཛད་པའི་རྣམ་ཐར་ལྟར་མཆོད་པ་འབུལ་བ་སོགས་བྱེད་ལ། འབྱོར་བ་མེད་ན་སྒྲུབ་པའི་མཆོད་པ་འབུལ་དགོས། འོན་ཀྱང་ལྔ་བཅུ་པ་ལས། མི་ཟད་དེ་ཉིད་འདོད་པ་ཡིས། །ཅུང་ཟད་ཡིད་འོང་གང་དང་ གང༑ ༑ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་དབུལ། །ཞེས་དང། ལག་སོར་བའི་ཞལ་ནས་ཀྱང། བཟང་པོ་ཡོད་བཞིན་དུ་ངན་པ་འབུལ་ན་དམ་ཚིག་ཉམས་ཏེ་བླ་མ་དེ་ལ་དགྱེས་པའམ་ངན་པ་ལས་མེད་ན་ཉེས་པ་མེད། ཅེས་གསུངས་པ་ལྟར་ སློབ་མའི་ངོས་ནས་གང་རྙེད་རྙེད་བཟངས་ནས་འབུལ་བ་ཞིག་དང། བླ་མའི་ངོས་ནས་ཟང་ཟིང་ལ་ཅུང་ཟད་ཙམ་ཡང་མི་གཟིགས་པ་ཞིག་དགོས་ཏེ། ཤར་བས། སྒྲུབ་པས་མཉེས་ཀྱི་ཟང་ཟིང་ཅུང་ཟད་ཙམ་ལའང་མི་བལྟ་བ་ཞིག་ལ་བླ་མ་ཟེར་བ་ཡིན་ དེ་ལས་ལྡོག་པས་རྣམ་གྲོལ་བསྒྲུབ་པའི་བླ་མ་མི་འོང། ཞེས་དང། མར་པ་ལོ་ཙཱ་བས་ཀྱང། ཞབས་ཏོག་ཅན་གྱི་རྔོག་པ་དང། །ནོར་ཅི་ཡང་མེད་པའི་མཐུ་ཆེན་ལ། །གདམས་ངག་ལ་ཐང་ལྷོད་མ་བྱས་པས། །ཞེས་གསུངས་པ་ལྟར་རྔོག་ཆོས་རྡོར་གྱིས་ ར་མ་རྐང་ཆག་མ་ཡན་གྱི་ནོར་རྫས་ཡོད་དོ་ཅོག་ཕུལ། མིད་ལ་ལ་ནོར་རྫས་ཀྱི་ཞབས་ཏོག་འབུལ་རྒྱུ་མེད་ཀྱང་སྙན་བརྒྱུད་ཀྱི་གདམས་ངག་ཡོངས་རྫོགས་དེ་ལ་གནང་ཚུལ། བླ་མས་ཀྱང་སློབ་མ་རྒྱུ་ཅ་ལག་ཆེ་ཆུང་སོགས་ཀྱི་ངོར་ཅུང་ཟད་ཙམ་ཡང་ མི་བལྟ་བ་ཞིག་དགོས་པ་དཔེ་ཆའི་དགེ་རྒན་ལའང་འདྲ་བར་གསུངས། ཞབས་ཏོག་གཉིས་པ་བཀུར་སྟི་ཕྱག་གཡོག་བསྒྲུབ་པ་ནི། འབྲེམ་དང། བྱ་ཡུལ་བའི་རྣམ་ཐར་ལྟར་དགོས། ཁྲི་ཆེན་བསྟན་པ་རབ་རྒྱས་ཀྱིས་ཀྱང་ཡོངས་འཛིན་ངག་དབང་ཆོས་ [050B] གཞན་ཡང་ཨ་མེས་བྱང་ཆུབ་རིན་ཆེན་དང། རྗེ་མིད་ལ་སོགས་ཀྱང་བླ་མའི་ཞབས་ཏོག་ཚུལ་བཞིན་དུ་བསྒྲུབས་པས་ས་ལམ་མཐོན་པོར་གཤེགས་འདུག་ན། བདག་ གིས་ཀྱང་དེ་བཞིན་དུ་བྱེད་སྙམ་པ་དང། ལྷག་པར་ཞབས་ཏོག་གསུམ་པ་གཙོ་ཆེ་བ་ནི། འབྱོར་པ་ཡོད་མེད་ཇི་ལྟར་ཡང་བླ་མས་བསྟན་པའི་གདམས་དོན་ལ་བཀའ་བཞིན་སྒྲུབ་པ་སྙིང་པོར་བྱེད་པ་རྗེ་བཙུན་མིད་ལའི་རྣམ་ཐར་ལྟ་བུ་རྗེས་སུ་སྐྱོང་བར་བྱའོ་སྙམ་ དུ་བསམ་ཞིང། དངོས་སུ་ལག་ལེན་དུ་ཅི་ཁེལ་བྱའོ། །བླ་མ་དང་མཉམ་དུ་ཡོད་པ་ཚོས་བླ་མའི་རྣལ་འབྱོར་གྱི་དམིགས་པ་ལོགས་སུ་ཚོལ་མི་དགོས་པར་རང་གི་བླ་མ་དང་དཔེ་ཆའི་དགེ་རྒན་ལ་ཞབས་ཏོག་ཚུལ་བཞིན་བསྒྲུབ་ན་ཚོགས་རླབས་ཆེན་ཡང་དེ་ནས་ རྫོགས། སྒྲིབ་པ་རླབས་ཆེན་ཡང་དེ་ནས་བྱང། དགེ་རྒན་ལྟ་བུས་བརྡུང་རྫོག་སོགས་མཛད་པས་ནི་ཕྱི་མར་ངན་སོང་མྱོང་བའི་ལས་ངན་ཀྱང་དེས་དག་ནས་འགྲོ། བཤེས་གཉེན་སྦྱོར་བས་བསྟེན་ཚུལ་རྒྱས་པ་བླ་མ་ལྔ་བཅུ་པ་ལས་ཤེས་དགོས། བླ་མ་དེ་ཞལ་མ་ བཞུགས་པ་ལྟ་བུས་དེར་དངོས་སུ་མེད་ན་ཚོགས་ཞིང་ལ་མཆོད་པ་དང། ཁྲུས་འབུལ་བ་དང། རྒྱན་དང། དྲི། བྱུགས་པ་འབུལ་བ་རྣམས་བཀུར་སྟི་རིམ་གྲོ་བྱ་བའི་དོད་ལྟ་བུ་ཡིན། དེ་ལྟར་ཞབས་ཏོག་གསུམ་ལས་ཐ་མ་ནི་ཟང་ཟིང་གི་རྙེད་པ་འབུལ་བ་ འབྲིང་བཀུར་སྟི་ཕྱག་གཡོག་ཞུ་བ། རབ་བཀའ་བཞིན་བསྒྲུབ་པ་སྟེ། དེ་ཐམས་ཅད་ཀྱི་ནང་ནས་བླ་མ་མཉེས་པའི་ཐབས་མཆོག་ཏུ་གྱུར་པ་ནི། རྗེ་མིད་ལས། སྙིང་རུས་སྡུག་སྲན་གྱི་སྒྲུབ་པ་འདི། །ཕ་བླ་མ་མཉེས་པའི་ཞབས་ཏོག་ཡིན། །ཞེས་ [051A]༄༅། །དང། ཕ་བླ་མའི་དྲན་ལན་སྒྲུབ་པས་འཇལ། །ཞེས་དང། སྐྱེས་རབས་ལས། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །ཞེས་གསུངས་པ་ལྟར་བཀའ་བཞིན་སྒྲུབ་པ་སྙིང་པོར་བྱེད་པ་ ཉིད་ཡིན་ནོ། །ཐུན་མཆམས་སུ་ཇི་ལྟར་བྱ་བ་ལ། དབང་པོའི་སྒོ་བསྡོམ་པ་དང། ཟས་ལ་སྨན་ལྟ་བུར་འདུ་ཤེས་པ་འདུལ་བ་སོགས་ནས་བྱུང་བ་རྣམས་ལམ་རིམ་ཆེ་ཆུང་ནས་ཞིབ་པར་གསུངས་པ་བཞིན་ཟས་ཀྱི་ཚོད་རིག་པ། ནམ་གྱི་ཆ་སྟོད་སྨད་ ལ་མི་ཉལ་བར་དགེ་སྦྱོར་ལ་བརྩོན་ཅིང། ཉལ་བའི་ཚེ་ཇི་ལྟར་བྱ་བ། ཐུན་གྱིས་ཐུན་མཚམས་དང། ཐུན་མཚམས་ཀྱིས་ཐུན་ལ་བོགས་འདོན། ཐུན་དངོས་གཞིའི་སྐབས་ཇི་བཞིན་ཐུན་མཚམས་སུ་ཡང་ཉམས་ལེན་གང་བསྐྱང་རྒྱུའི་གསུང་རབ་ལ་ བལྟ་བ་དང་སྦྱང་བ་སོགས་བྱ་དགོས་ཞིང། དེ་ཡང་གཞོན་ནུ་ནོར་བཟང་གིས་བཤེས་གཉེན་བསྟེན་ཚུལ། རྟག་ཏུ་དུས་ཆོས་འཕགས་བསྟེན་ཚུལ། ནཱ་རོས་ཏཻ་ལོ། མར་བས་ནཱ་རོ། མིད་ལས་མ་ར་པ། འབྲོམ་གྱིས་སེ་བཙུན་དང་ཇོ་བོ་ བསྟན་ཚུལ། བསེས་འབྲོག་མི་བསྟེན་ཚུལ་སོགས་བཤེས་གཉེན་བསྟེན་ཚུལ་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་བལྟ་བར་བྱའོ། །དེ་ཙམ་དུ་མ་ཟད་ཐུན་དངོས་གཞིའི་སྐབས་སུ་གང་བསྐྱང་རྒྱུའི་དམིགས་རྣམ་དེ་ཐུན་ མཚམས་སུའང་ཡང་ཡང་ཡིད་ལ་བྱ་དགོས་ཏེ། ཉམས་མྱོང་འགའ་ཞིག་ཐུན་གྱི་སྐབས་མི་སྐྱེ་བར་ཐུན་མཚམས་སུ་སྐྱེ་བའང་མང་ངོ། །དེ་ལྟར་བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་ལ་གཉིས། དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཕྱིར་བསྐུལ་བ་དང་ [051B] །དང་པོ་ལ་གསུམ་ལས། དང་པོ་དལ་འབྱོར་ངོས་བཟུང་བ་གཅིག་པུ་བསམ་དགོས། དལ་བ་བརྒྱད་ནི་འགལ་རྐྱེན་བྲལ་བའི་ཆ་ནས་བཞག་འབྱོར་པ་བཅུ་ནི་མཐུན་རྐྱེན་ཚང་བའི་ཆ་ནས་བཞག་པ་ཡིན་གསུང་ངོ། །དེ་ལྟར་ འདི་ཕྱིའི་ལེགས་ཚོགས་མཐའ་དག་གང་ནས་འབྱུང་བའི་སྒོ་གཅིག་པུ་ལམ་གྱི་རྩབ་བཤེས་གཉེན་བསྟེན་ཚུལ་གྱི་ཟིན་བྲིས་འདི་ནི། བདག་ཅག་གི་རྣམ་འདྲེན་དམ་པ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་མཉམ་མེད་རྡོ་རྗེ་འཆང་ ཕ་བོང་ཁ་པ་བདེ་ཆེན་སྙིང་པོའི་ཞལ་སྔ་ནས་ཀྱིས། སྔ་དུས་ཀོང་པོ་འབྲུལ་ལ་བཀྲ་ཤིས་བདེ་ཆེན་དགོན་དུ་རྗེའི་ལམ་རིམ་འབྲིང་པོ་སོགས་ཀྱི་ཆོས་འཁོར་རྒྱ་ཆེར་མཛད་རིང་ལ། འབྲུ་ལ་མཁན་ཆེན་མཆོག་སྤྲུལ་ངག་དབང་ཐུབ་བསྟན་མཁས་གྲུབ་དང་ ཀོང་པོ་ཐེག་ཆེན་གླིང་སྤྲུལ་སྐུ་རིན་པོ་ཆེ་སོགས་ཀྱིས་གསོལ་བ་བཏབ་འབྲེལ་སྐལ་ལྡན་གྱི་ཚོག་པ་ཉུང་རཌ་ལ་ཟུར་ཆོས་སུ་བཤེས་གཉེན་བསྟེན་ཚུལ་སྐོར་གྱི་མྱོང་ཁྲིད་ཟབ་སྨིན་ཐོག་ཕྱིས་ཀྱི་རྟེན་འབྲེལ་ཡིན་གསུངས་ཏེ་དལ་འབྱོར་གྱི་ས་བཅད་དབུ་ཚུགས་ ཙམ་བཅས་ཚང་མས་རྒྱུགས་བཞེས་དང་འབྲེལ། །འདི་ལྟར་ཕལ་ཆེར་སྤོས་རྩོམ་གྱི་ཚུལ་དུ་མྱོང་ཐོག་འབའ་ཞིག་ནས་གདུལ་བྱའི་རྒྱུད་འཁུལ་ངེས་སུ་ལེགས་པར་སྩལ་བ་རྣམས་ཟིན་བྲིས་ཐར་ཐོར་འདེབས་མཁན་འགའ་ཞིག་བྱུང་འདུག་པ་ནས་གསུང་ཟིན་ བཅོས་མེད་རིགས་ཕྱོགས་གཅིག་བཏུས་པ་ལས་གླེགས་བུར་ཚར་གཉིས་ཙམ་ཕབ་ཀྱང། འདོད་བསྟུན་དགོས་དབང་སྣ་ཚོགས་ཀྱིས་དཔེ་ཆ་ཁག་གཞན་དུ་སོང་བ། གུས་སློབ་ཐ་ཤལ་བློ་བཟང་རྡོ་རྗེ་ནས་སླར་ཡང་སྔ་མའི་ཟིན་རྙིང་ལ་བཅོས་ལྷད་མེད་པར་གཏན་འབེབས་ཞིབ་ནན་ཞུས་ [052A]༄༅། །པའི་ཤོག་དྲིལ་ཉིད། རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲུལ། ཤར་ཕྱོགས་དྭགས་པོ་དགའ་ལྡན་བཤད་སྒྲུབ་རྣམ་པར་རྒྱལ་བའི་གླིང་དུ་བྱང་ཆུབ་ལམ་གྱི་རིམ་པའི་ཟབ་ཁྲིད་སྨིན་རྒྱས་སུ་སྩལ་བའི་སྐབས་རྗེ་བླ་མ་རྡོ་རྗེ་འཆང་ དེ་ཉིད་ཀྱི་ཞབས་དྲུང་དུ་སྤྱན་ཞུར་བསྟར་བར། འབྱིན་འཇུག་ཞུ་ཏིག་དང། དགྱེས་པའི་གསུང་གི་དབུགས་དབྱུང་ལེགས་པར་ཐོབ་པ་བཅས་ཡིད་ཆེས་པའི་གནས་སུ་བཟུང་བར་འོས་པ་ལགས་སོ། །འདིར་འབད་བདག་བློ་དཀར་བའི་དྲི་བཟང་རྡུལ། །ལྷག་ བསམ་དྲི་བཞོན་གྱིས་བསྐུལ་སྐྱེ་རྒུའི་ཚོགས། །ཁྱབ་བདག་བླ་མ་རྡོ་རྗེ་འཆང་ཆེན་དང། །ཐུགས་ཡིད་མྱུར་དུ་འདྲེས་པའི་མཆོག་ཐོབ་ཤོག་དད་དམ་མཚུངས་མེད་ཡབ་གཞིས་ལྷ་ཀླུ་དགའ་ཚལ་བ་ནས་ཡོན་སྦྱར་སྤར་བསྐྲུན་མཛད་པ་འགྲོ་དོན་རྒྱ་ཆེར་འཕེལ་